འཁྱགས་པ།(ཞར་བཀོད་གསུམ་ཡོད)


སྐར་ཚོགས་ཀྱི་མཐོང་ལམ་མིག་ཆུས་བསྒྲིབས་འདུག
ཟླ་བ་ཁེར་རྐྱང་དེ་འཁྱགས་ཡོད་ངེས།

མཚན་མོ་དེའི་དབུགས་རིང་དང་ངུ་ཤུམ།
སྨག་གི་སྒོ་ཟྭ་ལས་ཞུ་ཞིང་ཟགས།

ཁྱོད་ཀྱིས་བྲང་གཞུང་ནས་བཏོན་པའི།
དྲོད་མེད་པའི་སེམས་པ་འཁྱགས་པོ།
ཁོག་འདར་ཤོར་བའི་ཟླ་འོད་དང་འདྲ།

ཆུ་ཚོད་ཀྱི་ཐག་སྒྲ་རྣ་བས་བཏུས་ཏེ།
ཨ་ལོག་ཡང་ཡང་བརྒྱབ་མཐར་སྐྱ་མདའ་བསུས།

                                   2017/12/8

              གཙང་པོའི་མིག་ལོག

ཁུ་སིམ་མེར་གཙང་པོས་འདི་ལྟར་དྲན་ངེས།
ཆོས་བརྒྱད་ཀྱི་ལོ་ཐོ་མིག་ཆུས་བརླན་ཚུལ།

དྲན་གདུང་འདི་ཁྱོད་ཀྱི་བར་སྣང་དུ་གཡུགས།
འགུལ་མི་ཤེས་པའི་སེམས་པ་དེ་ཡང་ལྐུགས་པར་བྱས།

ལོ་ཟླ་ཧྲུལ་པོ་ཡང་ཁྱོད་ཀྱིས་གྱོན་དུས།
ནག་རོག་རོག་གི་འབྲོང་ཁྱུ་མདེའུས་འདེད་ཚུལ་དྲན།

གཙང་བོ། འདང་མ་ཡལ་བའི་བརྩེ་བ་ཁྱེར་མཁན་ཁྱོད།

                                 2017/12/29

             གནམ་སའི་བརྡ་འགྲེལ།

ཐྲག་ཐྲག་གི་རྨིག་སྒྲ་འཇགས་ཤུལ།
རི་ཀླུང་གི་རྣོ་མིག་ཉི་ཟླའི་སྒོ་དར་ལ་བཤེར།

ཁ་དོག་དང་ཁྲག་དམར་བསྐྱིལ་ས་དེར།
ངུ་ཤུམ་དང་དངངས་འདར་ཁོ་ནས།
འཁྱགས་སིབ་སིབ་ཀྱི་གནམ་སར་བརྡ་འགྲེལ་བརྒྱབ།

ཉམ་ང་ཁུར་བའི་བརྡ་ཆད་འགའ།
སྐྱ་རེངས་ཀྱི་འདུ་རུབ་བརྒྱབ་སར་ལྷགས།

ཐ་སྙད་ཀྱི་འཇམ་ཤ གཙང་པོའི་མིག་ལོག
བགྲེས་སོང་གི་སྨ་རར་བཏགས་ཏེ་བསེད།

ང་ཚོས།   ལོ་ཟླའམ།
ཉིན་མཚན་གྱི་དབྱེ་ཐིག་ཁྱེར་ཏེ།
རྩྭ་ཐང་གི་འོ་ཞོ་སེམས་ཀྱིས་བཏུང་དགོས།

ཁ་བ་དང་ལུག་ཁྱུ་འདྲེ་དུས།
ཕ་ཡུལ་གྱི་སྤྲིན་དཀར་དང་ཟླ་འོད།
སྨག་རུམ་གྱི་བཙན་རྫོང་དཀྱིལ་ནས་ནམ་མཁར་ཞོགས།

དུས་རབས། ཨ་ཁུ། སྲུ་མོ།
གནམ་སར་བརྡ་འགྲེལ་ཞིག་རྒྱོབ་རོགས་ཀྱེ།

                                 2017/12/3

              ཟླ་འོད་ཟགས་ཚུལ།

གངས་རིའི་དཔུང་ངར་ལས་ཟགས་པའི།
དངུལ་གྱི་གདུ་བུ་ཆ་གཅིག
ཟླ་འོད། ཟླ་འོད་ཅེས་སྨྲ་མི་ཕོད།

པོ་ཏ་ལའི་དངུལ་གྱི་ཕྲ་རྒྱན་འཐོར་འདྲའི།
ཀླུ་ཁང་གི་འཛུམ་ཀོང་བརྩེ་བས་བཏུངས།

ཡུན་རིང་ངལ་པའི་རྔུལ་ཆུ་མཐའ་དག
གསེར་ཏོག་གི་རྩེ་ན་བྱོ་འདྲའི།
ལྷའི་ཟླ་འོད། མའི་ཟླ་འོད།
ཡང་ཡང་ངུས་ཤིང་གྲིལ།

ཞག་སྡོད་མི་བྱེད་པའི་ཟླ་འོད།
སྐྱིད་ཆུའི་ངོ་གདོང་བཤེར་ཏེ་དལ་གྱིས་ཞོགས།

                                  2017/12/13


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྱགས་པ།(ཞར་བཀོད་གསུམ་ཡོད)

2018-01-05 གཙང་དྲག་ཆར། ཀློག་གྲངས། མཆན ཡོད།


སྐར་ཚོགས་ཀྱི་མཐོང་ལམ་མིག་ཆུས་བསྒྲིབས་འདུག
ཟླ་བ་ཁེར་རྐྱང་དེ་འཁྱགས་ཡོད་ངེས།

མཚན་མོ་དེའི་དབུགས་རིང་དང་ངུ་ཤུམ།
སྨག་གི་སྒོ་ཟྭ་ལས་ཞུ་ཞིང་ཟགས།

ཁྱོད་ཀྱིས་བྲང་གཞུང་ནས་བཏོན་པའི།
དྲོད་མེད་པའི་སེམས་པ་འཁྱགས་པོ།
ཁོག་འདར་ཤོར་བའི་ཟླ་འོད་དང་འདྲ།

ཆུ་ཚོད་ཀྱི་ཐག་སྒྲ་རྣ་བས་བཏུས་ཏེ།
ཨ་ལོག་ཡང་ཡང་བརྒྱབ་མཐར་སྐྱ་མདའ་བསུས།

                                   2017/12/8

              གཙང་པོའི་མིག་ལོག

ཁུ་སིམ་མེར་གཙང་པོས་འདི་ལྟར་དྲན་ངེས།
ཆོས་བརྒྱད་ཀྱི་ལོ་ཐོ་མིག་ཆུས་བརླན་ཚུལ།

དྲན་གདུང་འདི་ཁྱོད་ཀྱི་བར་སྣང་དུ་གཡུགས།
འགུལ་མི་ཤེས་པའི་སེམས་པ་དེ་ཡང་ལྐུགས་པར་བྱས།

ལོ་ཟླ་ཧྲུལ་པོ་ཡང་ཁྱོད་ཀྱིས་གྱོན་དུས།
ནག་རོག་རོག་གི་འབྲོང་ཁྱུ་མདེའུས་འདེད་ཚུལ་དྲན།

གཙང་བོ། འདང་མ་ཡལ་བའི་བརྩེ་བ་ཁྱེར་མཁན་ཁྱོད།

                                 2017/12/29

             གནམ་སའི་བརྡ་འགྲེལ།

ཐྲག་ཐྲག་གི་རྨིག་སྒྲ་འཇགས་ཤུལ།
རི་ཀླུང་གི་རྣོ་མིག་ཉི་ཟླའི་སྒོ་དར་ལ་བཤེར།

ཁ་དོག་དང་ཁྲག་དམར་བསྐྱིལ་ས་དེར།
ངུ་ཤུམ་དང་དངངས་འདར་ཁོ་ནས།
འཁྱགས་སིབ་སིབ་ཀྱི་གནམ་སར་བརྡ་འགྲེལ་བརྒྱབ།

ཉམ་ང་ཁུར་བའི་བརྡ་ཆད་འགའ།
སྐྱ་རེངས་ཀྱི་འདུ་རུབ་བརྒྱབ་སར་ལྷགས།

ཐ་སྙད་ཀྱི་འཇམ་ཤ གཙང་པོའི་མིག་ལོག
བགྲེས་སོང་གི་སྨ་རར་བཏགས་ཏེ་བསེད།

ང་ཚོས།   ལོ་ཟླའམ།
ཉིན་མཚན་གྱི་དབྱེ་ཐིག་ཁྱེར་ཏེ།
རྩྭ་ཐང་གི་འོ་ཞོ་སེམས་ཀྱིས་བཏུང་དགོས།

ཁ་བ་དང་ལུག་ཁྱུ་འདྲེ་དུས།
ཕ་ཡུལ་གྱི་སྤྲིན་དཀར་དང་ཟླ་འོད།
སྨག་རུམ་གྱི་བཙན་རྫོང་དཀྱིལ་ནས་ནམ་མཁར་ཞོགས།

དུས་རབས། ཨ་ཁུ། སྲུ་མོ།
གནམ་སར་བརྡ་འགྲེལ་ཞིག་རྒྱོབ་རོགས་ཀྱེ།

                                 2017/12/3

              ཟླ་འོད་ཟགས་ཚུལ།

གངས་རིའི་དཔུང་ངར་ལས་ཟགས་པའི།
དངུལ་གྱི་གདུ་བུ་ཆ་གཅིག
ཟླ་འོད། ཟླ་འོད་ཅེས་སྨྲ་མི་ཕོད།

པོ་ཏ་ལའི་དངུལ་གྱི་ཕྲ་རྒྱན་འཐོར་འདྲའི།
ཀླུ་ཁང་གི་འཛུམ་ཀོང་བརྩེ་བས་བཏུངས།

ཡུན་རིང་ངལ་པའི་རྔུལ་ཆུ་མཐའ་དག
གསེར་ཏོག་གི་རྩེ་ན་བྱོ་འདྲའི།
ལྷའི་ཟླ་འོད། མའི་ཟླ་འོད།
ཡང་ཡང་ངུས་ཤིང་གྲིལ།

ཞག་སྡོད་མི་བྱེད་པའི་ཟླ་འོད།
སྐྱིད་ཆུའི་ངོ་གདོང་བཤེར་ཏེ་དལ་གྱིས་ཞོགས།

                                  2017/12/13


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།