ང་ལ་མ་འོངས་པ་ཡོད།
ང་ཡི་འདས་པ་དང
ང་ཡི་ད་ལྟ་བ་ལགས
“ང་ལ་མ་འོངས་པ་ཡོད”
ང་ལ་སྙན་དེབ་ཅིག་ལྷག་ཡོད
དེ་ནི་གཡར་ཡོང་བ་ཡིན་པས
མྱུར་དུ་དཔེ་ཀློག་བྱེད་ཚར་དགོས
ང་ལ་ས་སྲོད་ཅིག་ལྷག་ཡོད
དེ་ནི་རྫོགས་ལ་ཉེ་བས
མཛེས་པ་དག་མཐོང་ཐུབ་དགོས
ང་ཡི་མཚན་མོ་དང
ང་ཡི་ཉིན་མོ་ལགས
ང་རང་འུག་པ་ཡིན་པས
མིག་གཉིས་ངལ་གྱིན་འདུག
2018/1/1
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།