རོལ་མྱོང་།

རྡེའུ་དཀར་ནག(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-01-12


རོལ་མྱོང་།
འདི་ནི་མིང་ཚིག་ཅིག
ཡང་ན་བྱ་ཚིག་ཅིག

གྱོན་ཆས།
གཟུགས་སྒྲིབ་སྐྱེངས་སྟབས་ཙམ་གྱི་ཆོ་འཕྲུལ་མིན།
མིག་མཛེས་ཡི་གར་འོང་བའི་གཡེར་བག་ཡིན།

བཟའ་ཆས།
གྲོད་པ་འགྲང་བ་ཙམ་གྱི་ཕྱི་ལུགས་མིན།
རོ་བཅུད་ཉམས་སུ་མྱོང་བའི་ཚོར་སྣང་ཡིན།

སྡོད་ཁང་།
ཆར་རླུང་འགོག་པ་ཙམ་གྱི་འཇིག་རྟེན་མིན།
སེམས་ཁམས་བདེ་བར་འགོད་པའི་བསྟི་གནས་ཡིན།

འཕེལ་རྒྱས།
དངོས་པོ་འདང་ལྷག་ཙམ་གྱི་འདོད་པ་མིན།
ཉམས་སྣང་ཕུན་སུམ་ཚོགས་པའི་གར་སྟེགས་ཡིན།

རོལ་མྱོང་།
གཞན་ལ་རེ་བ་བསྙེགས་པའི་བདེ་ལྡན་མིན།
རང་ལ་ཞིབ་བཤེར་བྱེད་པའི་བསམ་སྦྱོར་ཡིན།

རོལ་མྱོང་།
ཕྱི་རོལ་འཇིག་རྟེན་བསྲིངས་བའི་གནས་མལ་མིན།
ནང་སེམས་གཟིགས་སྐྱོང་བྱེད་པའི་བཞུད་ལམ་ཡིན།

རོལ་མྱོང་།
སྐྱོ་གར་དགུང་ལ་འདེགས་པའི་གདུང་དབྱངས་མིན།
སྤྲོ་སེམས་གླུ་རུ་འགུགས་པའི་ཕོ་ཉ་ཡིན།

མི་ཚེ།
འཕག་འཚག་ང་རོ་སྒྲོག་པའི་གདོང་མཆོང་མིན།
རང་དབང་ཐར་ལམ་བསྙེགས་པའི་མཁའ་དབྱིངས་ཡིན།

                         2018/01/09

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོལ་མྱོང་།

2018-01-12 རྡེའུ་དཀར་ནག(པེ་ཅིང) ཀློག་གྲངས། མཆན ཡོད།


རོལ་མྱོང་།
འདི་ནི་མིང་ཚིག་ཅིག
ཡང་ན་བྱ་ཚིག་ཅིག

གྱོན་ཆས།
གཟུགས་སྒྲིབ་སྐྱེངས་སྟབས་ཙམ་གྱི་ཆོ་འཕྲུལ་མིན།
མིག་མཛེས་ཡི་གར་འོང་བའི་གཡེར་བག་ཡིན།

བཟའ་ཆས།
གྲོད་པ་འགྲང་བ་ཙམ་གྱི་ཕྱི་ལུགས་མིན།
རོ་བཅུད་ཉམས་སུ་མྱོང་བའི་ཚོར་སྣང་ཡིན།

སྡོད་ཁང་།
ཆར་རླུང་འགོག་པ་ཙམ་གྱི་འཇིག་རྟེན་མིན།
སེམས་ཁམས་བདེ་བར་འགོད་པའི་བསྟི་གནས་ཡིན།

འཕེལ་རྒྱས།
དངོས་པོ་འདང་ལྷག་ཙམ་གྱི་འདོད་པ་མིན།
ཉམས་སྣང་ཕུན་སུམ་ཚོགས་པའི་གར་སྟེགས་ཡིན།

རོལ་མྱོང་།
གཞན་ལ་རེ་བ་བསྙེགས་པའི་བདེ་ལྡན་མིན།
རང་ལ་ཞིབ་བཤེར་བྱེད་པའི་བསམ་སྦྱོར་ཡིན།

རོལ་མྱོང་།
ཕྱི་རོལ་འཇིག་རྟེན་བསྲིངས་བའི་གནས་མལ་མིན།
ནང་སེམས་གཟིགས་སྐྱོང་བྱེད་པའི་བཞུད་ལམ་ཡིན།

རོལ་མྱོང་།
སྐྱོ་གར་དགུང་ལ་འདེགས་པའི་གདུང་དབྱངས་མིན།
སྤྲོ་སེམས་གླུ་རུ་འགུགས་པའི་ཕོ་ཉ་ཡིན།

མི་ཚེ།
འཕག་འཚག་ང་རོ་སྒྲོག་པའི་གདོང་མཆོང་མིན།
རང་དབང་ཐར་ལམ་བསྙེགས་པའི་མཁའ་དབྱིངས་ཡིན།

                         2018/01/09

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།