ཤིན་ཏུ་འཁྱག་པའི་ཟླ་དགུ་པ།

ཐེད་པོ།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-01-17

སླར་ཡང་དམིགས་ཡུལ་མེད་པར་འགྲོ་བཞིན་འདུག
འཇིག་རྟེན་དཀར་ངོགས་ཀྱི་ཁ་བའི་ཁྲོད་དུ
ཤིན་ཏུ་འཁྱག་པའི་ཟླ་དགུ་བ་ཨང
ཡོམ་ཡོམ་གཡོ་བའི་ལྷིང་འཇགས་ཤིག་རེད
ཁྱོད་ཀྱི་གྲིབ་མ་རྨི་ལམ་ནང་དུ་ཁུ་སིམ་པའི་འཁྱག་རི་ཞིག་རེད
འཚོ་ཐབས་བྲལ་བའི་རྟ་ཕོ་དེས་ད་དུང
རང་གི་གྲིབ་མའི་གཙང་བོ་དེའང་བརྒལ་ཐུབ་མེད
བགྲེས་པོ་དག་གི་མི་ཚེ་ཧྲིལ་བོ་ཁྲིད་མྱོང་བའི་ལོ་རྒྱུས་དེ
ཁ་བ་བསྟུད་མར་འབབ་སྟེ་མནན་འདུག
ཡར་དུང་གི་གཞས་ཤིག་ངའི་ཁ་པར་རལ་བའི་ནང་དུ་གཅིག་པུ་ལུས

ཅི་ཡང་མ་དྲན་པའི་སྔོན་དུ་ཁྱོད་རང་རྒྱང་དུ་བུད་སོང་བ་རེད་ཟེར
བདག་གི་རྨི་ལམ་ནང་དུ
ཕྱིར་འོང་མེད་པའི་མི་ཞིག་སླར་ཡང་དྲན
ཉིན་མཐའ་མའི་རྗེས་སུ་ཁྱོད་རང་སུ་དང་གང་གི་ཕྱོགས་སུ་འགྲོ
འཕྲིན་ཡིག་ལ་ལན་མེད་པའི་དབང་གིས
ཤིན་ཏུ་འཁྱག་པའི་ཟླ་དགུ་བ་ནི
ཁྱོད་རང་འགྲོ་སའི་ལམ་བུ་དེ་ཡིན་ནམ་སྙམ
སྟོན་ཁ་སླེབས་རྗེས་ཀྱི་གཙང་བོ་དེ་ལ་གྲག་འགུལ་ཅི་ཡང་མི་འདུག

ཁྱོད་ཀྱི་མིག་ཟུང་ལ་ནམ་ཡང་མདུན་གྱི་རི་བོ་དེས་གཡོ་བར་བྱེད
ཐག་ཇེ་རིང་ནས་ཇེ་རིང་དུ་སོང་བ་ལྟར
སྔར་བཞིན་འཁྱག་སིབ་སིབ་ཀྱི་དུས་དེར
བགྲང་བྱ་དུ་མའི་རྗེས་ཀྱི་མི་དེ་སླེབ་ཐུབ་བམ
ང་ཡི་གྱང་འགྲམ་དུ་སླེས་པའི་དངོས་པོ་དེ་དགོས་མཁོ་ཅི་ཡང་མི་འདུག
ཉེ་ལམ་འཕྲད་པའི་མི་དེ་སྔར་ནས་བརྗེད་ཟིན་པས
ང་རང་གཅིག་པུ་ལུང་སྟོང་ཞིག་ནས་ནར་སོན་པ་དང་མཚུངས
ཁྱོད་ཀྱི་ཕྱོགས་སུ་བཏང་བའི་མི་དེ་སླར་ཡང་ས་ལ་འགྱེལ
གློ་བུར་དུ་མི་ཞིག་དྲན་པའི་དབང་གིས
ཁྱོད་རང་མཐོང་བའི་མིག་ཟུང་དེ་སྨྲ་མི་འོས་པའི་མི་ཞིག་ཏུ་གྱུར

དེ་རིང་གི་འཁྱག་པ་ནི་ཁྱོད་རང་གཅིག་པུ་ཡིན་ནམ
ཉིན་མཚན་བསྟུད་མར་འབབ་པའི་གཙང་ཆུ་དེས
ངའི་སྐྱི་ལྤགས་སྟེང་དུ་ལུས་པའི
ཁྱོད་ཀྱི་ངོ་གདོང་གི་ལྷུམས་སུ་ཞུགས་པའི་ཁ་དོག་གོར་གོར་དེ
སླར་ཡང་དྲན་དུ་བཅུག
ཤིན་ཏུ་འཁྱག་པའི་ཟླ་དགུ་བ་ནི
མེ་ལོང་ཞིག་གི་ངོས་སུ་ང་རང་གཅིག་པུར་གྱུར

             2016.8.31 གསེར་ཐང་ནས་བྲིས།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤིན་ཏུ་འཁྱག་པའི་ཟླ་དགུ་པ།

2018-01-17 ཐེད་པོ།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།