ལོ་རྒྱུས་ན་རེ།(ཞར་བཀོད་གཅིག་ཡོད)

 

            ___« ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་»ལ་ཉན་རྗེས།
                   

སྲིད་ཀྱི་ཆག་འཇིག
མེ་ལོང་གི་མངལ་དུ་སྦྲུམ

ཁྲོ་བ་དང་ཞེ་འདང་གིས་བཙིར་བའི
ཚིག་གི་ལོ་མ་ས་ལ་ལྷུང
རླུང་གིས་ཡོར་ཡོར་སྒུལ་བའི་སྐྲ་ལོ
པོ་ཏ་ལའི་ལྟག་རྒྱབ་ནས་ལུས

གཟན་གོས་དང་ལས་འབྲེལ་མེད་པའི
སྣང་བའི་བུ་མོ་ལྷ་སའི་ཁྲོམ་ལ་ཤོར
ཚངས་མགུར་གྱི་དབྱངས་ལ་འདྲེས་པའི་ཨ་རག
ཞེ་འཁོན་གྱི་ཟངས་ཁོལ
གྲོགས་པོར་བྲལ་བའི་སྐྱོ་བ
དངོས་ཡོད་དང་མཐུན་ཐབས་མེད

ཉེན་ཁར་འཐབ་མོ་སྤྲོད་པའི
བགྲེས་པོ་དེའི་འདོད་པ་ཤིན་ཏུ་མཚར་ཡང
གཞོན་པའི་ཧོལ་རྒྱུགས་སྐྱིད་ཆུ་འདྲ

            སྣང་བ་རྒྱ་ཡན་པ།

                     —ཚངས་དབྱངས་རྒྱ་མཚོར་ཕུལ་བ།

འདོད་པའི་རི་མོ་བསུབས
སྣང་བ་གཞན་དང་འགལ
བཙན་དང་བསླུ་བའི་བར་ན
འཚོ་བར་ཨ་ཐང་ཆད

ཆང་དང་གར་ལ་གཡེང
ཁྲོམ་ཆེན་དོགས་པས་མནར
ཁྲོ་ཚིག་གི་རོལ་ཆ་དཀྲོལ
ཞེ་རྩར་གཙེར་བའི་སུན་པོའི་བརྡ
ཁྲུང་ཁྲུང་གི་གཤོག་སྣེར་མདུད

ལྷ་ས་དང་ནི་མོན་ཡུལ་སོགས
རྨི་ལམ་བཞིན་དུ་མི་རྟག་པ
སེམས་ཀྱི་ཁྲག་རྩར་འབྱར་བའི
ན་ཟུག་གི་ཀུ་ཅོ་ཁང་སྟོང་ལས་ཤོར
འཕྲུལ་སྣང་གི་ཇོ་བོ
ད་ལྟ་ད་དུང་ཡང་ཁྱེད་ལ་འཁྲེང

མགུར་གླུ་ཚན་པ་རེ་རེ
ཡིད་ངོར་རི་མོར་ཕབ
རི་མོ་ཁྱེར་ནས་བྲོས་མ་སོང་བའི
ཁྱེད་རང་ས་ཕྱོགས་གང་ལ་སོང


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་རྒྱུས་ན་རེ།(ཞར་བཀོད་གཅིག་ཡོད)

2018-01-22 རྡོ།(རྨ་ཆུ) ཀློག་གྲངས། མཆན ཡོད།

 

            ___« ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་»ལ་ཉན་རྗེས།
                   

སྲིད་ཀྱི་ཆག་འཇིག
མེ་ལོང་གི་མངལ་དུ་སྦྲུམ

ཁྲོ་བ་དང་ཞེ་འདང་གིས་བཙིར་བའི
ཚིག་གི་ལོ་མ་ས་ལ་ལྷུང
རླུང་གིས་ཡོར་ཡོར་སྒུལ་བའི་སྐྲ་ལོ
པོ་ཏ་ལའི་ལྟག་རྒྱབ་ནས་ལུས

གཟན་གོས་དང་ལས་འབྲེལ་མེད་པའི
སྣང་བའི་བུ་མོ་ལྷ་སའི་ཁྲོམ་ལ་ཤོར
ཚངས་མགུར་གྱི་དབྱངས་ལ་འདྲེས་པའི་ཨ་རག
ཞེ་འཁོན་གྱི་ཟངས་ཁོལ
གྲོགས་པོར་བྲལ་བའི་སྐྱོ་བ
དངོས་ཡོད་དང་མཐུན་ཐབས་མེད

ཉེན་ཁར་འཐབ་མོ་སྤྲོད་པའི
བགྲེས་པོ་དེའི་འདོད་པ་ཤིན་ཏུ་མཚར་ཡང
གཞོན་པའི་ཧོལ་རྒྱུགས་སྐྱིད་ཆུ་འདྲ

            སྣང་བ་རྒྱ་ཡན་པ།

                     —ཚངས་དབྱངས་རྒྱ་མཚོར་ཕུལ་བ།

འདོད་པའི་རི་མོ་བསུབས
སྣང་བ་གཞན་དང་འགལ
བཙན་དང་བསླུ་བའི་བར་ན
འཚོ་བར་ཨ་ཐང་ཆད

ཆང་དང་གར་ལ་གཡེང
ཁྲོམ་ཆེན་དོགས་པས་མནར
ཁྲོ་ཚིག་གི་རོལ་ཆ་དཀྲོལ
ཞེ་རྩར་གཙེར་བའི་སུན་པོའི་བརྡ
ཁྲུང་ཁྲུང་གི་གཤོག་སྣེར་མདུད

ལྷ་ས་དང་ནི་མོན་ཡུལ་སོགས
རྨི་ལམ་བཞིན་དུ་མི་རྟག་པ
སེམས་ཀྱི་ཁྲག་རྩར་འབྱར་བའི
ན་ཟུག་གི་ཀུ་ཅོ་ཁང་སྟོང་ལས་ཤོར
འཕྲུལ་སྣང་གི་ཇོ་བོ
ད་ལྟ་ད་དུང་ཡང་ཁྱེད་ལ་འཁྲེང

མགུར་གླུ་ཚན་པ་རེ་རེ
ཡིད་ངོར་རི་མོར་ཕབ
རི་མོ་ཁྱེར་ནས་བྲོས་མ་སོང་བའི
ཁྱེད་རང་ས་ཕྱོགས་གང་ལ་སོང


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།