ནད་པ།(ཞར་བཀོད་བཞི་ཡོད)

054750B4-EC48-4B50-846E-72C59A6FA624-605-0000004264611F8A_tmp.JPG

སེམས་ཤིན་ཏུ་འཁྱག
ཟད་བཞིན་པའི་མར་མེ་དེ
རླུང་ཐོན་པར་ཧ་ཅང་འཛེམ

མཚན་གུང་དེར
དབུགས་རྒྱུ་ཆད་ལ་ཉེ་བའི་དུས
སེམས་པ་འདི་རྒྱུ་འབྲས་ལ་བཅར་ཏེ
གཞས་གཏོང་འདོད་པ་དེ
ཁ་དོག་དཀར་པོ་ཁོ་ན་རེད

ཕ་ཡུལ་གྱི་ནམ་མཁའ་དང་རྩྭ་ཐང་བརྗེད་དེ
ནད་ཁང་གི་ཁ་དོག་ལ་སེམས་པ་བརླན

                          2017/4/20

                    འཆི་བ་དང་རང་དབང་གི་སྟེགས་བུ།

སྐྱེ་བ་ཡོད་ཚད
མི་རྟག་པའི་བུམ་པའི་ནང་ནས་འཆི་བ་ཡིན་ལ

མཚན་མོ་མང་པོར
ངག་ལ་བཙའ་ཆགས་ནས
མི་བུ་དག་གིས་ངག་མི་འཁྲོལ་བར་ལུས

རྩྭ་སྐྱ་ཞིག་གི་བུ་ག་དང་མཉམ་པའི
གུ་དོག་གི་འཇིག་རྟེན་འདི་ནས
རང་དབང་གི་སྟེགས་བུ་ཞིག་བཟོ་དཀའ་མོད

འཆི་བ་སླེབས་ཚེ
བར་སྣང་སྟོང་བ་འདི་ནས
ལྷ་ཚོགས་ཀྱི་ངོ་གདོང་ལ་བལྟས་མཐར
རང་དབང་གི་གནས་མལ་ཞིག་བཞག་འདུག་མོད
འོན་ཏང་།  སྟེགས་བུ་དེ་རྙིང་རུལ་དུ་འགྱུར་བར་ཉེ་འདུག  
                                
                            2017/12/17

                        སྣང་བ་རང་ཡན་མ།                        
 

དལ་བུར་རྒས་བཞིན་པའི་ལྗོན་པའི་འོག་ནས
ང་ཡིས་མིག་ཟུང་འབྱེད་བཙུམ་ཙམ་གྱིས
ཐག་རིང་གི་རྒྱ་མཚོ་དང་རི་ཚོགས
སྙིང་ཉེ་བའི་རི་དྭགས་ཕོ་མོ་དག
སྐད་ཅིག་ལ་བརྗེད་པར་བྱས

སྨིན་མའི་འོག་ཏུ་བསྡུས་པའི་མིག་ཟུང་དེས
ཞེན་ཆགས་ཀྱི་དངོས་པོ་མང་མང་ཞིག་ཉེ་སར་འདྲུད་ཡོང

ཚེ་རབས་ཀྱི་ངལ་བ་དང་སྡིག་སྒྲིབ་མཐའ་དག་བསྲེགས་རྗེས
ཞིང་ཁར་གཏོར་བའི་ཐ་སྙད་དེ་དག་གིས
སྐྱོ་གདུང་གི་གཤོག་འོག་ཏུ་སྦྲུམ་པའི་ངའི་ཚེ་སྲོག་གི་སྙེ་མ
མུ་མཐའ་མེད་པའི་ནམ་མཁའི་མཐའ་རུ་བརྐྱངས་ཡོད

                           2018/1/31           

                     འཇིག་རྟེན།

ཁྱོད་ཀྱི་ཕྱི་ནང་གང་རུང་དུ་འབྱར་ནས
བདེ་བ་དང་རྨི་ལམ་བཙལ
ཁྱོད་ཀྱི་ཕྱི་ནང་གང་རུང་དུ་འཛུལ་ནས
སྡུག་བསྔལ་བའི་འཆི་བ་བསྒུག

མི་རྟག་པའི་འཇིག་རྟེན་འདིར
མི་རྟག་པའི་དངོས་པོ་མང་མང་ཞིག་བླུགས

སྣང་བ་ཞིག་ལ་འཇིག་རྟེན་སྟེང་ནས
ལན་བུའི་སྟེང་གི་རྡུལ་ཕྲན་དེ་དག་ནི
ཕོ་རོག་དག་གི་ངོ་གདོང་ལྡག་བཞིན
ནག་མོ་དང་མཉམ་དུ་མཁའ་རུ་འཕུར

            2018/1/18

                     དགུན་ཁ་ཁྱོད་ནི་ལག་དམར་ཞིག་རེད།

ནམ་མཁའ་ལྟར་མཐའ་མེད་པའི་རྩྭ་ཐང་དེར
མེ་ཏོག་བྱེ་བ་ཁྲག་ཁྲིག་ཙག་གིས་བསྡམས

དགུན་ཁ   ཁྲུང་ཁྲུང་དཀར་པོ་འཕུར་སོང
དྲན་གདུང་དང་ངལ་བ་ཡོད་ཚད་བསྐྱུར་ནས
ལྷོ་ཕྱོགས་སུ་ཉི་མར་ལྡེ་འདོད་ཀྱིས་འཕུར་སོང
འདབ་ཆགས་ཀྱི་གཤོག་འགྱུར་མཉེན་མོ་དེའང་མེད

སྤྲིན་པའི་རྨི་ལམ་འཁྲིགས་ནས་ཉི་མ་སྒྲིབ་བྱུང
འཁྱག་སྒམ་ནང་གི་མི་བུ་དག་ཨམ་གཙིགས་བསྡམས་ཏེ་ཡོད
དགུན་ཁ་མེ་ལོང་དུ་ལྟ་ཐེངས་རེ་རེར    ད་གཟོད
ངས་གདོས་བཅས་ཀྱི་ཕུང་བོ་འདི་གྲང་ངར་གྱིས་གཙེས་པ་ཚོར་བྱུང

དགུན་ཁ  ཁྱོད་ཀྱི་ལག་མཐིལ་ནས
ང་ཚོས   མིག་གི་མི་མཐོང་ལ
སེམས་ཀྱིས་མི་ཤོད་པའི་གྲང་ངར་རོལ་དགོས་དོན
ཅིའི་ཕྱིར་རེད    ཁྱོས་ཤོད

འཁྱག་སྒམ་ནང་ངོས་ལྟ་བུའི་ཡོད་ཚད
ཙག་གིས་བསྡམས་པའི་དགུན་ཁ་འདིར
ངས་མ་མྱངས་པའི་ཚོར་བ་གསོན་པོ་ཅི་ཡང་མེད་པས
ཁྱོད་ཀྱིས་སེམས་ནང་དུ་སྐོར་ནས་ཡིད་སེམས་གསོ་བའི་མེ་ཞིག་སྦར་རོགས་ཞུ

                    2017/12/23


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནད་པ།(ཞར་བཀོད་བཞི་ཡོད)

2018-03-20 ཐ་སྐར།(མགོ་ལོག) ཀློག་གྲངས། མཆན ཡོད།

054750B4-EC48-4B50-846E-72C59A6FA624-605-0000004264611F8A_tmp.JPG

སེམས་ཤིན་ཏུ་འཁྱག
ཟད་བཞིན་པའི་མར་མེ་དེ
རླུང་ཐོན་པར་ཧ་ཅང་འཛེམ

མཚན་གུང་དེར
དབུགས་རྒྱུ་ཆད་ལ་ཉེ་བའི་དུས
སེམས་པ་འདི་རྒྱུ་འབྲས་ལ་བཅར་ཏེ
གཞས་གཏོང་འདོད་པ་དེ
ཁ་དོག་དཀར་པོ་ཁོ་ན་རེད

ཕ་ཡུལ་གྱི་ནམ་མཁའ་དང་རྩྭ་ཐང་བརྗེད་དེ
ནད་ཁང་གི་ཁ་དོག་ལ་སེམས་པ་བརླན

                          2017/4/20

                    འཆི་བ་དང་རང་དབང་གི་སྟེགས་བུ།

སྐྱེ་བ་ཡོད་ཚད
མི་རྟག་པའི་བུམ་པའི་ནང་ནས་འཆི་བ་ཡིན་ལ

མཚན་མོ་མང་པོར
ངག་ལ་བཙའ་ཆགས་ནས
མི་བུ་དག་གིས་ངག་མི་འཁྲོལ་བར་ལུས

རྩྭ་སྐྱ་ཞིག་གི་བུ་ག་དང་མཉམ་པའི
གུ་དོག་གི་འཇིག་རྟེན་འདི་ནས
རང་དབང་གི་སྟེགས་བུ་ཞིག་བཟོ་དཀའ་མོད

འཆི་བ་སླེབས་ཚེ
བར་སྣང་སྟོང་བ་འདི་ནས
ལྷ་ཚོགས་ཀྱི་ངོ་གདོང་ལ་བལྟས་མཐར
རང་དབང་གི་གནས་མལ་ཞིག་བཞག་འདུག་མོད
འོན་ཏང་།  སྟེགས་བུ་དེ་རྙིང་རུལ་དུ་འགྱུར་བར་ཉེ་འདུག  
                                
                            2017/12/17

                        སྣང་བ་རང་ཡན་མ།                        
 

དལ་བུར་རྒས་བཞིན་པའི་ལྗོན་པའི་འོག་ནས
ང་ཡིས་མིག་ཟུང་འབྱེད་བཙུམ་ཙམ་གྱིས
ཐག་རིང་གི་རྒྱ་མཚོ་དང་རི་ཚོགས
སྙིང་ཉེ་བའི་རི་དྭགས་ཕོ་མོ་དག
སྐད་ཅིག་ལ་བརྗེད་པར་བྱས

སྨིན་མའི་འོག་ཏུ་བསྡུས་པའི་མིག་ཟུང་དེས
ཞེན་ཆགས་ཀྱི་དངོས་པོ་མང་མང་ཞིག་ཉེ་སར་འདྲུད་ཡོང

ཚེ་རབས་ཀྱི་ངལ་བ་དང་སྡིག་སྒྲིབ་མཐའ་དག་བསྲེགས་རྗེས
ཞིང་ཁར་གཏོར་བའི་ཐ་སྙད་དེ་དག་གིས
སྐྱོ་གདུང་གི་གཤོག་འོག་ཏུ་སྦྲུམ་པའི་ངའི་ཚེ་སྲོག་གི་སྙེ་མ
མུ་མཐའ་མེད་པའི་ནམ་མཁའི་མཐའ་རུ་བརྐྱངས་ཡོད

                           2018/1/31           

                     འཇིག་རྟེན།

ཁྱོད་ཀྱི་ཕྱི་ནང་གང་རུང་དུ་འབྱར་ནས
བདེ་བ་དང་རྨི་ལམ་བཙལ
ཁྱོད་ཀྱི་ཕྱི་ནང་གང་རུང་དུ་འཛུལ་ནས
སྡུག་བསྔལ་བའི་འཆི་བ་བསྒུག

མི་རྟག་པའི་འཇིག་རྟེན་འདིར
མི་རྟག་པའི་དངོས་པོ་མང་མང་ཞིག་བླུགས

སྣང་བ་ཞིག་ལ་འཇིག་རྟེན་སྟེང་ནས
ལན་བུའི་སྟེང་གི་རྡུལ་ཕྲན་དེ་དག་ནི
ཕོ་རོག་དག་གི་ངོ་གདོང་ལྡག་བཞིན
ནག་མོ་དང་མཉམ་དུ་མཁའ་རུ་འཕུར

            2018/1/18

                     དགུན་ཁ་ཁྱོད་ནི་ལག་དམར་ཞིག་རེད།

ནམ་མཁའ་ལྟར་མཐའ་མེད་པའི་རྩྭ་ཐང་དེར
མེ་ཏོག་བྱེ་བ་ཁྲག་ཁྲིག་ཙག་གིས་བསྡམས

དགུན་ཁ   ཁྲུང་ཁྲུང་དཀར་པོ་འཕུར་སོང
དྲན་གདུང་དང་ངལ་བ་ཡོད་ཚད་བསྐྱུར་ནས
ལྷོ་ཕྱོགས་སུ་ཉི་མར་ལྡེ་འདོད་ཀྱིས་འཕུར་སོང
འདབ་ཆགས་ཀྱི་གཤོག་འགྱུར་མཉེན་མོ་དེའང་མེད

སྤྲིན་པའི་རྨི་ལམ་འཁྲིགས་ནས་ཉི་མ་སྒྲིབ་བྱུང
འཁྱག་སྒམ་ནང་གི་མི་བུ་དག་ཨམ་གཙིགས་བསྡམས་ཏེ་ཡོད
དགུན་ཁ་མེ་ལོང་དུ་ལྟ་ཐེངས་རེ་རེར    ད་གཟོད
ངས་གདོས་བཅས་ཀྱི་ཕུང་བོ་འདི་གྲང་ངར་གྱིས་གཙེས་པ་ཚོར་བྱུང

དགུན་ཁ  ཁྱོད་ཀྱི་ལག་མཐིལ་ནས
ང་ཚོས   མིག་གི་མི་མཐོང་ལ
སེམས་ཀྱིས་མི་ཤོད་པའི་གྲང་ངར་རོལ་དགོས་དོན
ཅིའི་ཕྱིར་རེད    ཁྱོས་ཤོད

འཁྱག་སྒམ་ནང་ངོས་ལྟ་བུའི་ཡོད་ཚད
ཙག་གིས་བསྡམས་པའི་དགུན་ཁ་འདིར
ངས་མ་མྱངས་པའི་ཚོར་བ་གསོན་པོ་ཅི་ཡང་མེད་པས
ཁྱོད་ཀྱིས་སེམས་ནང་དུ་སྐོར་ནས་ཡིད་སེམས་གསོ་བའི་མེ་ཞིག་སྦར་རོགས་ཞུ

                    2017/12/23


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།