གྲོགས་པོ།

ང་ཡི་ཡིད་ཀྱི་གཏིང་དུ་མེ་ཏོག་གི་འདབ་མ་བཞད་བྱུང་
དུས་ཚིགས་གང་ཞིག་གི་མཚམས་སུ་འང་འདི་ལྟར་བཞད་བྱུང་
དཀའ་སྡུག་གི་སྐྲ་ལོའི་གསེབ་ཏུ་ཉི་འོད་དང་ཆར་བ་ཕབ་བྱུང་
ངལ་དུབ་ཀྱི་རྨི་ལམ་ནང་དུ་སེང་གེ་དང་གངས་རི་བྲིས་བྱུང་
ཞེ་འདང་གི་ལྗོན་རྩེ་རེ་རེར་རྣམ་ཤེས་ཀྱི་ཡལ་ག་གྲངས་མེད་ཅིག་འབུས་བྱུང་
མི་ཚེའི་ལམ་ཕྲན་གྱི་སྟེང་དུ་སྙིང་ཉེ་བའི་ལང་ཚོ་ཡི་འདབ་མ་གཏོར་བྱུང་
ཁེར་རྐྱང་གི་རྡོག་ལམ་ངོས་སུ་ལྷིང་འཇགས་ཀྱི་མདུད་པ་དཀྲིས་བྱུང་
ནམ་ཞིག་ང་ཚོར་འཆི་བའི་གྱེས་བརྡ་གཏོང་སྲིད་
ཅི་འང་མེད་པར་ཉི་ནུབ་ཀྱི་གམ་དུ་འགྲོ་ངེས་
ཡིད་མི་ཚིམས་པའི་འཇིག་རྟེན་འདི་དང་གཏན་དུ་བྲལ་སྲིད་
སྐབས་དེར་སྲང་ལམ་དུ་བཞད་པའི་ངོ་གདོང་དག་ཏུ་
བརྩེ་འདང་གི་གཙང་པོ་བྲུག་ངེས་
མཛེས་སྡུག་གི་དུས་ཚོད་ནང་དུ་ཞི་འཇགས་ཀྱི་རླུང་བུ་ལྡིང་སྲིད་
སྐྱེ་བ་ག་ཤེད་ཅིག་གི་ཁྲོད་དུ་མཐའ་ཡས་པའི་རྩྭ་ཐང་དུ་
རང་རང་གི་མི་ཚེའི་དམ་ཚིག་བྲི་ཆོག་
སྙིང་ཉེ་བའི་གྲོགས་པོ་ལགས།

                                   2018. 2. 14


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་པོ།

2018-04-03 ལྷ་གསར་བ། ཀློག་གྲངས། མཆན ཡོད།

ང་ཡི་ཡིད་ཀྱི་གཏིང་དུ་མེ་ཏོག་གི་འདབ་མ་བཞད་བྱུང་
དུས་ཚིགས་གང་ཞིག་གི་མཚམས་སུ་འང་འདི་ལྟར་བཞད་བྱུང་
དཀའ་སྡུག་གི་སྐྲ་ལོའི་གསེབ་ཏུ་ཉི་འོད་དང་ཆར་བ་ཕབ་བྱུང་
ངལ་དུབ་ཀྱི་རྨི་ལམ་ནང་དུ་སེང་གེ་དང་གངས་རི་བྲིས་བྱུང་
ཞེ་འདང་གི་ལྗོན་རྩེ་རེ་རེར་རྣམ་ཤེས་ཀྱི་ཡལ་ག་གྲངས་མེད་ཅིག་འབུས་བྱུང་
མི་ཚེའི་ལམ་ཕྲན་གྱི་སྟེང་དུ་སྙིང་ཉེ་བའི་ལང་ཚོ་ཡི་འདབ་མ་གཏོར་བྱུང་
ཁེར་རྐྱང་གི་རྡོག་ལམ་ངོས་སུ་ལྷིང་འཇགས་ཀྱི་མདུད་པ་དཀྲིས་བྱུང་
ནམ་ཞིག་ང་ཚོར་འཆི་བའི་གྱེས་བརྡ་གཏོང་སྲིད་
ཅི་འང་མེད་པར་ཉི་ནུབ་ཀྱི་གམ་དུ་འགྲོ་ངེས་
ཡིད་མི་ཚིམས་པའི་འཇིག་རྟེན་འདི་དང་གཏན་དུ་བྲལ་སྲིད་
སྐབས་དེར་སྲང་ལམ་དུ་བཞད་པའི་ངོ་གདོང་དག་ཏུ་
བརྩེ་འདང་གི་གཙང་པོ་བྲུག་ངེས་
མཛེས་སྡུག་གི་དུས་ཚོད་ནང་དུ་ཞི་འཇགས་ཀྱི་རླུང་བུ་ལྡིང་སྲིད་
སྐྱེ་བ་ག་ཤེད་ཅིག་གི་ཁྲོད་དུ་མཐའ་ཡས་པའི་རྩྭ་ཐང་དུ་
རང་རང་གི་མི་ཚེའི་དམ་ཚིག་བྲི་ཆོག་
སྙིང་ཉེ་བའི་གྲོགས་པོ་ལགས།

                                   2018. 2. 14


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།