འབྲོག་བུ་དཀོམ་བཀྲའི་སྙན་ངག་གསར་པ། བྱིས་པ་ཡིན་དུས།
བྱིས་པ་ཡིན་དུས།
རི་བོའི་ཕ་རོལ་གྱི་འཇིག་རྟེན་མཐོང་ན་བསམ།
ཟི་ལིང་ནས་ཚྭ་ཁུ་མེད་པའི་འབྲས་ཆན་ཞིག་འཐུང་བ་དེ།
འཇིག་རྟེན་ཕྱི་ཡི་བྲོ་བ་རེད་དོ་སྙམ།
བྱིས་པ་ཡིན་དུས།
སྦྲ་ཡི་ཆོན་མགོར་བབས་ཏེ་སྟོང་སྐད་སྒྲོག་པའི།
ཕོ་རོག་ནག་པོའི་མཆུ་ཏོ་དམར་པོ་དེ།
བྱེ་རིལ་ཞིམ་པོར་འཁྲུལ་ནས་འགྲམ་ཆུ་ལྡང་།
བྱིས་པ་ཡིན་དུས།
ཐག་རིང་རྒྱང་ལ་ཕྱིན་པའི་ཨ་ཕ་ལགས།
སྐྱ་མི་ཆ་མེད་ཅིག་ལ་འཁྲུལ་ཏེ།
མིང་ནས་ཡང་ཡང་བོས་པ་ད་དུང་དྲན།
བྱིས་པ་ཡིན་དུས།
ནར་སོན་པར་སྒུག
༢༠༡༨/༤/༤ལ།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།