མགར་དམག་གི་སྙན་ངག་གསར་པ་ཁག་གཉིས།

མགར་དམག(མཛོད་དགེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-04-06


            འཆི་བ་དཀར་ནག

མུན་པའི་སེང་གེ་ང་རྒྱལ་གྱིས་ཚུར་ལ་མཆོང་འོང་ཚེ
ངས་རང་གི་ལག་པ་རལ་གྲི་བཞིན་ཅི་འདྲ་འཕྱར་ཡང
སེང་གེ་དེ་གཏན་ནས་ཕྱིར་མི་བཀྱེད
ཁ་གདངས་ཤིང་མཆེ་བ་གཙིགས
ཁ་ཆུ་ཡང་དུག་སྦྲུལ་གྱི་དུག་ཆུ་བཞིན་ངའི་སྙིང་ལ་བསྒོས
སྙིང་རྩ་ཡང་ག་ལེར་བསྡམས་ཤིང་བར་ཞིག་དབུགས་ཀྱང་མི་ལོན་པར་གྱུར

མ་གཞི་ང་རང་སྐྲག་དགོས་དོན་མི་འདུག
འཆི་བ་ལ་ཁ་དོག་གཉིས་ལས་མི་འདུག
དེ་ནི་དཀར་པོ་དང་ནག་པོ
དོན་དུ་ང་རང་ཤིན་ཏུ་སྐྲག་ལ་འཇིགས
དེ་ནི་ནག་པོ་དང་དཀར་པོ
འཆི་བ་ལ་ཁ་དོག་གཉིས་འདུག་ཨང

                 ང་རང་འབྱུང་བ་ལྔ་བོར་གཏོགས་ལ་འབྱུང་བ་ལྔ་བོར་མི་གཏོགས་སོ།།

མཚན་མོར་མལ་ཁང་གི་གྲུ་གར་ངུ་བའི་ང་རང་འབྲོག་སྟོང་ན་མགོ་འཁོར་བའི་འབྲོང་བགྲེས་པོ་དེ་དང་མི་འདྲའམ
ལག་པའི་ནང་གི་འཁོར་བའི་གཤོག་བྱ་སྐུད་སྣེ་ནས་ཤོར་ཚེ
ང་རང་གཤོག་རྡང་འཐོར་རྗེས་ས་ལ་བརྡབས་པའི་ཁྲུང་ཁྲུང་རྨས་མ་ཞིག་དང་མི་འདྲའམ
ལྷོ་ལམ་ཡིད་ལ་གནག་དུས་ང་རང་དུག་མཚོར་ལྕེབས་པའི་ཡུགས་མོ་ཞིག་དང་མི་འདྲ་འམ
དེའི་རྗེས་སུ་འཇིག་རྟེན་ལ་གློ་བུར་དུ་ས་རུབ་ངེས
དེ་དུས་ང་ནི་སིལ་བུར་འཐོར་བའི་མཚོ་སྟེང་གི་སྐར་མ་དེ་དང་མི་འདྲའམ
འཚེར་ཙམ་འཚེར་ཙམ་གྱིས་མཚོ་མོའི་འཇིངས་སུ་ག་ལེར་བཏུམ་མི་འགྲོའམ


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགར་དམག་གི་སྙན་ངག་གསར་པ་ཁག་གཉིས།

2018-04-06 མགར་དམག(མཛོད་དགེ) ཀློག་གྲངས། མཆན ཡོད།


            འཆི་བ་དཀར་ནག

མུན་པའི་སེང་གེ་ང་རྒྱལ་གྱིས་ཚུར་ལ་མཆོང་འོང་ཚེ
ངས་རང་གི་ལག་པ་རལ་གྲི་བཞིན་ཅི་འདྲ་འཕྱར་ཡང
སེང་གེ་དེ་གཏན་ནས་ཕྱིར་མི་བཀྱེད
ཁ་གདངས་ཤིང་མཆེ་བ་གཙིགས
ཁ་ཆུ་ཡང་དུག་སྦྲུལ་གྱི་དུག་ཆུ་བཞིན་ངའི་སྙིང་ལ་བསྒོས
སྙིང་རྩ་ཡང་ག་ལེར་བསྡམས་ཤིང་བར་ཞིག་དབུགས་ཀྱང་མི་ལོན་པར་གྱུར

མ་གཞི་ང་རང་སྐྲག་དགོས་དོན་མི་འདུག
འཆི་བ་ལ་ཁ་དོག་གཉིས་ལས་མི་འདུག
དེ་ནི་དཀར་པོ་དང་ནག་པོ
དོན་དུ་ང་རང་ཤིན་ཏུ་སྐྲག་ལ་འཇིགས
དེ་ནི་ནག་པོ་དང་དཀར་པོ
འཆི་བ་ལ་ཁ་དོག་གཉིས་འདུག་ཨང

                 ང་རང་འབྱུང་བ་ལྔ་བོར་གཏོགས་ལ་འབྱུང་བ་ལྔ་བོར་མི་གཏོགས་སོ།།

མཚན་མོར་མལ་ཁང་གི་གྲུ་གར་ངུ་བའི་ང་རང་འབྲོག་སྟོང་ན་མགོ་འཁོར་བའི་འབྲོང་བགྲེས་པོ་དེ་དང་མི་འདྲའམ
ལག་པའི་ནང་གི་འཁོར་བའི་གཤོག་བྱ་སྐུད་སྣེ་ནས་ཤོར་ཚེ
ང་རང་གཤོག་རྡང་འཐོར་རྗེས་ས་ལ་བརྡབས་པའི་ཁྲུང་ཁྲུང་རྨས་མ་ཞིག་དང་མི་འདྲའམ
ལྷོ་ལམ་ཡིད་ལ་གནག་དུས་ང་རང་དུག་མཚོར་ལྕེབས་པའི་ཡུགས་མོ་ཞིག་དང་མི་འདྲ་འམ
དེའི་རྗེས་སུ་འཇིག་རྟེན་ལ་གློ་བུར་དུ་ས་རུབ་ངེས
དེ་དུས་ང་ནི་སིལ་བུར་འཐོར་བའི་མཚོ་སྟེང་གི་སྐར་མ་དེ་དང་མི་འདྲའམ
འཚེར་ཙམ་འཚེར་ཙམ་གྱིས་མཚོ་མོའི་འཇིངས་སུ་ག་ལེར་བཏུམ་མི་འགྲོའམ


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།