ཡང་རི་མགོར་གངས་འབབ་ཐེངས་ཤིག(ཞར་བཀོད་གསུམ་ཡོད)
རླུང་ལ་ཐོགས་པའི་ཁྱོད།
སུ་ཞིག་གི་དུས་ཚིགས།
ཡང་ན་རྒྱང་རིང་ནས་འོང་བའི་མགྲོན་པོ་ལྟར།
ང་དང་འཕྲད་པ་ཐེངས་གཅིག་མིན།
ཉི་འོད་ལ་སིམ་པའི་ཁྱོད།
སུ་ཞིག་གི་མེ་ཏོག
ཡང་ན་རྒྱང་རིང་ལ་ཤོར་བའི་འཁྱམས་པོ་བཞིན།
ང་དང་གྱེས་པ་ཐེངས་གཅིག་མིན།
རླུང་ལ་ཐོགས་པའི་ཁྱོད།
གངས་ཀྱི་འདབ་མ།
ཉི་འོད་ལ་སིམ་པའི་ཁྱོད།
གངས་ཀྱི་འདབ་མ།
2017/12/12--/13
ལོ་མང་པོ།
ལོ་ཟླ་ཐམས་ཅད།
གྲིབ་མ་ཡིན་ནམ།
མཇལ་འཛོམས་ཡོད་ཚད།
གྱེས་བྲལ་ཡིན་ནམ།
སྐད་ཆ་མཐའ་དག
འཁང་ར་ཡིན་ནམ།
མངགས་བཅོལ་ཐམས་ཅད།
སྟོང་གཏམ་ཡིན་ནམ།
2018/01/22-25
ཁྱོད།
ཁྱོད་དྲན་གདུང་མིན་ཏེ།
ཁྱོད་འཁྱམས་པོ་ཞིག
ཁྱོད་འཁང་ར་མིན་ཏེ།
ཁྱོད་སྨིག་རྒྱུ་ཞིག
ཁྱོད་རེ་སྒུག་མིན་ཏེ།
ཁྱོད་གྲིབ་མ་ཞིག
ཁྱོད་སྨོན་ལམ་མིན་ཏེ།
ཁྱོད་གོ་ནོར་ཞིག
ཁྱོད་ཐུག་འཕྲད་མིན་ཏེ།
ཁྱོད་དངན་པ་ཞིག
ཁྱོད་གྱེས་བྲལ་མིན་ཏེ།
ཁྱོད་སྐྱེལ་མ་ཞིག
ཁྱོད་མིག་ཆུ་མིན་ཏེ།
ཁྱོད་བསླུ་བྲིད་ཅིག
ཁྱོད་འཛུམ་དམུལ་མིན་ཏེ།
ཁྱོད་མེད་མུག་ཅིག
2018/03/19-21
མཚན་མོ།
མཚན་མོ་མཐོང་ན།
ཟླ་བ་མི་འདུག
ནག་ཐིགས་ཁེངས་པའི་མཚན་མོ།
སུ་ཞིག་གི་འཇིག་རྟེན།
ཨེ་ཤུ
གཏམ་རྒྱུད་ན་ཟླ་བ་ཤར་ཟེར།
འོད་མེད་པ།
སུའི་གསང་གཏམ།
གཏམ་རྒྱུད་ན་མཚན་མོ་མང་ཟེར།
ཟླ་བ་མེད་པ།
སུའི་འཁྲེང་ཞེན།
ཡང་ཡང་འཕྲད་པའི་མཚན་མོ།
མཚན་མོ་མང་པོ།
ང་དང་ཁྱོད་ཀྱིས།
ཟླ་བ་སྒུག
ང་དང་ཁྱོད་ཀྱིས།
མུན་ནག་གྱོན་ནས།
ལག་པ་གང་སར་བསྲིངས་ན།
གྲང་ཤུར་ཤུར།
2018/04/21--25
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།