ལེགས་སྐྱེས།
_____CDལ་ཕུལ་བ།
ངས་ཁྱེད་ལ་ཆེས་སྡུག་པའི་གཟུགས་དེ་སྟོན་ཐབས་མི་འདུག་པས
གཉིད་དུ་ཡུར་བའི་ང་རང་རྨི་ལམ་ལས
འཇིགས་སྔངས་ངང་སད་པའི་དུས་ཚོད་ལ་ཚོན་བསྐུས་ནས
ཁྱེད་ལ་ལེགས་སྐྱེས་སུ་འབུལ་འདོད
དེས་ཁྱོད་ཀྱི་མིག་ལམ་དུ
ངའི་ཁང་པའི་ནང་གི་འཁྱག་རོམ་ཤར་དུ་འཇུག་སྲིད
ང་རང་འུ་ཐུག་ཐབས་ཟད་པའི་ཚུགས་ཀ་འདི
ཚོར་བས་ནོན་པའི་ལྐུགས་པ་ཞིག་དང
ཤིན་ཏུ་མི་འདྲ་འམ
༢༠༡༨་༥་༡༠་ཉིན་མགོ་ལོག་ནས།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།