ཞོགས་པ།
___ང་དང་འབུ་སྡོམ་གྱི་ལེའུ།
ཤེལ་དམ་ཞིག་ཏུ་ལོ་ངོ་སྟོང་ལ་བཅུག་པའི་སྡོམ་དེ
ཞོགས་ཀའི་ཉི་འོད་ཀྱིས་ཡར་མར་ལ་སྒུལ་ཙམ་བྱས་ཀྱང
རྫས་སྣ་ཚོགས་ཀྱིས་སྦགས་པའི་མཁའ་དབུགས་དང
ས་རྡུལ་གྱི་བང་རིམ་ཁྲོད་ན
ང་ཡི་འཆི་བ་དང་ཐག་ཉེ་བོ་འདུག
མ་གཞི ཤེལ་དམ་གྱི་རང་བཞིན་ནི་ཤིན་ཏུ་གཙང་བའོ
དུས་ཚོད་ཀྱིས་རྫོབ་རྫོབ་པོར་བཏང་བའི་ད་ལྟ
ཉི་འོད་དང་སྤྲིན་པ ཞོགས་ཀའི་མཚམས་སྤྲིན་ཡང
ང་ཡི་རྨི་ལམ་བཞིན་ཉོབ་པར་གྱུར
ཁྱོད་ཀྱང་བཙོན་མ་ཞིག་དང་ཆ་འདྲ་སྟེ
ཁྱོད་ལ་དབང་བའི་ཤེལ་དམ་ནི
བཙའ་ཆགས་པའི་ངའི་ཡ་ཆུང་ཁོག་གི་སྙིང་དང
དབུགས་ཧལ་ཧལ་ལ་ཡོད་པའི་ཉེ་འགྲམ་གྱི་གླུ་མ་དེའོ
ང་ལ་གསང་སྟབས་ཀྱིས་མི་ལབ་རོགས
ཁྱོད་ཀྱི་ཕུགས་བསམ་ཀློང་ན་འབུ་རོ་སྐོར་ཞིག་རུལ་བར་གྱུར
ང་ཡི་འཇིག་རྟེན་དཀར་ངོགས་དྲི་ངན་གྱིས་ཁྱབ་པར་བྱས
ཁྱོད་ཀྱིས་གང་སར་དྲ་རྒྱ་སྣ་ཚོགས་འཐེན་པས
ཤེལ་དམ་ནང་གི་བེམ་རོ་སུ་ཡིན་གསལ་ཆ་མེད་པ
ང་ཡི་ལས་དབང་དང་ཅི་འདྲའི་མཚུངས
2018/6/5
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།