འཆི་ལ་ཉེ་བའི་སྐབས་ཀྱི་ཁ་ཆེམས་ཚན་པ་གཉིས།

             ཁ་ཆེམས། དང་པོ།

ང་རང་མ་ཤི་བའི་སྔོན་དུ
འདི་ནས་ཁྱེད་ཉིད་བདེ་ཐང་ངང་ཡུལ་ལ་ལོག་པར་མཛོད
ཡུལ་དུ་ལོག་པའི་ལམ་བར་དག་ཏུ་རང་ཉིད་ལ་བདག་ཤེས་པར་གྱིས

ད་ནས་བཟུང
ཅིས་ཀྱང་ཁང་སྟོང་འདི་རུ་ད་ལྟ་བཞིན་ཡོང་མི་འོས
སྲང་ལམ་འདིའི་མི་སུ་ལའང་ཐུག་འཕྲད་བྱ་མི་འོས
དེ་བས     ཁྱེད་ནི་བདེ་འཚམས་ངང་ཡུལ་ལ་ཕྱིན་ཅིག

རྩྭ་ཐང་གི་དབྱར་དགུན་གཉིས་ཀས
ཁྱོད་ཀྱི་ལོག་ཕེབས་ལ་དགའ་བསུ་བྱེད་ཅིང
ཕ་མ་གཉིས་ཀྱིས་ཀྱང་བརྩེ་འདང་གིས་བསུ་ཡོང
དེའི་ཕྱིར    རང་གི་ཕ་ཡུལ་དུ
རྔ་རྔོག་ཆུ་ལ་བྲན་པའི་རྟ་ཁྱུ་འཚོ་བར་སོང

       དར་མདོའི་འགོས་ནད་སྨན་ཁང་དུ་མལ་ཤག་གཅིག་པའི་ནད་གཡོག་ཅིག་ཡུལ་ལ་འགྲོ་ཁར་ལྐོག་བྲིས་བགྱིས།

                      ཁ་ཆེམས།  གཉིས་པ།

ཨ་ཕ
ད་ནི་འུ་གཉིས་འགྲོགས་ཏེ་རང་ཁྱིམ་དུ་འགྲོ་མི་ཐུབ་པ་འདྲ
སྐར་ཆེན་ལྟ་བུའི་མིག་ཟུང་ཡང་དུས་གཏན་དུ་བཙུམ་རན་པ་འདྲ
འོན་ཏེ    ངའི་ཚེ་སྲོག་གི་སྲད་བུ་དུམ་བུར་ཆད་པ་འདི
འུ་ཚོ་ཐུན་མོང་གི་ལས་སྐལ་ཡིན་པས
ཁྱེད་ཀྱིས་ངུ་ངག་གིས་ང་རང་ཕྱིར་ལ་ཕེབས་རོགས་མ་ཟེར

གཉེན་གྲོགས་རྣམས་ཀྱིས
སླར་ཡང་སོས་པར་སྒུག་པའི་ངང་ཚུལ་འདིས་ཀྱང་ཅི་ཡང་མི་ནུས
འཁོར་བའི་གཅོང་རོང་གི་གཙང་པོའི་ཁ་ནས
ང་ནི་ག་དུས་ཡིན་རུང་རྒྱང་དུ་བཞུད་འགྲོ་བའི་གྲུ་ཤན་དེ་རེད

ཨ་ཕ
ཁྱེད་ཉིད་ཡུལ་དུ་སོན་ཚེ
ཨ་ཕྱི་ལགས་ཀྱིས་རྒས་པའི་མིག་ཟུང་གིས
ངའི་བེམ་པོར་ཕུར་ཚུགས་སུ་བལྟས་ཏེ
གྱེས་བྲལ་གྱི་མིག་ཆུ་རྒྱུན་ཆད་མེད་པར་གཏོང་ངེས་པས
དེ་དུས་ཁོ་མོར་སེམས་གསོ་ཡག་པ་ཞིག་བྱ་རོགས

དེ་ལྟར་བྱས་རྗེས
མནོལ་བཙོག་ཐེབས་པའི་ནད་གོས་འདི་དག་དང
གཤིན་ཉམས་དོད་པའི་སྒྱུ་ལུས་ཀྱི་ཕུང་པོ་འདི་ཉིད
ཧ་ཅང་ཞི་འཇམ་མ་ཡིན་པའི་དུར་ཁྲོད་དུ་སྐྱེལ་སྐབས
ངའི་མིང་ཡིག་དང་གདོས་བཅས་ཀྱི་གཟུགས་རིས
ཕངས་སེམས་ཀྱི་རླུང་བུས་འཇིག་རྟེན་གཞན་ཞིག་དུ་ཁུར་འགྲོ་ནའང
སྡུག་བསྔལ་གྱི་མཆི་མ་མི་གཏོང་བར་ཞུ

           རྒྱའི་华西医院 བྱ་བའི་སྨན་ཁང་ཞིག་ཏུ་འཆི་བ་མགོར་སླེབ་སོང་སྙམ་པའི་དུས་ཤིག་ལ་སྦྱར།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་ལ་ཉེ་བའི་སྐབས་ཀྱི་ཁ་ཆེམས་ཚན་པ་གཉིས།

2018-06-10 འབྲོག་རེ་ལྡེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།