ས་སྲོད་རེ་རེ་ལ་ངས་འདི་ལྟར་དྲན།(ཞར་བཀོད་གཉིས་ཡོད)

དུར་བྱང་།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-06-29

1513624363.jpg

ས་སྲོད་རེ་རེར
མཚན་མོ་དང་འཆི་བ་ངའི་ཕྱོགས་སུ་དར་ཅག་གེར་རྒྱུ་བཞིན་འདུག
ཚེ་སྲོག་གི་ལོག་ཕེབས་ཅི་འདྲའི་མགྱོགས་པ་ལ་ཨང
དེའི་རྐྱེན་གྱིས་ངའི་སེམས་ངོགས་སུ་ཁྱོད་ཀྱི་གཅེས་མིང་སྦྱར

ས་སྲོད་རེ་རེར
ཞི་འཇམ་གྱིས་ཁྱོད་ལ་རྒྱ་སེ་མེ་ཏོག་ཅིག་ཕུལ་ན་འདོད་ཀྱང
ཡིད་ཕངས་བ་ཞིག་ལ་ངའི་སེམས་ཁམས་ནད་ཀྱིས་བཟུང་འདུག
འུ་གཉིས་ལ་ལས་འཕྲོ་ཡོད་ཀྱང་ང་ནི་མི་ནད་པ་ཞིག་ཡིན
ངས་ཁྱོད་ཀྱི་ལང་ཚོ་ཆུད་ཟོས་སུ་གཏོང་བར་དངངས་འཚབ་སྐྱེ་བས
ང་རང་ཁྱོད་ཀྱི་བདེ་སྐྱིད་ཀྱི་སླད་དུ་ཕ་ཡུལ་དང་རིང་དུ་བྲལ་ན་ཆོག

ས་སྲོད་རེ་རེར
ངས་ཁྱོད་ཁོ་ན་ལ་དབྱར་ཁ་ཞིག་ཚེས་སུ་འཇུག་འདོད་ཀྱང
སེམས་སུ་སྟོན་དུས་ཀྱི་རླུང་བུ་ཤིན་ཏུ་འཁྱག་པས
ངའི་སེམས་པ་བཀྲེས་སྐོམ་གྱིས་མ་ཤི་བར་ཏུ
ངས་ཁྱོད་རང་དགའ་བའི་ས་ཁུ་སིའི་རོལ་དབྱངས་ཤིག་དཀྲོལ་ངེས
                                              
                            2018/ 1/ 17/ཉིན།
     
                       ཁེར་རྐྱང་། འུ་གཉིས་ཁོ་ནའི་འཚོ་བ་ཡིན།     

ཆེས་ཐུང་བའི་ནམ་ཟླའི་ནང་མིག་ཟུང་གི་རྒྱབ་ཏུ
གཉེན་ཉེ་དང་དགྲ་བོ་གཅིག་ཀྱང་དགོས་དོན་མེད
ག་ལེར་ཁེར་རྐྱང་གི་གོ་འཕང་འཐོབ་ཡོང་ངེས་ཡིན
ངས་ཁ་ཆེམས་ལྟ་བུའི་སྙན་ངག་མང་པོ་བྲིས་རྗེས
འདས་གྲོངས་ཏུ་ཕྱིན་པའི་སྙན་ངག་ཁོ་ཚོར་འབུལ་རྒྱུ་ཡིན
ས་སྲོད་ཅིག་ལ་སྐྱོ་གདུང་གི་ཤོག་བྱ་གཏོང་གིན་འདུག
ས་རུབ་རྗེས་རང་སྲོག་བཅད་པའི་སྙན་ངག་པ་དེ་དག
ངའི་གྲིབ་མའི་ནང་དུ་ལོག་ནས་བར་ཏུ་ངུས
ངའི་གྲིབ་མ་ཐང་ཆད་པ་དང་མཉམ་དུ
རང་སྲོག་བཅད་དོན་ཅིའི་ཕྱིར
དོན་དངོས་སུ་ཁྱོད་ཀྱིས་ཁྱོད་ཁོ་ནའི་བརྩེ་གདུང་དྲན་པ་རེད
སུ་ལ་ཡང་མ་ལྟོས་པའི་ཁེར་རྐྱང་དྲན་པ་རེད
དོན་གྱི་སྡུག་བསྔལ་དག་སུ་ལ་ཡང་མི་དབང  
འུ་གཉིས་ཁོ་ནའི་འཚོ་བ་ཡིན
                
                            2018.5.12.ཉིན་བྲིས། 2018.6.23.ཉིན་བཅོས།
       
                       ངའི་སྒྱུ་ལུས་ཁྲག་གིས་སྦངས་ནས་ཧབ་ཆ་བརྒྱབ།
                            
                                      ____ཀློག་པ་པོ་དག་ལ་ཕུལ་བ།

ཆུ་ཚོད་ཀྱི་སྒྲ་ཇེ་བཙན་ཇེ་བཙན་དུ་འོང་བས
ངས་སེམས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས
ཁྱེད་ཚོ་ལ་སྙན་ངག་གི་མཆོད་པ་བཏེགས
སྙན་ངག་གི་ཝུ་ཆང་ལྡུད
ངའི་ཁྲག་རྩའི་སྦུབས་ཀྱི་ཆུ་ལོག་གིས
ང་རང་གང་ཞིག་དུ་དེད་འགྲོ་བར་ཧ་ཅང་འཛེམ
གྲོག་ཚང་ནང་ལ་འབུ་སྲིན་ལྷུང་བ་བཞིན
བདག་གི་ཤ་གསེང་ལ་མཆེ་བས་འཕིགས་ཏེ
ཁྲག་གི་རྒྱ་མཚོའི་ནང་ལ་སྒྱུ་ལུས་སྦངས་ནས
ཧབ་ཆ་བརྒྱབ
ང་དང་རིག་འདྲ་བ་དེ་ཚོ
ཡུལ་གདུང་གི་འཇིངས་སུ་བྱིངས་ནས
ང་སྔོན་ཆད་གནས་ཆགས་མྱོང་སའི་ཁང་སྟོང་ལ་ཡོང་ནས
ཁ་ཆེམས་ལྟ་བུའི་སྙན་ངག་དག་ཁྱེར་ནས་བུད་སོང
                                                 
                           2018/5/24/ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་སྲོད་རེ་རེ་ལ་ངས་འདི་ལྟར་དྲན།(ཞར་བཀོད་གཉིས་ཡོད)

2018-06-29 དུར་བྱང་།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།