གདུང་བ།(ཞར་བཀོད་བཞི་ཡོད)

ཐོང་གཤོལ།(བླ་བྲང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-08-11

IMG_2585.JPG

བྱིས་པ་ལྔ་བོ།  རོལ་ནང་གི་ས་བོན་རེ་རེ་བཞིན།
ས་ནག་ནང་ནས་ངའི་རྗེས་སུ་ཆས་འོང་།
ངས་འདེབས་ཀྱིན་པ་ནས་ཁོ་ན་ཡིན།

ས་སྲོད་ལ་གཤོལ་མགོ་ནས་ཕྱི་མིག་ལྟ་དུས།
བྱིས་པ་ལྔ་བོ།  ཆར་བས་བརླན་པའི་ལོ་ཏོག་གི་རོལ་ཆ་རེ་རེར་གྱུར་འདུག

ངས་རོལ་ཆ་དེ་དག་ང་རང་ལས་སྐྱེས་བསམ།
རོལ་ཆའི་གདུང་བ་ང་ཡི་མིག་ལ་བྲིས།

མཚན་མོར་ང་ཡི་རྨི་ལམ་ནང་དུ་འབབ་ཀྱིན་པའི་ཆར་བ།
སྒྲ་དབྱངས་སྣ་ཚོགས་དཀྲོལ་བཞིན་རང་གི་རྩ་བར་སིམ་འགྲོ་བའི།
སོར་མོའི་གསེང་གི་འོད་ཟེར་དུ་བཅོས།

                      ༢༠༡༨ ༥ ༡༧

                     བྱི་ལ།

ལོ་བརྒྱད་ཅན་གྱི་བྱིས་པ་ཞིག་གིས།  
“ངའི་རྩེད་རོགས་བྱི་ལ་འདི་ཡིན་ཚེ།  
སོ་ན་ཡི་ཡོད་མི་སྲིད་ཟེར།”

ང་ཁོའི་མིག་མདངས་ལས་མངོན་པའི་བྱི་ལའི་ཁྲོད་བསྐུངས་ཏེ།
འོད་ཟེར་གྱི་གྲིབ་མ་བཞིན་དུ་ལུས།  

                       ༢༠༡༧  ༡༠ ༢༨ ཉིན།

                       རུས་པའི་ནང་གི་གྲིབ་མ།

                                           — འདས་གྲོངས་སུ་གྱུར་བའི་ཕུ་བོར་ཕུལ་བ།

ནས་བྲེ་གང་དུ་སྐྱེ་བའི་ལྡེ་མིག་བཅུག་སྟེ་ཞིང་ལ་བཏབ་རྗེས།
ཁྱེད་རང་ལྗང་བ་རེ་རེའི་མིག་ཟུང་ལས་བཙས་ཡོང་།

ཆུ་དང་རྡོ་ཡིས་གྲུབ་པའི་མདུད་པ་ངག་ལས་ལྷུང་བ་ཡིས།
སྒྲ་ཡི་སྒལ་ཚིགས་གསེང་ནས་ནས་མྱུག་འབུས་ཏེ།
སྙིང་ལ་རུས་པ་སྐྱེ་འོངས།
ལུས་ལས་རྒྱུན་བུ་བཤངས་ཡོད།

སྐར་ཁུང་འོག་གི་བྱིས་པ་གསུམ་པོར་འོད་ཀྱི་རལ་བ་བསླེས།
རྡོ་མཆིག་གམ་གྱི་བུ་མོ་དེར་སྣང་བའི་སྒྲུང་བཤད།
ཞིང་ནང་གི་སྤོ་ཏོ་རེ་རེ་ལས་ཁོ་མོའི་སེམས་བྱུང་བཙལ།
ཆག་ཚེ་འཐག་པའི་རྡུལ་ལས་ཕ་མའི་བྱིན་རླབས་རྙེད།
ཨར་ལ་ཐུག་དུས་ཐབ་ཀྱི་མེ་སྟག་ཅིག་མིག་རྩར་སྦས་ཏེ།
དྲན་པའི་རྒྱུན་བུས་ཆར་ཆུ་བྲེགས་ཡོད།
སེམས་ཀྱི་གྲིབ་མས་ཉི་འོད་འཚོས་ཡོད།

ཁྱེད་ཀྱི་རྣམ་ཤེས་ཀྱིས་ཚེ་ཡི་དཀའ་གནད་བཀྲལ་རྗེས།
རྒྱུ་འབྲས་ཆང་བཞིན་འཚག་མཁན་དུས་ཚོད་མ་རེད།
མིད་པའི་ནང་དུ་རང་ཉིད་བཅུག་པའི་ང་རང་ངོ་།།

                                     ༢༠༡༦།༤།༢༠།ཉིན།

                      བླ་བྲང་གི་ཐོལ་བྲིས།

ཁྲོམ་སྲང་གི་གླུ་གཞས་དེའི་ཚིག་ལ་ཉན་ཏེ་འགྲོ་དགོས་པ་བཞིན།
ང་རང་གི་གྲིབ་མར་ཁེན་ནས་འགྲོ་བཞིན་ཡོད།

ངག་གི་རླངས་པའི་འོག་ནས་སེམས་པས་ཁ་མི་གྲག
རྫོང་མཁར་གཅིག་ཏུ་ཡོད་ཀྱང་གཏན་ནས་ངོ་མི་འཕྲད།

ཁྱོད་དང་འུ་གཉིས་ཀྱི་བར་དུ་སྐྱོ་བའི་གླུ་གཞས་ཤིག་ཁོ་ན་ལུས།

ནམ་ཞིག་ངས་ཁྱོད་རང་བརྗེད་སྲིད་དེ།
ཁྱོད་ཀྱི་བུ་མོ་ནས་འབྲུ་ལྟ་བུ་དེ་ཡང་ཡང་དུ་དྲན་སྲིད།

                        ༢༠༡༧ ༡༡ ༡༩ཉིན།

                      ས་སྲོད།

སྐྱ་སྒྲིབ་ཀྱི་བགྲེས་མོ་ཞིག་གིས།
ཁྱིམ་མཚེས་ཀྱི་སྒོ་ཁ་ན་མེ་སློང་གིན་འདུག

བྱི་ལ་དཀར་པོ་ཞིག
མོའི་གྲིབ་མར་འགྲོགས་ཏེ་ཁང་བ་ནག་པོ་ཞིག་ཏུ་འཛུལ།

གློག་འོད་ཀྱི་ཁེར་རྐྱང་ཁྲོད་དུ།
བྱིས་པ་དག་གི་རྩེད་འཇོ་དང་དགོད་སྒྲ་ཡལ་ཏེ་མི་སྣང་བར་གྱུར།

ཅི་ཡང་མ་མཐོང་བའི་ཚུལ་གྱིས།
དགུན་ཁ་མཐོང་བྱེད་ཀྱི་བུད་ཤིང་འགའ་བཏུས་ཏེ།
ལྐུགས་པ་བཞིན་ཡུལ་དུ་ལོག

                       2018.4.23ཉིན། ཕ་ཡུལ་དུ།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གདུང་བ།(ཞར་བཀོད་བཞི་ཡོད)

2018-08-11 ཐོང་གཤོལ།(བླ་བྲང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།