སྟོན་ཁ། ངའི་རྒྱང་མིག་ཁྲོད་ཀྱི་སྟོན་ཁ།(ཞར་བཀོད་གཉིས་ཡོད)

སྒྲེ་བོ།(ཉག་ཆུ་ཁ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-09-03

ངས་ཐང་ལས་ལོ་མ་ཞིག་སྒྲུག་ནས
རང་ཉིད་ཀྱི་གྲིབ་མའི་ནང་དུ་ཕངས
ད་ནི་ལོ་མ་དེའི་ཁ་དོག་ལ་སེར་ཤས་ཤིག་ཀྱང་བབས་འདུག
རྒྱང་རིང་ལགས
འདི་ནི་བ་མོས་གཞོམ་པའི་མེ་ཏོག་དང་འདྲ་བ་ལ

དབྱར་ཁ་མེ་ཏོག་འཐུ་མྱོང་བའི་ལག་པའི་ནང་དུ
ད་དུང་མེ་ཏོག་གི་དྲི་ངད་ཁ
ང་རང་སྟོན་ཁ་དང་འཕྲད་ཚེ
གཞར་ཡང་ངས་དྲན་དགོས་པའང་དེ་ལགས

ལར
ངས་དབྱར་ཁར་མེ་ཏོག་ཅིག་འཁྱེར་ནས
སྟོན་ཁར་རྒྱང་རིང་དང་འཕྲད་རེ་བྱས
ད་ནི་གྲིབ་མའི་ནང་གི་ལོ་མ་འདི་ཡིས
ང་ལ་སྟོན་ཁ་གཞན་ཞིག
གོ་སླ་བོས་བཤད་བྱུང

དེ་བས
སྐབས་ལན་རེར་སྟོན་ཁ་ནི་རྒྱང་རིང་ལགས
མཚམས་ལན་རེར
སྟོན་ཁ་ནི་ད་ལྟའི་ན་སོ་ཨང

                  25/08/18

                      ཙོང་ཁ་ཚེ་བརྟན་རྒྱལ།  ཁྱོད་ཀྱི་སྨ་རའི་ནང་གི་ཚངས་མགུར་གྱི་རི་དྭགས།

ཁྱོད་རང་མ་གཞི་ནས་རི་བོ་ཞིག་གམ
རི་དྭགས་ཤིག་དང་འདྲ་བོ་ཡོད

ཁྱོད་ཀྱི་ཨོལ་སྐོའི་སྟེང་གི
རྩུབ་ཅིང་རགས་ལ
སེར་ཤས་དོད་པའི་སྨ་ར་ཐར་ཐོར་དེ
ནགས་ཚལ་ཞིག་གམ
དེའི་གསེབ་ཀྱི་རི་དྭགས་ཁྱུ་ཞིག་དང་འདྲ་བོ་ཡོད

དེ་དག་ནི་གདུང་བས་མནར་ཡོད
དེ་དག་ནི་སྐོམ་པས་མནར་ཡོད

ཡང་ན
དེ་དག་ཚངས་མགུར་གྱི་རླུང་དྲི་སྣོམ་གྱིན
ཧི་མ་ལའི་རི་ཞོལ་ནས་འདྲོགས་བྱུང
དེའི་རྣམ་འགྱུར་ནི
གཉན་གྱི་མི་རབས་གསུམ་གྱི་རྟ་ཁྱུ་དང་ཧ་ཅང་འདྲ་བྱུང

                        20/08/18

                       བུད་མེད་ཀུ་མུད།

མིང་མཛོད་ནང་དུ་བལྟས་ཀྱང
ཁྱོད་ལ་བོས་ཆོག་པའི་མིང་ཞིག་རྙེད་མ་བྱུང

འཇིག་རྟེན་ན
ཁྱོད་རང་དགའ་སའི་ཐལ་མདོག་གི་ཟླ་འོད་ཡོད
ཟླ་བའི་འོད་ཀྱི
ཁྱོད་ཀྱི་འདབ་མའི་མཛེས་པ་དེ
འཇིག་རྟེན་ན་ཡོད་པའི་མཛེས་པའི་རྒྱལ་པོ་ལགས

འཇིག་རྟེན་ནི
ཟླ་བའི་ཞུན་མར་ལྷང་ངེར་འཁྱིལ་བའི
ཀུ་མུད་སྒྲེན་གཟུགས་གར་གྱིས་འགྱིངས་པའི
ང་ཡི་ཡིད་འཕྲོག་ལྷ་ཚོགས་ཀྱི་དཀྱིལ་འཁོར

                         20/08/18


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ཁ། ངའི་རྒྱང་མིག་ཁྲོད་ཀྱི་སྟོན་ཁ།(ཞར་བཀོད་གཉིས་ཡོད)

2018-09-03 སྒྲེ་བོ།(ཉག་ཆུ་ཁ) ཀློག་གྲངས། མཆན ཡོད།

ངས་ཐང་ལས་ལོ་མ་ཞིག་སྒྲུག་ནས
རང་ཉིད་ཀྱི་གྲིབ་མའི་ནང་དུ་ཕངས
ད་ནི་ལོ་མ་དེའི་ཁ་དོག་ལ་སེར་ཤས་ཤིག་ཀྱང་བབས་འདུག
རྒྱང་རིང་ལགས
འདི་ནི་བ་མོས་གཞོམ་པའི་མེ་ཏོག་དང་འདྲ་བ་ལ

དབྱར་ཁ་མེ་ཏོག་འཐུ་མྱོང་བའི་ལག་པའི་ནང་དུ
ད་དུང་མེ་ཏོག་གི་དྲི་ངད་ཁ
ང་རང་སྟོན་ཁ་དང་འཕྲད་ཚེ
གཞར་ཡང་ངས་དྲན་དགོས་པའང་དེ་ལགས

ལར
ངས་དབྱར་ཁར་མེ་ཏོག་ཅིག་འཁྱེར་ནས
སྟོན་ཁར་རྒྱང་རིང་དང་འཕྲད་རེ་བྱས
ད་ནི་གྲིབ་མའི་ནང་གི་ལོ་མ་འདི་ཡིས
ང་ལ་སྟོན་ཁ་གཞན་ཞིག
གོ་སླ་བོས་བཤད་བྱུང

དེ་བས
སྐབས་ལན་རེར་སྟོན་ཁ་ནི་རྒྱང་རིང་ལགས
མཚམས་ལན་རེར
སྟོན་ཁ་ནི་ད་ལྟའི་ན་སོ་ཨང

                  25/08/18

                      ཙོང་ཁ་ཚེ་བརྟན་རྒྱལ།  ཁྱོད་ཀྱི་སྨ་རའི་ནང་གི་ཚངས་མགུར་གྱི་རི་དྭགས།

ཁྱོད་རང་མ་གཞི་ནས་རི་བོ་ཞིག་གམ
རི་དྭགས་ཤིག་དང་འདྲ་བོ་ཡོད

ཁྱོད་ཀྱི་ཨོལ་སྐོའི་སྟེང་གི
རྩུབ་ཅིང་རགས་ལ
སེར་ཤས་དོད་པའི་སྨ་ར་ཐར་ཐོར་དེ
ནགས་ཚལ་ཞིག་གམ
དེའི་གསེབ་ཀྱི་རི་དྭགས་ཁྱུ་ཞིག་དང་འདྲ་བོ་ཡོད

དེ་དག་ནི་གདུང་བས་མནར་ཡོད
དེ་དག་ནི་སྐོམ་པས་མནར་ཡོད

ཡང་ན
དེ་དག་ཚངས་མགུར་གྱི་རླུང་དྲི་སྣོམ་གྱིན
ཧི་མ་ལའི་རི་ཞོལ་ནས་འདྲོགས་བྱུང
དེའི་རྣམ་འགྱུར་ནི
གཉན་གྱི་མི་རབས་གསུམ་གྱི་རྟ་ཁྱུ་དང་ཧ་ཅང་འདྲ་བྱུང

                        20/08/18

                       བུད་མེད་ཀུ་མུད།

མིང་མཛོད་ནང་དུ་བལྟས་ཀྱང
ཁྱོད་ལ་བོས་ཆོག་པའི་མིང་ཞིག་རྙེད་མ་བྱུང

འཇིག་རྟེན་ན
ཁྱོད་རང་དགའ་སའི་ཐལ་མདོག་གི་ཟླ་འོད་ཡོད
ཟླ་བའི་འོད་ཀྱི
ཁྱོད་ཀྱི་འདབ་མའི་མཛེས་པ་དེ
འཇིག་རྟེན་ན་ཡོད་པའི་མཛེས་པའི་རྒྱལ་པོ་ལགས

འཇིག་རྟེན་ནི
ཟླ་བའི་ཞུན་མར་ལྷང་ངེར་འཁྱིལ་བའི
ཀུ་མུད་སྒྲེན་གཟུགས་གར་གྱིས་འགྱིངས་པའི
ང་ཡི་ཡིད་འཕྲོག་ལྷ་ཚོགས་ཀྱི་དཀྱིལ་འཁོར

                         20/08/18


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།