གྲོང་ཁྱེར་གྱི་སྨུག་པ།(ཞར་བཀོད་གཉིས་ཡོད)

ཀླུ་པད་བཟང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-09-22

ཤ་དང་རུས་པ་འདི་ཁྱོད་ཀྱི་མིག་ཟུང་གིས་བརྡར་ནས་འཛད་ལ་ཉེ
ང་རང་ཁྱོད་ཀྱི་རྒྱབ་གཟུགས་ལ་ཅེར་བཞིན་ནར་སོན
གྲོང་ཁྱེར་གྱི་ཟབ་སར་འཐིམ་གྱིན་པའི་ཁྱོད་ཀྱི་རྐང་རྗེས
སྐག་ཚོས་ཀྱི་མི་མངོན་པ་དེ་ནས་གཞན་ལ་འཕྲོས

ཐ་སྙད་ཚོགས་ཀྱིས་ཡིད་འོང་གི་མཁར་རྫོང་བརྩིགས
རྣམ་རྟོག་གི་རྩེ་མོ་དང་བག་ཆགས་ཀྱི་རྩ་བས་དེ་ཉིད་བརྟན་པར་བྱས
ལས་དང་ཉོན་མོངས་ཀྱི་སྡིག་སྒྲིབ་རང་སྣང་གང་ཤར་ངང
གྲོང་ཁྱེར་གྱི་མོ་ཊ་དང་མི་ཚོགས་བཞིན་གཡོ་ཙམ་སྐྱོམ་ཙམ

ཨར་ཁང་ལ་ལྕགས་ཁང་མཐུད་དེ་གྲུ་བཞི་དང་ཟླུམ་པོ་བརྩིགས
ས་ཆུ་མེ་རླུང་གི་ཁམས་ན་འཆི་བ་ཉིད་གྲོང་གྱེར་གྱི་སྨུག་པར་འདྲེས
སྐྱོ་སྣང་གི་དུར་ཁྲོད་ལས་བཞད་པའི་རུས་རྐང་མེ་ཏོག
མཚན་མོའི་གཏམ་རྒྱུད་ཀྱི་ནམ་མཁའ་ནས་རླུང་གིས་ཚིག

བསྒུགས་ནས་མ་ཞི་བའི་རྡུལ་གྱི་ཆོ་འཕྲུལ
ཁོ་ཧྥེ་ཕོར་གང་གིས་རང་སེམས་དྲོད་ལ་སྦྱར
མེ་ལོང་གི་དཀྱིལ་དབུས་ནས་རང་ལ་འཛུམ་པའི་གྲིབ་གཟུགས་དེ
ལམ་གྱི་བཞི་མདོར་འགྲེང་བའི་བདེ་སྲུང་མི་སྣ་དང་འདྲ་ལེ།

                      2018. 8. 21ཁྲིན་ཏུའུ་ནས།

                      ཁྱོད་རང་ག་པར་ཡོད།

ཆུ་ཡི་ཐིགས་པས་བསགས་པའི་དུས་ཚོད་སྐད་ཅིག་མ
ཁེར་རྐྱང་གི་ཞོགས་པ་གྲངས་མེད་མི་ཚོགས་ཀྱི་ཀློང་ནས་མངོན་དུས
ངས་རེ་སྨོན་དང་ཕུགས་འདུན་མ་ལུས་ཁྱོད་དྲན་པའི་གདུང་བར་བརྗེས་ནས
སེམས་སུ་ཡོད་པའི་གཏམ་རྒྱུད་དག་མུན་པའི་རབ་ཁར་བརྩིགས

གློག་འོད་ཀྱི་ཕྲ་རྒྱན་བཏགས་པའི་གྲོང་ཁྱེར་འདི་རུ
གནའ་བོའི་བཟོ་བཀོད་ལ་ཡུལ་གྱར་བའི་གྲིབ་མ་འཐིམ་དུས
 རི་རབ་དང་རྒྱ་མཚོ་སྲེག་པའི་གདུག་རྩུབ་ཀྱི་ལག་པ་ཟུང་དེས
ཕྱིར་ལོག་པའི་ལམ་གྱི་ས་ཁྲ་དང་ནམ་ཟླ་དཀྲུམས་ནས་ཕྱེ་མར་འཐག

ཁྱོད་ཀྱི་དབྱར་གཞུང་གི་ནམ་མཁར་འཁྲིགས་པའི་སྤྲིན་པ
སོ་སོར་གྱེས་དུས་ཀྱི་དགའ་སྡུག་མཚོན་པའི་གནམ་གཤིས་ཀྱི་གར
བདག་སེམས་ཀྱི་མུན་པ་རུམ་ནས་འཆི་བར་སྒུག་པའི་ཉིན་ཞག་དཀར་ནག
བདེ་མོ་སྙིང་ནས་སྤྲིངས་པའི་ཁྱོད་རང་ག་པར་ཡོད

ང་ཡི་དྲན་པ་ནང་མ་ཤོང་བར་ལུས་པའི་རྟོག་བཅས་ཀྱི་འཁོར་བ
འཇིག་རྟེན་དར་རྒུད་མཚོན་པའི་གྲོང་ཁྱེར་གྱི་འདུ་འཛི་དང་འུར་ཟིང
སྐྱེ་བ་ག་ཚོད་ཅིག་ལ་བསོགས་ནས་མ་ཟད་པའི་ལན་ཆགས་ཀྱི་གཙང་པོ
ནོར་འཁྲུལ་དང་འདྲ་བའི་ཉེས་པ་འདྲུད་མཁན་ཁྱོད་རང་ག་པར་ཡོད།  

                    2018. 7. 15ཉིན་སེམས་ཀྱི་ཉི་ཟླ་ནས།

                        ཡིག་འཕྲིན།

རྨི་ལམ་གྱིས་བཙས་པའི་ཁྱོད་རང
སྤྲིན་གྱི་བང་རིམ་ལ་ཞོན་ནས
གང་ཞིག་ན་སྦས་ཡོད་ཚུལ་བདག་ལ་མི་གསལ་བས
ངོ་གདོང་ནས་ཉམ་ཐག་གི་སྐྱོ་སྣང་ལུད་དུས
མི་ཚོགས་ལ་ཞེད་པ་བཞིན་ལྟ་བར་མི་བཟོད་ཀྱང
སྟོང་བསམ་གྱི་ལག་པས་ཡིག་ཤུབས་བལྟབ་བྱུང་ཨང

ཟླ་དྲུག་པའི་ཚ་གདུག་གིས་གཙེས་པའི་ལྕང་ལོ་ཞིག
གློ་རྡེག་ལ་ང་ཡི་རྡོག་སྣེར་ལྷུང་ཚུལ་བསམ་ན
གཟུགས་མེད་རྣམ་རྟོག་གི་རྩེ་མོར་འཕྱང་བའི
རྣམ་ཤེས་ཀྱི་སྙུག་སོ་རླུང་གིས་སྒུལ་བར་དོགས

མི་ཞིག་ས་སྲོད་ཀྱི་མཐའ་མར་ལམ་ལ་ཆས་སོང
རྨི་ལམ་ནས་བཙས་པར་འདྲ་བའི་གྲིབ་གཟུགས་དེ
མིག་ལམ་གཅོད་བྱེད་ཀྱི་མུན་པའི་ཡོལ་བར་གྱུར་ནས
ཁྱོད་ལ་ལྟད་མོར་ལྟ་མཁན་དག་ཀྱང་ལོག་འགྲོ་དུས
བདག་གི་ཉིན་དཀར་གྱི་སྣང་བ་ཡིག་འཕྲིན་དུ་བསྐུར་ཡོད།

                                       2018. 8. 3

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་གྱི་སྨུག་པ།(ཞར་བཀོད་གཉིས་ཡོད)

2018-09-22 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།