ཨ་ཁུ་པད་མར་ཉན་ཐེངས་རེར།(ཞར་བཀོད་བཞི་ཡོད)


ཨ་ཁུ་པད་མར་ཉན་ཐེངས་རེར།
ལས་དབང་ལ་ཁེན་པའི་ལོ་ཟླ།
ག་ལེ་ག་ལེར།
མི་ཡུལ་ན་ཡོད་སྙམ།
མིག་ཟུང་ཕྱོགས་ས།
མི་མངོན་པའི་མཐའ་རེད།

ཨ་ཁུ་པད་མར་ཉན་ཐེངས་རེར།
མར་མེར་འབྱར་བའི་ངུ་ངག
ག་ཚོད་ག་ཚོད་ཅིག
དྲན་ངོགས་ན་ལྷག་སྙམ།
མིག་ཟུང་གཏད་ས།
ཕ་རོལ་ཀྱི་རི་རེད།

ཨ་ཁུ་པད་མར་ཉན་ཐེངས་རེར།
སེམས་པར་འཚང་བའི་ནམ་མཁའ།
ག་དུས་ག་དུས་ཤིག་ལ།
མཛེས་སྡུག་ན་གཡོ་སྙམ།
མིག་ཟུང་འཁོར་ས།
མི་ཡུལ་གྱི་ཁྱོད་རེད།

               2005/3/23བྲིས།
                 2018/10/27བཅོས།

                     སྒྲོལ་མ།

                                ----  ཞོགས་པར་སྐྱབས་ཆེན་གྱི་སྒྲོལ་མ་བཙལ་བ།

ཁྱོད་ཀྱི་མིང་ལ་སྒྲོལ་མ་མི་ཟེར་ན།
ངས་བུ་མོ་གཞན་ཞིག་གི་ངོ་གདོང་དྲན་ཆོག

སྐུ་དྲག་གི་སྲས་མོ་མ་ཡིན།   
སྤྲུལ་སྐུའི་མཁའ་འགྲོ་མ་ཡིན།
བར་བསྐོར་གྱི་མཇལ་བ་ཞིག་ལ་འཁྲུལ་ནས།   
འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་གྲིབ་རིས།
མིག་ལ་ལན་གཅིག་ཤར།

གཏམ་རྒྱུད་ཡིན་སྲིད། 
ངས་སེམས་ཁྲེལ་རིགས་ཤིག་རང་ལ་བཅོལ་ན།
ཞོགས་པའི་གསོལ་འདེབས་ཁྲོད།
སྒྲོལ་མའི་ཐང་ཀར་ཡང་ཡང་ཅེར་བ།
མགྲིན་པར་འཚང་པའི་བར་ཐག་ཅིག

                       གཏམ་རྒྱུད།

                               ---འབྲུག་གཞས་ཤིག་ལ་ཉན་པ།

(ཉི་མ་ལོ་ལས་རིང་སོང་།)
འབྲུག་གཞས་ཤིག
རླུང་ལ་བསྐྱུར་བ་མ་ཡིན།
ཉིན་མོའི་མངལ་ལ་ཟགས་ཤིང་།
སླར་ཡང་གཤོག་པ་ཐོགས་ནས།
ང་སྒུལ་ནས།
ང་ལ་དྲན་གདུང་བསྣན།

(ས་དེ་མིའི་ལུང་པ།)
ས་རྡུལ་ཆགས་པའི་ངོ་གདོང་ཞིག
རི་མོར་འཐིམས་པ་མ་ཡིན།
མཚན་མོའི་སྔས་མགོར་བཞག་ནས།
སླར་ཡང་ཀྱུར་སྐད་བཞིན།
ང་དཀྲོགས་ནས།
ང་ལ་རྨི་ལམ་གཡར།

(སྐྱེ་པ་མི་དང་མཉམ་རུང་།)
ཁྱོད་ཡིན།
ང་ཡིན།
མིང་གི་འབོད་འདོད་པ་རེ་རེ།
བར་ཐག་ཁྲི་ཕྲག་རེད་འདོད་ན།
གཏམ་རྒྱུད་ཀྱི་གྲིབ་ནག་ཅིག
ཉིན་མོ།
མཚན་མོ།
འབྲུག་གཞས་ཤིག་ལས་བཞུར་བ།
ངས་གོ་བ་ཐེངས་གཅིག་མིན།

                2018/10/26      

               ཁྱོད་གང་ན་ཡོད།

མིག་ཆུ་མང་པ་ལས་དབང་ཡིན་ན།
ཁྱོད་ངུ་དོན།
ཟློས་གར་མིན་ཏེ།
དྲན་པའི་ཁྱོད།
ཕེབས་ཤོག

སྙིང་གཏམ་མེད་པ་འཁྲེང་ཞེན་ཡིན་ན།
ཁྱོད་སྐྱོ་དོན།
ཁེར་རྐྱང་མིན་ཏེ།
སྒུག་པའི་ཁྱོད།
ཕེབས་ཤོག

བར་ཐག་ཁེངས་པ་ཐུག་འཕྲད་ཡིན་ན།
ཁྱོད་འགྲོ་དོན།
མཐའ་མཇུག་མིན་ཏེ།
གྱེས་པའི་ཁྱོད།
ཕེབས་ཤོག

རྨི་ལམ་འཁྲུལ་བ་ལོ་ཟླ་ཡིན་ན།
ཁྱོད་བོར་དོན།
སྔོན་བསགས་མིན་ཏེ།
བཙལ་བའི་ཁྱོད།
ཕེབས་ཤོག

                   2018/10/25--27

                     ཞོགས་པར་ཝ་ར་ན་སིར་སླེབས།

བདེ་མོ་མི་འདུག
སླར་མཇལ་བའི་སྨོན་ལམ།
དེ་རིང་ལ་དབང་ངམ།
ཨ་ཁ་ཁ།
སྨུག་པས་ཁྱེར་ཀྱིན་པ་དག
རེག་འདོད་ཚེ།
ཞེད་སྣང་རེ་རེ།

བསུ་མ་མི་འདུག
རྨི་ལམ་ལས་ཕྱུང་བའི་ངོ་གདོང་།
ས་མཐར་གཡེང་ངམ།
ཨ་ཁ་ཁ།
རླུང་བུས་ཁུར་ཀྱིན་པ་དག
མཐོང་འདོད་ཚེ།
སྐྱོ་སྣང་རེ་རེ།

མངགས་བཅོལ་མི་འདུག
སྐད་ཆ་ལས་ཤོར་བའི་ཕུང་བོ།
དབུགས་རིང་ལ་སིམ་མམ།
ཨ་ཁ་ཁ
ཆར་བས་གཤེར་ཀྱིན་པ་དག
གཉེར་འདོད་ཚེ།
ཞེད་སྣང་སྐྱོ་སྣང་གང་ཡིན།

                          2017/12/18
                             2018/12/28བཅོས།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཁུ་པད་མར་ཉན་ཐེངས་རེར།(ཞར་བཀོད་བཞི་ཡོད)


ཨ་ཁུ་པད་མར་ཉན་ཐེངས་རེར།
ལས་དབང་ལ་ཁེན་པའི་ལོ་ཟླ།
ག་ལེ་ག་ལེར།
མི་ཡུལ་ན་ཡོད་སྙམ།
མིག་ཟུང་ཕྱོགས་ས།
མི་མངོན་པའི་མཐའ་རེད།

ཨ་ཁུ་པད་མར་ཉན་ཐེངས་རེར།
མར་མེར་འབྱར་བའི་ངུ་ངག
ག་ཚོད་ག་ཚོད་ཅིག
དྲན་ངོགས་ན་ལྷག་སྙམ།
མིག་ཟུང་གཏད་ས།
ཕ་རོལ་ཀྱི་རི་རེད།

ཨ་ཁུ་པད་མར་ཉན་ཐེངས་རེར།
སེམས་པར་འཚང་བའི་ནམ་མཁའ།
ག་དུས་ག་དུས་ཤིག་ལ།
མཛེས་སྡུག་ན་གཡོ་སྙམ།
མིག་ཟུང་འཁོར་ས།
མི་ཡུལ་གྱི་ཁྱོད་རེད།

               2005/3/23བྲིས།
                 2018/10/27བཅོས།

                     སྒྲོལ་མ།

                                ----  ཞོགས་པར་སྐྱབས་ཆེན་གྱི་སྒྲོལ་མ་བཙལ་བ།

ཁྱོད་ཀྱི་མིང་ལ་སྒྲོལ་མ་མི་ཟེར་ན།
ངས་བུ་མོ་གཞན་ཞིག་གི་ངོ་གདོང་དྲན་ཆོག

སྐུ་དྲག་གི་སྲས་མོ་མ་ཡིན།   
སྤྲུལ་སྐུའི་མཁའ་འགྲོ་མ་ཡིན།
བར་བསྐོར་གྱི་མཇལ་བ་ཞིག་ལ་འཁྲུལ་ནས།   
འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་གྲིབ་རིས།
མིག་ལ་ལན་གཅིག་ཤར།

གཏམ་རྒྱུད་ཡིན་སྲིད། 
ངས་སེམས་ཁྲེལ་རིགས་ཤིག་རང་ལ་བཅོལ་ན།
ཞོགས་པའི་གསོལ་འདེབས་ཁྲོད།
སྒྲོལ་མའི་ཐང་ཀར་ཡང་ཡང་ཅེར་བ།
མགྲིན་པར་འཚང་པའི་བར་ཐག་ཅིག

                       གཏམ་རྒྱུད།

                               ---འབྲུག་གཞས་ཤིག་ལ་ཉན་པ།

(ཉི་མ་ལོ་ལས་རིང་སོང་།)
འབྲུག་གཞས་ཤིག
རླུང་ལ་བསྐྱུར་བ་མ་ཡིན།
ཉིན་མོའི་མངལ་ལ་ཟགས་ཤིང་།
སླར་ཡང་གཤོག་པ་ཐོགས་ནས།
ང་སྒུལ་ནས།
ང་ལ་དྲན་གདུང་བསྣན།

(ས་དེ་མིའི་ལུང་པ།)
ས་རྡུལ་ཆགས་པའི་ངོ་གདོང་ཞིག
རི་མོར་འཐིམས་པ་མ་ཡིན།
མཚན་མོའི་སྔས་མགོར་བཞག་ནས།
སླར་ཡང་ཀྱུར་སྐད་བཞིན།
ང་དཀྲོགས་ནས།
ང་ལ་རྨི་ལམ་གཡར།

(སྐྱེ་པ་མི་དང་མཉམ་རུང་།)
ཁྱོད་ཡིན།
ང་ཡིན།
མིང་གི་འབོད་འདོད་པ་རེ་རེ།
བར་ཐག་ཁྲི་ཕྲག་རེད་འདོད་ན།
གཏམ་རྒྱུད་ཀྱི་གྲིབ་ནག་ཅིག
ཉིན་མོ།
མཚན་མོ།
འབྲུག་གཞས་ཤིག་ལས་བཞུར་བ།
ངས་གོ་བ་ཐེངས་གཅིག་མིན།

                2018/10/26      

               ཁྱོད་གང་ན་ཡོད།

མིག་ཆུ་མང་པ་ལས་དབང་ཡིན་ན།
ཁྱོད་ངུ་དོན།
ཟློས་གར་མིན་ཏེ།
དྲན་པའི་ཁྱོད།
ཕེབས་ཤོག

སྙིང་གཏམ་མེད་པ་འཁྲེང་ཞེན་ཡིན་ན།
ཁྱོད་སྐྱོ་དོན།
ཁེར་རྐྱང་མིན་ཏེ།
སྒུག་པའི་ཁྱོད།
ཕེབས་ཤོག

བར་ཐག་ཁེངས་པ་ཐུག་འཕྲད་ཡིན་ན།
ཁྱོད་འགྲོ་དོན།
མཐའ་མཇུག་མིན་ཏེ།
གྱེས་པའི་ཁྱོད།
ཕེབས་ཤོག

རྨི་ལམ་འཁྲུལ་བ་ལོ་ཟླ་ཡིན་ན།
ཁྱོད་བོར་དོན།
སྔོན་བསགས་མིན་ཏེ།
བཙལ་བའི་ཁྱོད།
ཕེབས་ཤོག

                   2018/10/25--27

                     ཞོགས་པར་ཝ་ར་ན་སིར་སླེབས།

བདེ་མོ་མི་འདུག
སླར་མཇལ་བའི་སྨོན་ལམ།
དེ་རིང་ལ་དབང་ངམ།
ཨ་ཁ་ཁ།
སྨུག་པས་ཁྱེར་ཀྱིན་པ་དག
རེག་འདོད་ཚེ།
ཞེད་སྣང་རེ་རེ།

བསུ་མ་མི་འདུག
རྨི་ལམ་ལས་ཕྱུང་བའི་ངོ་གདོང་།
ས་མཐར་གཡེང་ངམ།
ཨ་ཁ་ཁ།
རླུང་བུས་ཁུར་ཀྱིན་པ་དག
མཐོང་འདོད་ཚེ།
སྐྱོ་སྣང་རེ་རེ།

མངགས་བཅོལ་མི་འདུག
སྐད་ཆ་ལས་ཤོར་བའི་ཕུང་བོ།
དབུགས་རིང་ལ་སིམ་མམ།
ཨ་ཁ་ཁ
ཆར་བས་གཤེར་ཀྱིན་པ་དག
གཉེར་འདོད་ཚེ།
ཞེད་སྣང་སྐྱོ་སྣང་གང་ཡིན།

                          2017/12/18
                             2018/12/28བཅོས།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།