སེམས་ཚེགས།

དངངས་འཚབ་སྐྱེ་བ་ནི་ཁྱོད་ཀྱི་རི་གྲོང་དུ་ཁ་བ་བབས་པས་རེད།
ཁ་བ་དེས་རྣོ་ཞིང་རྩུབ་པའི་ཚེར་མ་ཁུར་འདུག་པས་རེད།
ཡང་གཅིག་བཤད་ན་དབྱར་གཞུང་དུ་ཁ་བ་བབས་པས་རེད།
ངས་ཚེ་གཅིག་ལ་གསོ་འདོད་པའི་མེ་ཏོག་འཕྱིད་འགྲོ་བསམ་ནས།
ང་རང་དངངས་འཚབ་སྐྱེས་པས་རེད།
ཆིག་སྟོང་གོ་དྲུག་ལོ་ནས་ལང་ཚོ་དར་ལ་བབས་པའི་དེ་རིང་བར།
ངས་རི་གྲོང་ཉུལ་ནས་འོང་ཞིང་རི་གྲོང་དུ་ཞེན་ཆགས་བསྙལ་ནས་འོང་།
ཞེན་ཆགས་དེ་ལས་ཁྱོད་ནི་ངའི་འཁོར་བའི་གཏིང་རྡོ་རུ་གྱུར་ཞིང་།
ངའི་ལན་ཆགས་ཀྱི་གྲིབ་མར་གྱུར་ཡང་ཞེ་མི་སྡང་བའི་ཆོས་སུ་གྱུར།
དེ་ནས་བཟུང་ཁྱོད་ནི་ངའི་ཚེ་སྲོག་གི་རྟོད་ཐག་ཁུར་བའི་སྲོག་ཆགས་ཡིན།
ང་ལ་ཆེས་དགའ་བའི་ལ་གཞས་གཏོང་མཁན་ཞིག་དགོས།
བརྩེ་དུང་གི་གདངས་སུ་དམ་བཅའི་གོས་བཀྲམ་མཁན་ཞིག་དགོས།
དེ་ནི་སྨུག་པས་བཀབ་པའི་རྫ་གསེང་གི་ཤྭ་བ་དེའི་འགྲོ་རོགས་ཡིན།
ཆར་དང་རླུང་བུའི་འོག་གི་ཤྭ་བ་དེའི་སྐྱོ་རོགས་ཡིན།

                                  2018.6.6ལ།

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

 


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཚེགས།

2018-11-28 རྨོག ཀློག་གྲངས། མཆན ཡོད།

དངངས་འཚབ་སྐྱེ་བ་ནི་ཁྱོད་ཀྱི་རི་གྲོང་དུ་ཁ་བ་བབས་པས་རེད།
ཁ་བ་དེས་རྣོ་ཞིང་རྩུབ་པའི་ཚེར་མ་ཁུར་འདུག་པས་རེད།
ཡང་གཅིག་བཤད་ན་དབྱར་གཞུང་དུ་ཁ་བ་བབས་པས་རེད།
ངས་ཚེ་གཅིག་ལ་གསོ་འདོད་པའི་མེ་ཏོག་འཕྱིད་འགྲོ་བསམ་ནས།
ང་རང་དངངས་འཚབ་སྐྱེས་པས་རེད།
ཆིག་སྟོང་གོ་དྲུག་ལོ་ནས་ལང་ཚོ་དར་ལ་བབས་པའི་དེ་རིང་བར།
ངས་རི་གྲོང་ཉུལ་ནས་འོང་ཞིང་རི་གྲོང་དུ་ཞེན་ཆགས་བསྙལ་ནས་འོང་།
ཞེན་ཆགས་དེ་ལས་ཁྱོད་ནི་ངའི་འཁོར་བའི་གཏིང་རྡོ་རུ་གྱུར་ཞིང་།
ངའི་ལན་ཆགས་ཀྱི་གྲིབ་མར་གྱུར་ཡང་ཞེ་མི་སྡང་བའི་ཆོས་སུ་གྱུར།
དེ་ནས་བཟུང་ཁྱོད་ནི་ངའི་ཚེ་སྲོག་གི་རྟོད་ཐག་ཁུར་བའི་སྲོག་ཆགས་ཡིན།
ང་ལ་ཆེས་དགའ་བའི་ལ་གཞས་གཏོང་མཁན་ཞིག་དགོས།
བརྩེ་དུང་གི་གདངས་སུ་དམ་བཅའི་གོས་བཀྲམ་མཁན་ཞིག་དགོས།
དེ་ནི་སྨུག་པས་བཀབ་པའི་རྫ་གསེང་གི་ཤྭ་བ་དེའི་འགྲོ་རོགས་ཡིན།
ཆར་དང་རླུང་བུའི་འོག་གི་ཤྭ་བ་དེའི་སྐྱོ་རོགས་ཡིན།

                                  2018.6.6ལ།

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

 


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།