མཆའ་ངེ་མཆོང་ངེ་།(ཞར་བཀོད་གཅིག་ཡོད)
ས་གཤགས
ཡང་རི་བོ་སྲ་སྙིང་རིང་ཐུང་ཕྱི་གོན་ནང་གོན
ཁོག་ས་ལྕི་ས་ངལ་ས་ཐག་ཉེ་རིང་ཟིན་མི་ཟིན་གཉིས་ཀ་གཤགས
རྡོ་འབར་འབུར་རིང་མོ་བཅད
ཚེ་སྲོག་སུམ་ཆ་སུམ ཆུ་འབར་འབུར་སྐྱ་གནར་སེར་གནར
ཆ་མེད རྒྱུས་མེད མ་མཐོང་བ་ཐམས་ཅད་ཨ་ན་མ་ན
ལྕགས་བྱ ཐོག་ཁང སྲང་ཡངས་དོག ཟས་ཁང་གང་མངོན་དམ་དུམ་ཆད་ཆོད་བརྒྱུན
རྒྱ་ཁོག་ལུང་ཁག་བཅོ་བརྒྱད་པོ རྒྱ་མོ
བོད་ཡུལ་ལུང་པ རྒྱ་མོ
སྟག་ཤ་ར རྒྱ་མོ
ལག་མིག་རྡོ་གཉིས་ཀ ཁ་པར་རྒྱ་མོ
འཚོ་བ་འཚོ་སྡོད་གཉིས་ཀ ས་ལྡིང་གནམ་ལྡིང རིང་མཆོང་རིང་མཆོང
ངལ་ཁ།
དོང་ངོ
དོང་ནི་རྦབ་ཆུའོ
རྦབ་ཆུ་ནི་ས་ལ་ཟགས་ཀྱང་སྐམ་པོའོ།།
_______༼ དོན་སྟོང་རྔུལ་ཆུ ༽ ལ་ཕུལ་པའི་མི་རབས།
མགོ་རུ་གནམ་གྲུ་འཁོར་བ་ལས་ལྡོག་གོ
མིག་ཏུ་གསེར་འཕྲོ་བ་ལས་ལྡོག་གོ
རྣ་རུ་དོང་ཙེ་སྒྲོག་པ་ལས་ལྡོག་གོ
སྣ་རུ་ཁ་ཟས་ཆེན་པོ་བྲོ་བ་ལས་ལྡོག་གོ
ཁ་རུ་འབྲི་མོ་བརྒྱ་ཕྲག་འོ་མ་དང་གཡག་ཤ་རྐང་ཡས་རྐང་ཡས་ཀྱིས་ལྷུང་བ་ལས་ལྡོག་གོ
ཆུ་ཚོད་ཟད་ནའང་ཟད
འཆི་བ་ལས་ལྕི་བ་ཁ་བ་ན་བ་འཁུན་པ་ཐོན་ནའང་ཐོན
ཁ་ཆུང་ཆུང་མུག་ཁ་རུ་སྐྲངས་པའི་བྱེའུ་སྙིང་སྒོ་ལྕགས་ཨ་ལོང་དགུ་བསྐོར་ཏུ་ས་འབྲང་རྡོ་འབྲང
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས།