འགྱུར་བའི་སྡུག་བསྔལ།*
ཉིན་དང་པོར།
ཁོའི་ལུས་ལ་ལྕག་ཚན་བརྒྱ་བྲབས་བྱུང་།
ཁོ་ལ་ཁོང་ཁྲོ་ཆེན་པོ་སེམས་ཀྱི་གཏིང་ནས་ལངས།
འོན་ཀྱང་བྱ་ཐབས་ཟད་པས་བཟོད་སྒོམ་བྱས།
ཉིན་གཉིས་པར།
ཁོ་ལ་ཡང་བསྐྱར་ལྕག་ཚན་བརྒྱད་ཅུ་བྲབས།
ཁོ་ལ་སྔར་བཞིན་ཁོང་ཁྲོ་བཟོད་གླགས་མེད་པ་སྐྱེས།
འོན་ཀྱང་རེ་ལྟོས་ཀྱང་ཏོག་ཙམ་འཆའ།
ཉིན་གསུམ་པར།
ཁོའི་ལུས་ལ་ལྕག་ཚན་དྲུག་ཅུ་བྲབས།
ཁོས་ཁོང་ཁྲོ་རེ་ཞིག་ཉུང་དུ་ཕྱིན་འདུག་པ་ཚོར །
ལྕག་ཚན་གཞུ་མཁན་ཇེ་བཟང་དུ་འགྲོ་བ་མཐོང་།
ཉིན་བཞི་བར།
ཁོ་ལ་སྔར་བཞིན་ལྕག་ཚན་སུམ་ཅུ་བྲབས།
ཁོའི་ཁོང་ཁྲོ་རིམ་གྱིས་ཞི་ཞིང་པུས་མོ་ས་རུ་བཙུགས།
མིག་ཆུ་འདོན་གྱིན་འགྱོད་བཤགས་དང་བཀའ་དྲིན་དྲན།
ཉིན་ལྔ་བར།
ཁོ་ལ་ལྕག་ཚན་བཅུ་ལས་བྲབས་མ་སོང་།
ཁོའི་ཁོང་ཁྲོ་རྩ་བ་ནས་མེད་པར་གྱུར་ཅིང་།
ལྕག་ཚན་གཞུ་མཁན་མགོན་དང་སྐྱབས་སུ་བཅོལ།
ཉིན་དྲུག་པར།
ཁོ་རང་སེམས་ཀྱི་གཏིང་ནས།
རང་ལ་ལྕག་ཚན་བྲབ་པར་དགའ་བ་འཕེལ།
ལྕག་ཚན་གཞུ་མཁན་རྣམ་ཀུན་གཙུག་ཏུ་བཀུར།
ཉིན་གྱི་མཐའ་མར།
ཁོ་རང་ལྕག་ཚན་འབྲབ་པའི་འཚོ་བར་གཤིས་སུ་གོམས།
མི་ཚེ་གང་བོ་ལྕག་ཚན་གཞུ་བར་རེ་སྒུག་ངང་གིས་འདས།
འཆི་ཁར་ལྕག་གིས་བྲབ་པར་གསོལ་བ་སྙིང་ནས་བཏབ།
2019-4-14
*བྲན་གཤིས་སུ་འགྱུར་བའི་གོ་རིམ་ཞེས་པའི་རྒྱ་ཡིག་གི་རྩོམ་ཐུང་ཞིག་ལ་གཞི་བཅོལ་དེ་བྲིས་པའོ།།

རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།