ཤིན་ཏུ་དལ་བའི་དུས་ཚོད་འདི་ཡི་ཕ་རོ་མ་རོ།
༡
ཤིན་ཏུ་དལ་བའི་དུས་ཚོད་འདི་ཡི་ཕ་རོ་མ་རོ།།འུ་གཉིས་གཉིད་པའི་རྩ་རྒྱུས་ལྷོད་པོས་འཛིན་ནི་ཐུབ་བོ།།
རྐང་ལག་མེད་པའི་རྒྱུ་སྐར་བྱེ་བས་ཕིགས་ཀྱང་ཐུབ་བོ།།
ཁྲག་གི་མེ་ནི་རབ་ཏུ་འཁྱག་ཏེ་འདར་བའི་ཟོལ་གྱིས་བསྲེག་ཀྱང་ཐུབ་བོ།།
སྐྱི་མོའི་འདབ་མ་དལ་གྱིས་གཡོས་ཏེ་གཉེར་མའི་ཐག་པས་བཀྱིག་ཀྱང་ཐུབ་བོ།།
ཤིན་ཏུ་དལ་བའི་དུས་ཚོད་འདི་ཡི་ཕ་རོ་མ་རོ།།
ནད་པ་དག་གི་ཟུག་ངུའི་འཛེར་མ་བརྡེབ་ཀྱང་ཐུབ་བོ།།
སྲང་གི་རྐང་པ་གྱོལ་བོ་དག་གིས་བརྫི་ཡང་ཐུབ་བོ།།
ལས་གྲོགས་འགའ་ཡི་སྒྱིད་ལུག་ལག་པས་ཟས་དང་ལྷན་དུ་བཟའ་ཡང་ཐུབ་བོ།།
འཆལ་མོ་དེ་ཡི་སྲེད་པའི་འཁུན་སྒྲས་དབུགས་དང་ལྷན་དུ་གཏོང་ཡང་ཐུབ་བོ།།
༢
གཟར་ལ་གྲི་ཡིས་འདེབས་མ་ལེབ་ལ་ལེན་གྱིས་གཞོགས་མ།།
ཚ་ལ་མེ་ཡིས་སྦར་མ་གྲང་ལ་འཁྱག་པས་གཙུབ་མ།།
ང་ལ་བརྩེ་བས་བསྙོར་མ་ཁྱོད་ལ་སྡང་བས་ལྟ་མ།།
ཤིན་ཏུ་དལ་བའི་དུས་ཚོད་འདི་ཡི་ཕ་རོ་མ་རོ།།
རུལ་མ་ཟགས་མ་སྙིགས་མ་གཏོར་མ་ཁྱོད།།
གཡོ་མ་སྒྱུ་མ་ཁྲམ་མ་འཕོངས་མ་ཁྱོད།།
མ་མི་མིན་མེད་ཚེ་ཡི་དགྲ་བོ་ཁྱོད།།
ཤིན་ཏུ་དལ་བའི་དུས་ཚོད་འདི་ཡི་ཕ་རོ་མ་རོ།།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།