སྒྱུ་མའི་རུས་སྒྲོམ་མཐོང་བ།(ཞར་བཀོད་གཅིག་ཡོད)
སྲོད་ཀྱི་དུས་སུ་སྲང་ལ་འཁྱམས
གློག་འོད་དཀར་སེར་དམར་ལྗང་མཐོང
མི་ཚོགས་རྒྱ་མཚོའི་རླབས་ཕྲེང་མཐོང
མུན་དོང་ལྟ་བུའི་མིག་ཟུང་ནི
སྐར་ཚོགས་བཞིན་དུ་རུབ་པ་མཐོང
བཅོས་མའི་འཛུམ་དང་གཏམ་དག་ཀྱང
གདོང་འབག་བཞིན་དུ་གྱོན་པ་མཐོང
ཁེར་རྐྱང་བརྒྱ་སྟོང་ཁྲི་འབུམ་མཐོང
སྐྱོ་གདུང་བྱེ་བ་ཁྲག་ཁྲིག་མཐོང
རེ་ཆད་དག་ཀྱང་སོ་ཕག་གམ
རི་བོ་བཞིན་དུ་བརྩིགས་པ་མཐོང
མཚོ་མོའི་གཟུགས་ཀྱིས་མེར་བ་མཐོང
བྱེ་མའི་ཚུལ་གྱིས་བཞུར་བ་མཐོང
ཆུ་རླབས་ལྟར་དུ་འཕྱོ་བའང་མཐོང
མུན་པའི་ལྕགས་ཚ་དམར་པོ་མཐོང
རུས་རྐང་ཞུན་མར་འཐག་པ་མཐོང
རྫོབ་ཅིང་མཐུག་པའི་དྲེག་མོག་ནི
ཡབ་ཀྱི་གདོང་བར་བྱུགས་པ་མཐོང
ཡུམ་གྱི་མིག་ལ་གཏོར་བ་མཐོང
རྒྱུ་དང་ནོམ་པའི་མེ་ལྕེ་མཐོང
ལང་ཚོའི་བླ་གོས་འཚིག་པ་མཐོང
ཧམ་པའི་རླུང་ནག་འཚུབ་པ་མཐོང
གཉེན་གྱི་མདུད་པ་གྲོལ་བ་མཐོང
གྲོགས་ཀྱི་མཁར་རྫོང་ཞིག་པ་མཐོང
ཁྲག་གི་བྱེ་ལེབ་རྩེན་པ་མཐོང
རྨ་ཁ་མེད་པའི་ན་ཟུག་མཐོང
འཕྱ་བའི་སྐད་དང་སྨོད་པའི་གཏམ
སོ་ཕྲེང་ཕྱི་རུ་འཐོར་བ་མཐོང
ལོ་མང་བསླེས་པའི་བརྩེ་བ་ནི
ཚགས་ཤོག་བཞིན་དུ་རལ་བ་མཐོང
མུན་པས་མིག་ཟུང་སྒྲིབ་པ་མཐོང
འཛུམ་གྱིས་བཀབ་པའི་འཇིགས་སྐུལ་མཐོང
མེ་ཏོག་ལྟ་བུའི་གཡོ་ཇུས་མཐོང
མི་སེམས་ནག་པོའི་གྲིབ་མ་ནི
ཚེར་མའི་ཚུལ་གྱིས་གཟེངས་པ་མཐོང
དཔུང་ཤ་རྒོད་པའི་ཚེ་སྲོག་ནི
མེ་སྟག་བཞིན་དུ་ཞི་བ་མཐོང
སྙན་གྲགས་བ་དན་འགྱེལ་བ་མཐོང
ལང་ཚོའི་ཉི་འོད་རྙིད་པ་མཐོང
མུ་མེད་འཁོར་བའི་བྱང་ཐང་དུ
སྐྱིད་ཀྱི་སོན་འབྲུ་རྙེད་མཁན་ནི
མཛུབ་མོའི་གྲངས་ལས་མེད་པ་མཐོང
དུས་རབས་ནག་པོའི་མཚན་མོ་འམ
མི་རྟག་སྒྱུ་མའི་རུས་སྒྲོམ་ནི
ཚིག་དང་བརྗོད་པའི་འདུ་སྦྱོར་གྱིས
བྲིས་ཀྱང་རྫོགས་ཏུ་མེད་པ་མཐོང
ཉི་འོད་འོག་ཏུ་ཁོ་བོ་དམིགས་མེད་བསྐྱོད
ལམ་གྱི་ངོས་སུ་རྡོག་སྒྲ་ཟ་ཟི་འཁྱིལ
སྤྲིན་པ་སབ་སོབ་ནམ་མཁའི་བྲང་གཞུང་དུ
སུ་ཡི་སྙིང་གཏམ་ཇི་བཞིན་འཁྱར་ཞིང་ལྡང
སྐྲ་རྩེ་དག་ཏུ་རྔུལ་ཆུའི་ཐིགས་ཕྲེང་འཛུམ
རླུང་གི་ལག་པ་བསིལ་མོས་བྱིལ་བྱིལ་གནང
ལམ་འགྲམ་རྡོ་བ་དག་ལས་མེ་ཏོག་བཞད
ཨ་ཆད་ངལ་དུབ་སྨུག་སྤྲིན་རང་སོར་ཡལ
སྲོད་ཀའི་མཚམས་སྤྲིན་གནམ་གྱི་མཐའ་རུ་བཀྲ
རྫི་བོའི་དྲན་གཞས་རི་ཟོམ་སྤྲིན་གསེབ་རྒྱུ
ཉག་ཁའི་དར་ལྕེས་རླུང་གི་གདོང་ལ་ལྡག
དུ་ཞགས་གྱ་གྱུ་ངལ་བས་སྦྲ་ཀླད་འཕྱུར
མཚན་རྒྱབ་ཨོང་མེའི་ངོགས་སུ་ཁྱོད་ཞལ་མཐོང
སྐར་ཆེན་མིག་ཟུང་དེ་ཀོ་སྙིང་དུ་སྡུག
བརྩེ་བས་བརླན་པའི་འཛུམ་མདངས་སྣུམ་པོ་དེས
ཁོ་བོའི་ཁེར་རྐྱང་རྨི་ལམ་རྩད་ནས་དཀྲོགས
རི་ཟོམ་སྨུག་སྤྲིན་གསེབ་ཀྱི་རོགས་གླུ་དེ
སྲོད་ཀའི་མཚམས་སྤྲིན་འོག་གི་ལམ་ཕྲན་དེ
བཅོ་ལྔའི་ཟླ་འོད་ཀློང་གི་སྙིང་གཏམ་དེ
མི་འགྱུར་ཁ་ཆད་བྱས་པའི་མནའ་ཚིག་དེ
སྟོན་ཟླའི་དུས་སུ་གྱེས་བྲལ་ལྷགས་པ་ལྡང
ཁྱོད་ཀྱི་རྒྱབ་གཟུགས་ང་ཡི་མིག་མཐར་ཡལ
སེམས་ཀྱི་སྙི་ས་ཞིག་ལ་གཟེར་ནག་རྒྱུགས
གདུང་སེམས་མཆི་མ་ལོ་མའི་ཚུལ་གྱིས་འཐོར
ཟླ་འོད་འཕྱོན་མའི་ཚུལ་གྱིས་སྤྲིན་གསེབ་རྒྱུ
སྐར་ཚོགས་ཆགས་པའི་མིག་ཞགས་ལྷེམ་ལྷེམ་འགུལ
ཁོ་བོས་མཚན་སྨག་དཀྱིལ་ནས་ཨ་རག་མཆོད
སྙན་ངག་གྱེར་ཞིང་སེམས་པ་དྲག་ཏུ་ངུས
གློ་རྡེག་ཟོ་ཆུན་འཁྱུད་མོ་བྱོ་བ་བཞིན
ཆར་གྱི་མདེའུས་མི་ཚོགས་ཕྱོགས་སོར་གཏོར
ང་ནི་བྱིས་པ་ཞིག་ལྟར་ཆར་ནང་རྒྱུགས
སྐྱོ་གདུང་བྲིས་རིས་ནག་པོ་དག་སྙམ་སྐྱེས
གཉེན་གྲོགས་དག་ནི་རླུང་ཁའི་བྱེ་མ་བཞིན
དུས་ཀྱི་སྔ་ཕྱི་བར་ནས་འཐོར་ཞིག་འགྲོ
མི་ཚེའི་ལ་མོ་ཁེར་རྐྱང་བརྒལ་བའི་དུས
རང་གི་གྲིབ་གཟུགས་ཁོ་ན་ཡི་གར་འོང
རྒྱང་རིང་རྨི་ལམ་རྦབ་རྡོའི་ཚུལ་གྱིས་འདྲིལ
འཆི་བའི་ལྡེབས་རིས་ཁོ་ན་སྙིང་དུ་སྡུག
ནང་སེམས་སྐྱོ་བས་བསྣད་པའི་སྙན་ངག་པ
མཚན་གྱི་དུས་སུ་ཆང་ཕོར་ནང་དུ་ལྕེབས
གློག་འོད་དཀར་སེར་དམར་ལྗང་མཐོང
མི་ཚོགས་རྒྱ་མཚོའི་རླབས་ཕྲེང་མཐོང
མུན་དོང་ལྟ་བུའི་མིག་ཟུང་ནི
སྐར་ཚོགས་བཞིན་དུ་རུབ་པ་མཐོང
བཅོས་མའི་འཛུམ་དང་གཏམ་དག་ཀྱང
གདོང་འབག་བཞིན་དུ་གྱོན་པ་མཐོང
ཁེར་རྐྱང་བརྒྱ་སྟོང་ཁྲི་འབུམ་མཐོང
སྐྱོ་གདུང་བྱེ་བ་ཁྲག་ཁྲིག་མཐོང
རེ་ཆད་དག་ཀྱང་སོ་ཕག་གམ
རི་བོ་བཞིན་དུ་བརྩིགས་པ་མཐོང
མཚོ་མོའི་གཟུགས་ཀྱིས་མེར་བ་མཐོང
བྱེ་མའི་ཚུལ་གྱིས་བཞུར་བ་མཐོང
ཆུ་རླབས་ལྟར་དུ་འཕྱོ་བའང་མཐོང
མུན་པའི་ལྕགས་ཚ་དམར་པོ་མཐོང
རུས་རྐང་ཞུན་མར་འཐག་པ་མཐོང
རྫོབ་ཅིང་མཐུག་པའི་དྲེག་མོག་ནི
ཡབ་ཀྱི་གདོང་བར་བྱུགས་པ་མཐོང
ཡུམ་གྱི་མིག་ལ་གཏོར་བ་མཐོང
རྒྱུ་དང་ནོམ་པའི་མེ་ལྕེ་མཐོང
ལང་ཚོའི་བླ་གོས་འཚིག་པ་མཐོང
ཧམ་པའི་རླུང་ནག་འཚུབ་པ་མཐོང
གཉེན་གྱི་མདུད་པ་གྲོལ་བ་མཐོང
གྲོགས་ཀྱི་མཁར་རྫོང་ཞིག་པ་མཐོང
ཁྲག་གི་བྱེ་ལེབ་རྩེན་པ་མཐོང
རྨ་ཁ་མེད་པའི་ན་ཟུག་མཐོང
འཕྱ་བའི་སྐད་དང་སྨོད་པའི་གཏམ
སོ་ཕྲེང་ཕྱི་རུ་འཐོར་བ་མཐོང
ལོ་མང་བསླེས་པའི་བརྩེ་བ་ནི
ཚགས་ཤོག་བཞིན་དུ་རལ་བ་མཐོང
མུན་པས་མིག་ཟུང་སྒྲིབ་པ་མཐོང
འཛུམ་གྱིས་བཀབ་པའི་འཇིགས་སྐུལ་མཐོང
མེ་ཏོག་ལྟ་བུའི་གཡོ་ཇུས་མཐོང
མི་སེམས་ནག་པོའི་གྲིབ་མ་ནི
ཚེར་མའི་ཚུལ་གྱིས་གཟེངས་པ་མཐོང
དཔུང་ཤ་རྒོད་པའི་ཚེ་སྲོག་ནི
མེ་སྟག་བཞིན་དུ་ཞི་བ་མཐོང
སྙན་གྲགས་བ་དན་འགྱེལ་བ་མཐོང
ལང་ཚོའི་ཉི་འོད་རྙིད་པ་མཐོང
མུ་མེད་འཁོར་བའི་བྱང་ཐང་དུ
སྐྱིད་ཀྱི་སོན་འབྲུ་རྙེད་མཁན་ནི
མཛུབ་མོའི་གྲངས་ལས་མེད་པ་མཐོང
དུས་རབས་ནག་པོའི་མཚན་མོ་འམ
མི་རྟག་སྒྱུ་མའི་རུས་སྒྲོམ་ནི
ཚིག་དང་བརྗོད་པའི་འདུ་སྦྱོར་གྱིས
བྲིས་ཀྱང་རྫོགས་ཏུ་མེད་པ་མཐོང
སྣང་བའི་ར་རི།
ཉི་འོད་འོག་ཏུ་ཁོ་བོ་དམིགས་མེད་བསྐྱོད
ལམ་གྱི་ངོས་སུ་རྡོག་སྒྲ་ཟ་ཟི་འཁྱིལ
སྤྲིན་པ་སབ་སོབ་ནམ་མཁའི་བྲང་གཞུང་དུ
སུ་ཡི་སྙིང་གཏམ་ཇི་བཞིན་འཁྱར་ཞིང་ལྡང
སྐྲ་རྩེ་དག་ཏུ་རྔུལ་ཆུའི་ཐིགས་ཕྲེང་འཛུམ
རླུང་གི་ལག་པ་བསིལ་མོས་བྱིལ་བྱིལ་གནང
ལམ་འགྲམ་རྡོ་བ་དག་ལས་མེ་ཏོག་བཞད
ཨ་ཆད་ངལ་དུབ་སྨུག་སྤྲིན་རང་སོར་ཡལ
སྲོད་ཀའི་མཚམས་སྤྲིན་གནམ་གྱི་མཐའ་རུ་བཀྲ
རྫི་བོའི་དྲན་གཞས་རི་ཟོམ་སྤྲིན་གསེབ་རྒྱུ
ཉག་ཁའི་དར་ལྕེས་རླུང་གི་གདོང་ལ་ལྡག
དུ་ཞགས་གྱ་གྱུ་ངལ་བས་སྦྲ་ཀླད་འཕྱུར
མཚན་རྒྱབ་ཨོང་མེའི་ངོགས་སུ་ཁྱོད་ཞལ་མཐོང
སྐར་ཆེན་མིག་ཟུང་དེ་ཀོ་སྙིང་དུ་སྡུག
བརྩེ་བས་བརླན་པའི་འཛུམ་མདངས་སྣུམ་པོ་དེས
ཁོ་བོའི་ཁེར་རྐྱང་རྨི་ལམ་རྩད་ནས་དཀྲོགས
རི་ཟོམ་སྨུག་སྤྲིན་གསེབ་ཀྱི་རོགས་གླུ་དེ
སྲོད་ཀའི་མཚམས་སྤྲིན་འོག་གི་ལམ་ཕྲན་དེ
བཅོ་ལྔའི་ཟླ་འོད་ཀློང་གི་སྙིང་གཏམ་དེ
མི་འགྱུར་ཁ་ཆད་བྱས་པའི་མནའ་ཚིག་དེ
སྟོན་ཟླའི་དུས་སུ་གྱེས་བྲལ་ལྷགས་པ་ལྡང
ཁྱོད་ཀྱི་རྒྱབ་གཟུགས་ང་ཡི་མིག་མཐར་ཡལ
སེམས་ཀྱི་སྙི་ས་ཞིག་ལ་གཟེར་ནག་རྒྱུགས
གདུང་སེམས་མཆི་མ་ལོ་མའི་ཚུལ་གྱིས་འཐོར
ཟླ་འོད་འཕྱོན་མའི་ཚུལ་གྱིས་སྤྲིན་གསེབ་རྒྱུ
སྐར་ཚོགས་ཆགས་པའི་མིག་ཞགས་ལྷེམ་ལྷེམ་འགུལ
ཁོ་བོས་མཚན་སྨག་དཀྱིལ་ནས་ཨ་རག་མཆོད
སྙན་ངག་གྱེར་ཞིང་སེམས་པ་དྲག་ཏུ་ངུས
གློ་རྡེག་ཟོ་ཆུན་འཁྱུད་མོ་བྱོ་བ་བཞིན
ཆར་གྱི་མདེའུས་མི་ཚོགས་ཕྱོགས་སོར་གཏོར
ང་ནི་བྱིས་པ་ཞིག་ལྟར་ཆར་ནང་རྒྱུགས
སྐྱོ་གདུང་བྲིས་རིས་ནག་པོ་དག་སྙམ་སྐྱེས
གཉེན་གྲོགས་དག་ནི་རླུང་ཁའི་བྱེ་མ་བཞིན
དུས་ཀྱི་སྔ་ཕྱི་བར་ནས་འཐོར་ཞིག་འགྲོ
མི་ཚེའི་ལ་མོ་ཁེར་རྐྱང་བརྒལ་བའི་དུས
རང་གི་གྲིབ་གཟུགས་ཁོ་ན་ཡི་གར་འོང
རྒྱང་རིང་རྨི་ལམ་རྦབ་རྡོའི་ཚུལ་གྱིས་འདྲིལ
འཆི་བའི་ལྡེབས་རིས་ཁོ་ན་སྙིང་དུ་སྡུག
ནང་སེམས་སྐྱོ་བས་བསྣད་པའི་སྙན་ངག་པ
མཚན་གྱི་དུས་སུ་ཆང་ཕོར་ནང་དུ་ལྕེབས
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།