ང་ཆེས་ཤིན་ཏུ་གདུང་དུས་ནི།(ཞར་བཀོད་གཅིག་ཡོད)


ང་ཆེས་ཤིན་ཏུ་གདུང་དུས་ནི
རང་ཉིད་ཤི་བ་མ་རེད
གཉེན་ཉེ་ཤི་བ་མ་རེད
ཕ་ལགས་ཤི་བ་མ་རེད
ཡུམ་ཆེན་ཤི་བའང་མ་རེད
འཆི་བ་ནི་སེམས་ཅན་སུ་ལའང་ཡོད་པས
སྐྱེ་དགའ་ན་འཆི་བཟློག་པའི་འཕྲུལ་དང་རོལ་རྩེད་གང་ནའང་མེད་པས
ང་སྐྱོ་བས་ཅི་ཕན

ང་ཆེས་ཤིན་ཏུ་གདུང་དུས་ནི
ཕ་མ་གཉིས་ཀྱིས་བཟའ་མཁོན་བྱེད་པ་རེད
ཁྱོད་ཤི་ང་གསོན་ལྟ་བུའི
འཁོར་བའི་གྲོང་ན་བཟའ་མཁོན་མེད་པ་རྫུན་ཡིན་པས
ང་རང་མ་གཉིད་གོང་ལ
མིག་ཕྱེ་ཚེ་བཙུམ་པར་སྐྲག་ལ
མིག་བཙུམས་དུས་ཕྱེ་བར་སྐྲག                   
                         གཉིད་མི་ཁུག་པའི་མཚན་མོ་འདིར།

གཉིད་མི་ཁུག་པའི་མཚན་མོ་འདིར།
མུན་ནག་གིས་ཡོད་ཚད་ཁྱུར་མིད་བཏང་རུང་།
ངས་རྒྱང་རིང་གི་ཁྱོད་དྲན་སྲིད།
དྲན་གདུང་གི་སྨག་ནག་འཇིངས་སུ་ལག་པ་སྲིང་ཚུལ་གྱིས།
འཛུམ་གྱིས་མྱོས་པའི་ཁྱེད་རང་མཐོང་སྲིད་དམ།

གཉིད་མི་ཁུག་པའི་མཚན་མོ་འདིར།
ང  ཁྱོད་ལ་བཅར་ཐུབ་མི་འདུག
ཁྱོད་དྲན་པའི་སྟོབས་ཀྱིས།
ཚོར་འདུ་ཡི་རྦ་རླབས་དྲག་ཏུ་སྐྱོམ་ནའང་།
ངས་མཚན་གྱི་གཏིང་རིམ་ནས།
ལྐོག་ལྐོག་སུད་སུད་ངང་།
ང་ཕྱིར་དྲན་གྱི་པང་ལ་ཁ་རོག་གེར་སླེབས་ཤིང་།
ཟླ་ངོགས་ནས་ཁ་རོག་གེར་རང་སེམས་སུ་འཛུལ་ནས་ཡང་ཡང་ངུས་རྗེས།
ཁ་རོག་གེར་ཕྱིར་བུད་སོང་།

གཉིད་མི་ཁུག་པའི་མཚན་མོ་འདིར།
ངས་ལྷིང་འཇགས་འགམ་ནས།
ཞི་དུལ་གྱི་ཐ་སྙད་དེ་དག་རེ་རེ་བཞིན་སྒྲུག་སྟེ།
སྙན་ངག་མ་ཡིན་པའི་སྙན་ངག་འབྲི་བཞིན་ཡོད།
མཚན་མོ་མཚོན་ཆེད།
ཉམ་ང་བའི་ཡུལ་ལྗོངས་རབ་རིབ་ཅིག་ཀྱང་བྲི་དགོས།

གཉིད་མི་ཁུག་པའི་མཚན་མོ་འདིར།
ཕོ་མོའི་བརྩེ་དུང་གི་ཞིང་སར་སོ་ནམ་བྱེད་མ་མྱོང་བའི་ངས།
“ལུག་ཁྱུའི་བར་གསེང་བརྒྱུད་དེ།
རྒྱང་རིང་གི་བུད་མེད་ཅིག་གི
སྐེད་སྐབས་ལ་རེག་ཅིང།”
སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པ་ལ།
བློས་བསླངས་བྱས་ཏེ།
ཆགས་སྲེད་དང་འདོད་རྔམ་ལ་ཞེན་གྱིན་ཡོད།

སེམས་སུ་འཁྱིལ་བའི་ན་བུན་འདི་ཡང་།
མཚན་སྨག་བཞིན་དུ་འཁྱག་པ་ལ།
གཉིད་མི་ཁུག་པའི་མཚན་མོ་འདི་ནི།
ཆེད་དུ་ང་ལ་བསྐྲུན་པའི་བཙོན་ར་དེ་ཡིན་སོང་།
གཉིད་མི་ཁུག་པའི་མཚན་མོ་འདིར།
ཁེར་རྐྱང་ཞེས་པ་དེ།
མཚན་མོའི་གསེང་ནས་ག་ལེར་མངོན་བྱུང་།

ངས་སྟོང་བསམ་མང་པོ་སྙིང་ཁར་སྦྱོར་བཞིན།
གཉིད་མི་ཁུག་པའི་མཚན་མོ་འདིར།
མིག་ཟུང་བཙུམས་ནས་རང་གི་སེམས་ལ་ལྟ་སྐབས་ཀྱང་།
ངས་དེ་ལྟར་འདོད་ཀྱིན་འདུག

རྩོམ་སྒྲིག་པ། དབང་མོ།


  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཆེས་ཤིན་ཏུ་གདུང་དུས་ནི།(ཞར་བཀོད་གཅིག་ཡོད)

2019-05-31 ཐ་སྐར།(མགོ་ལོག) ཀློག་གྲངས། མཆན ཡོད།

ང་ཆེས་ཤིན་ཏུ་གདུང་དུས་ནི
རང་ཉིད་ཤི་བ་མ་རེད
གཉེན་ཉེ་ཤི་བ་མ་རེད
ཕ་ལགས་ཤི་བ་མ་རེད
ཡུམ་ཆེན་ཤི་བའང་མ་རེད
འཆི་བ་ནི་སེམས་ཅན་སུ་ལའང་ཡོད་པས
སྐྱེ་དགའ་ན་འཆི་བཟློག་པའི་འཕྲུལ་དང་རོལ་རྩེད་གང་ནའང་མེད་པས
ང་སྐྱོ་བས་ཅི་ཕན

ང་ཆེས་ཤིན་ཏུ་གདུང་དུས་ནི
ཕ་མ་གཉིས་ཀྱིས་བཟའ་མཁོན་བྱེད་པ་རེད
ཁྱོད་ཤི་ང་གསོན་ལྟ་བུའི
འཁོར་བའི་གྲོང་ན་བཟའ་མཁོན་མེད་པ་རྫུན་ཡིན་པས
ང་རང་མ་གཉིད་གོང་ལ
མིག་ཕྱེ་ཚེ་བཙུམ་པར་སྐྲག་ལ
མིག་བཙུམས་དུས་ཕྱེ་བར་སྐྲག                   
                         གཉིད་མི་ཁུག་པའི་མཚན་མོ་འདིར།

གཉིད་མི་ཁུག་པའི་མཚན་མོ་འདིར།
མུན་ནག་གིས་ཡོད་ཚད་ཁྱུར་མིད་བཏང་རུང་།
ངས་རྒྱང་རིང་གི་ཁྱོད་དྲན་སྲིད།
དྲན་གདུང་གི་སྨག་ནག་འཇིངས་སུ་ལག་པ་སྲིང་ཚུལ་གྱིས།
འཛུམ་གྱིས་མྱོས་པའི་ཁྱེད་རང་མཐོང་སྲིད་དམ།

གཉིད་མི་ཁུག་པའི་མཚན་མོ་འདིར།
ང  ཁྱོད་ལ་བཅར་ཐུབ་མི་འདུག
ཁྱོད་དྲན་པའི་སྟོབས་ཀྱིས།
ཚོར་འདུ་ཡི་རྦ་རླབས་དྲག་ཏུ་སྐྱོམ་ནའང་།
ངས་མཚན་གྱི་གཏིང་རིམ་ནས།
ལྐོག་ལྐོག་སུད་སུད་ངང་།
ང་ཕྱིར་དྲན་གྱི་པང་ལ་ཁ་རོག་གེར་སླེབས་ཤིང་།
ཟླ་ངོགས་ནས་ཁ་རོག་གེར་རང་སེམས་སུ་འཛུལ་ནས་ཡང་ཡང་ངུས་རྗེས།
ཁ་རོག་གེར་ཕྱིར་བུད་སོང་།

གཉིད་མི་ཁུག་པའི་མཚན་མོ་འདིར།
ངས་ལྷིང་འཇགས་འགམ་ནས།
ཞི་དུལ་གྱི་ཐ་སྙད་དེ་དག་རེ་རེ་བཞིན་སྒྲུག་སྟེ།
སྙན་ངག་མ་ཡིན་པའི་སྙན་ངག་འབྲི་བཞིན་ཡོད།
མཚན་མོ་མཚོན་ཆེད།
ཉམ་ང་བའི་ཡུལ་ལྗོངས་རབ་རིབ་ཅིག་ཀྱང་བྲི་དགོས།

གཉིད་མི་ཁུག་པའི་མཚན་མོ་འདིར།
ཕོ་མོའི་བརྩེ་དུང་གི་ཞིང་སར་སོ་ནམ་བྱེད་མ་མྱོང་བའི་ངས།
“ལུག་ཁྱུའི་བར་གསེང་བརྒྱུད་དེ།
རྒྱང་རིང་གི་བུད་མེད་ཅིག་གི
སྐེད་སྐབས་ལ་རེག་ཅིང།”
སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པ་ལ།
བློས་བསླངས་བྱས་ཏེ།
ཆགས་སྲེད་དང་འདོད་རྔམ་ལ་ཞེན་གྱིན་ཡོད།

སེམས་སུ་འཁྱིལ་བའི་ན་བུན་འདི་ཡང་།
མཚན་སྨག་བཞིན་དུ་འཁྱག་པ་ལ།
གཉིད་མི་ཁུག་པའི་མཚན་མོ་འདི་ནི།
ཆེད་དུ་ང་ལ་བསྐྲུན་པའི་བཙོན་ར་དེ་ཡིན་སོང་།
གཉིད་མི་ཁུག་པའི་མཚན་མོ་འདིར།
ཁེར་རྐྱང་ཞེས་པ་དེ།
མཚན་མོའི་གསེང་ནས་ག་ལེར་མངོན་བྱུང་།

ངས་སྟོང་བསམ་མང་པོ་སྙིང་ཁར་སྦྱོར་བཞིན།
གཉིད་མི་ཁུག་པའི་མཚན་མོ་འདིར།
མིག་ཟུང་བཙུམས་ནས་རང་གི་སེམས་ལ་ལྟ་སྐབས་ཀྱང་།
ངས་དེ་ལྟར་འདོད་ཀྱིན་འདུག

རྩོམ་སྒྲིག་པ། དབང་མོ།


  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།