གྱི་ལིང་གནམ་རྟ་དཀར་པོ།

ངའི་རྨི་ལམ་དུ་ཉིན་དཀར་དྲན་བཞིན་པའི་ཕ་ཡུལ་ཡོད།
ཕ་ཡུལ་དུ་གྲོངས་ཟིན་པའི་ཨ་ཕ་ཡིས་བསང་གཏོང་ཞིང་།
དུང་བུས་པའི་སྒྲ་ཡི་བྲག་ཅ་བར་མེད་དུ་འཁོར་བཞིན།
ང་ཡི་རྨི་ལམ་ནང་དུ་ཨ་ཕའི་ཉིན་གཅིག་གི་བྱ་བྱེད་ཀྱིས་ཁེངས་འདུག

ཨ་ཕའི་རྟ་ཕོ་ནི་རྟ་རིགས་ལྔ་རུ་དབྱེ་བའི་འདོ་བ་སྟེ།
སྐད་ནི་དབྱངས་ལ་ཁྲོལ་ཞིང་ཆུ་ནི་ལན་གཅིག་འཐུང་།
སྤྲོ་ནི་བག་ཅིང་རིང་ལ་རྨིག་པ་ཟངས་འདབ་ཡིན།
ཤ་རྒོལ་གཞན་ལས་བཟང་། རྔ་རྔོག་གཞན་ལས་མཛེས།

ཨ་ཕའི་བསང་མཆོད་ནང་དུ་གསལ་ལེར་ཐོས་ཐུབ་པ་གཅིག་ནི་འདི་ལྟ་སྟེ།
“བུ་རྟ་གཉིས་ཀྱི་ཁ་ལས་དགེ་ཤོག  ཁ་ལས་རླུང་རྟ་མེ་ལྕེ་འབར་ཤོག”
ཡིན་ཡང་།  ཨ་ཕའི་ནད་ལ་དྭངས་སྐྱེད་མ་ཐོན་པའི་ཉིན་ནས་བཟུང་།
རྩལ་ཕྱོགས་མེད་དུ་རྒྱས་པའི་འདོ་བ་ཡང་ཁེར་རྐྱང་གིས་གཟིར་བ་ལྟར།
སྐད་ནི་ཐུང་ལ་སྦོམ་པོར་གྱུར། རྔ་རྔོག་སྔར་ལས་ངན་ཞན་ཆགས།
རྩྭ་ཟ་དུས་སུ་ལུས་ཉོབ་ཆེ།  ཆུ་འཐུང་དུས་སུ་རྒྱང་མིག་ལྟ།

རྨི་ལམ་དུ་མིག་ཟུང་བགྲད་པའི་ངས་ནི།
རང་གི་རྨི་ལམ་ལ་མིག་འབུར་ཧྲིག་གེར་ལྟ་དུས།
རྨོངས་ཉམས་ཤར་པའི་རང་ཉིད་ནི།
ལས་རླུང་ཟས་སུ་ཟ་བའི་རྩྭ་སྐྱ་ཞིག་ལ་ཅེར་ཏེ།
ཡིད་སྣང་གི་འཆར་ཆ་རེ་ཞིག་ནུབ་པས་བསྐོས་ཐང་ལྕི།

གློ་རྡེག་ཏུ།  ངའི་རྨི་ལམ་ནང་དུ་རྟ་ཕོ་ཞིག་རྒྱུགས་ཡོང་།
སྐབས་རེར་མཚམས་ལེགས་གཟེངས་ཀྱི་འགྲོས་ལ་ཞུགས་ཏེ།
ལན་རེར་རོལ་མོ་སྟབས་ཀྱི་འགྲོས་ལ་བཀོད་དེ།
དབུགས་སྣ་རིང་ཞིང་འགྱུར་ཁུགས་མང་བའི་འཚེར་སྐད་སྒྲོག་གིན།
ངའི་མགོ་ཐོག་གི་ནམ་མཁའ་ནས་ཐུར་དུ་རྒྱུགས་ཡོང་།

རྟ་ཕོ་ན་རེ།  
བདག་ནི་གྱི་ལིང་གནམ་རྟ་དཀར་པོ་ཡིན།
ཁ་རུ་ལྕགས་གྲང་མི་དགོས་ལྷ་རྟ་ཡིན།
རྒྱབ་ཏུ་སྒ་སྟན་མི་དགོས་བློ་རྟ་ཡིན།
མི་དང་ལྷ་ཡི་བཞོན་རྟ་དྭངས་མ་ཡིན།

ངས་མགོ་བོ་བཏེགས་ཏེ་ལྷོད་འབོལ་དུ་ལན་ཞིག་བལྟས་པས།
ཀྱེ་ཀྱེ། རྟ་ཕོ་དེ་ནི་བདག་གི་ཤིས་སྤྲིན་གྱི་རྟ་ཕོ་མ་ཡིན་ནམ།
སྤུ་མདོག་དཀར་ལ་འཇམ་པ།  རྔ་རྔོག་དང་ཚིགས་བཞི་སྔོ་ལ་དྭངས་པ།
ཁྲོལ་རྒྱངས་ཆེ་ཞིང་མགོ་འཕང་མཐོ་བའི་བདག་གི་ཤིས་སྤྲིན་གྱི་རྟ་ཕོ་རེད་ཨང་།

མཚན་ཞག་ཧྲིལ་བོའི་དུས་ཚོད་མཐའ་དག་ཏུ།
ང་རང་རྟོག་བཏགས་ཀྱི་རྩྭ་སྤྱིལ་དུ་ཉལ།
ཁོ་རང་མཛེས་འཛིན་གྱི་སྤྲིན་ཐོད་དུ་འགྲེང་།
ངེད་གཉིས་མཐའ་འཁོར་གྱི་བྲག་རི་ལ་དུས་ཚོད་ཀྱི་ཟླ་འོག་ཕོག
ངེད་གཉིས་ཉེ་འགྲམ་གྱི་གཙང་ངོས་སུ་ལོ་ཟླ་ཡི་རི་མོ་འཚེར།
རྩྭ་རྩི་ཡིས་རྣ་བ་བླགས་ཏེ་ངེད་གཉིས་ཀྱི་གསང་གཏམ་ཉན།
སྐར་ཚོམ་གྱིས་མཇིང་བ་དཀྱོགས་ཏེ་ངེད་གཉིས་ཀྱི་ངང་ཚུལ་འདྲེན།

ང་དང་གྱི་ལིང་གནམ་རྟ་དཀར་པོ།
ཡང་བསྐྱར་མ་འཛོམས་རིང་ཞིག་འགོར།
དེ་ལྟ་ནའང་།  ཞོགས་ཀའི་ཉི་གཞོན་གྱི་སྐྱེངས་ཟེར་འཛུམ་དུས།
ངེད་གཉིས་སླར་ཡང་གྱེས་དགོས་བྱུང་།
གྱི་ལིང་གནམ་རྟ་དཀར་པོ།
ངའི་མགོ་ཐོག་གི་ནམ་མཁའ་ནས་གྱེན་དུ་འཕུར་སོང་།

ཀྱེ། བདག་གི་རྟ་ཕོ།
ཁྱེད་རང་ངའི་རྨི་ལམ་གྱི་སྤྱིལ་བུར་ཞག་བཞུགས་བྱས་པའི་མཚན་མོ་འདིའི་ཡུན་ཅི་འདྲའི་ཐུང་ཨང་།
ཁྱེད་ཀྱིས་ངའི་སྙན་ངག་གི་གསེར་སྐྱེམས་ལྷོད་ཀྱིས་བཞེས་པའི་མཚན་མོ་འདིའི་ཡུན་ཅི་འདྲའི་མཛེས་ཨང་།

ང་རང་གཉིད་ལས་སད་དུས།
རྨི་ལམ་ནང་གི་རྟ་ཕོ་གཉིས་ཀ
ཡར་སྔོན་ལྟར་ངའི་མཐོང་ལམ་ནས་མི་མངོན་པར་གྱུར་སོང་།
ང་ནི་རེ་ཞིག་ཞེ་རེ་སྡུག  ཡི་རེ་མུག
ང་ནི་རེ་ཞིག་ཨ་ཐང་ཆད། བསྐོས་ཐང་ལྕི།

                             2019.6.12པེ་ཅིན།
 
རྩོམ་སྒྲིག་པ། དབང་མོ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྱི་ལིང་གནམ་རྟ་དཀར་པོ།

2019-08-23 སྙན་བུ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།