ཁྱི།(ཞར་བཀོད་གཅིག་ཡོད)

མཚེར་ས་སྟོང་པ་འདི་ཁྱེད་ལ་འབུལ
ལུང་ཆེན་ནང་གི་རླུང་བུ་འདི་ཁྱེད་ལ་འབུལ
ཁྱི་རྒན་ཁྱོད་ང་ལ་རྟ་ཕོ་ཞིག་གི་འདང་ཡོད

དཀར་ཡོལ་འདི་ཁྱེད་ལ་འབུལ
ང་རང་ཉིད་ལས་གཞན་གྱིས་འཐུང་མྱོང་མེད
ཁྱི་རྒན་ཁྱོད་ང་ལ་ཟ་མ་ཞིག་དང་ཁྱད་པར་མེད

རྩྭ་ས་འདི་ཁྱེད་ལ་འབུལ
རྩྭ་ཐུར་རེ་ལ་ཤ་ཁྲག་རེ་ཡོད
ཁྱི་རྒན་ཁྱོད་ངས་བུ་ཞིག་གི་ཚབ་ཏུ་བཞག་ཡོད

འབྲོག་ནང་གི་མཚན་མོ་འདི་ཁྱེད་ལ་འབུལ
བུ་མོ་ཆུང་ཆུང་ཚོ་མཚན་མོར་སྐྲག་པས
ངས་ཁྱོད་མྱི་ཞིག་གི་ཚབ་ཏུ་བཞག་ཡོད
             2019/9/9
 
             ཁྱི།

ཁྱེད་ཀྱི་སྤྱན་ཟུང་ཁོ་ནས
མཚན་གུང་གི་གཞས་ལ་ཉན་ཐུབ
གསོན་པའི་སྙིང་པོ་ལ་ཉན་ཐུབ་མི་འདུག་ཀྱང
བདེ་སྐྱིད་གང་ན་ཡོད་པ་སུ་ཡིས་ཤེས་སོང
              2019/10/12
 

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི།(ཞར་བཀོད་གཅིག་ཡོད)

2019-11-19 རོ་རྒྱ་གླིང་། ཀློག་གྲངས། མཆན ཡོད།
མཚེར་ས་སྟོང་པ་འདི་ཁྱེད་ལ་འབུལ
ལུང་ཆེན་ནང་གི་རླུང་བུ་འདི་ཁྱེད་ལ་འབུལ
ཁྱི་རྒན་ཁྱོད་ང་ལ་རྟ་ཕོ་ཞིག་གི་འདང་ཡོད

དཀར་ཡོལ་འདི་ཁྱེད་ལ་འབུལ
ང་རང་ཉིད་ལས་གཞན་གྱིས་འཐུང་མྱོང་མེད
ཁྱི་རྒན་ཁྱོད་ང་ལ་ཟ་མ་ཞིག་དང་ཁྱད་པར་མེད

རྩྭ་ས་འདི་ཁྱེད་ལ་འབུལ
རྩྭ་ཐུར་རེ་ལ་ཤ་ཁྲག་རེ་ཡོད
ཁྱི་རྒན་ཁྱོད་ངས་བུ་ཞིག་གི་ཚབ་ཏུ་བཞག་ཡོད

འབྲོག་ནང་གི་མཚན་མོ་འདི་ཁྱེད་ལ་འབུལ
བུ་མོ་ཆུང་ཆུང་ཚོ་མཚན་མོར་སྐྲག་པས
ངས་ཁྱོད་མྱི་ཞིག་གི་ཚབ་ཏུ་བཞག་ཡོད
             2019/9/9
 
             ཁྱི།

ཁྱེད་ཀྱི་སྤྱན་ཟུང་ཁོ་ནས
མཚན་གུང་གི་གཞས་ལ་ཉན་ཐུབ
གསོན་པའི་སྙིང་པོ་ལ་ཉན་ཐུབ་མི་འདུག་ཀྱང
བདེ་སྐྱིད་གང་ན་ཡོད་པ་སུ་ཡིས་ཤེས་སོང
              2019/10/12
 

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།