ངས་ཁྱོད་གང་དུ་བཙལ།(ཞར་བཀོད་གསུམ་ཡོད)

སྐྱོ་སྐྱོ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-11-23

མི་ཞིག་ཉི་ནུབ་བཞིན་རི་ཞིག་གི་ཕག་ལ་ཡིབ་སོང
མི་ཞིག་གིས་ཁྱོད་ལ་བདེ་མོ་ལབ་རྗེས་གཏན་དུ་མཐོང་རྒྱུ་མ་ཡོད
དགུན་འཁྱག་ན་ཡང
ཁ་བ་དང་རླུང་བུ་རྩུབ་ན་ཡང
མི་ཞིག་གིས་ཁ་རོག་གེར
ལག་ཟུང་དྲོན་མོས་ཁྱོད་ཉིད་སྲོ

ཞོགས་པ་རེ་རེར
ཁྱོད་རང་སྔ་མོར་ལངས་ནས
ཁ་ལག་བཀྲུས་རྗེས་ཁ་ཐུམ་བརྒྱབ་སྟེ
སྙིང་ལངས་སྤྱད་ཀྱི་སྲང་ལམ་སྟེང་ལ
ལྷམ་མཐིལ་གླན་ཞོར་འགྲོ་དུས
ཁང་བའི་བྱ་འདབས་འོག་ན
བྱེའུ་ཆུང་ཞིག་གིས་ཁྱོད་ལ་བལྟས་ཡོད

ཆུ་ཕྲན་ལྷོ་རུ་བཞུར
སྐར་མདའ་ཞིག་དེའི་ནང་དུ་ཡལ
མེ་ཏོག་འདབ་མ་འཐོར
རྩེད་ར་ཞིག་དེའི་འགྲམ་དུ་འཇིག
ནམ་ཞིག་ཁྱོད་ངས་མཐོང་ས་ན་མེད་ཀྱང
དུས་ངེས་མེད་དུ་དྲན་དགོས་དུས
ངས་ཁྱོད་གང་དུ་བཙལ།

ཟླ་བཅུ་གཅིག་པ།

ཁ་བའི་འདབ་མ་ཞིག་གནམ་ནས་ལྷུང་དུས
མི་ཞིག་གིས་ཁྱོད་དྲན་གྱིན་ཡོད་ཟེར
དྲན་ན་ལོས་ཆོག་མོད
དྲན་མང་ན་ཁངས་ཆག་ལྷུང་ནས
བརྩེ་དུང་གི་ཁུར་བོ་ཅན་མང་པོ
གྲོག་མ་འབྲས་ཁུར་རེ་བཞིན
ལེབ་སེ་བཏང་ནས་ལེན་རྒྱུ་མེད

རི་དང་ནགས་ཚལ
ལམ་དང་རླངས་འཁོར་གྱི་སྟེང་ལ
མི་ཤེས་ཁུལ་གྱིས་བབས་འཇོག་པའི
ལྷའི་སྒེའུ་ཁུང་འགྲམ་གྱི་མེ་ཏོག
ཟླ་བཅུ་གཅིག་ནང་གི་ཁ་བར
ཁྱོད་ལ་དགའ་ཟེར་བ
ངས་ད་དུང་མི་བརྗེད་ཀི

ལོ་འཁོར་མོའི་ནང་གི་ཟླ་བཅུ་གཅིག་པ
སླར་ཡང་འདས་ནས་སླར་ཡང་ཚེས
སེམས་སྙི་མོའི་དཀྱིལ་གྱི་མི་འདང་ཅན
ཐེངས་གཅིག་བོར་ན་རྙེད་རྒྱུ་ཨེ་ཡོད

ཆུ་མོ་ཤང་ཤང་།

གླུ་སྐད་སྙན་མོས
ལམ་གྱི་ངལ་བ་སེལ
སྐར་མ་འོད་ཆེན་དེས
ལམ་གྱི་ཁ་ཕྱོགས་བསྟན
ཆ་མེད་མེད་པོ་ཆ་ཡོད་ལ་འཁྲུལ

དུས་ཚོད་ཀྱི་མདའ་ཁབ་ཕྱིར་འཁོར
དཔེ་ཆའི་ནང་ནས་བུ་ཡུག་འཚུབ
ཤྭ་བ་ཞིག་ནགས་སུ་བྲོས
འགྲོ་ཁ་བདེ་མོ་འཇོག་ཁོམ་མ་ཡོད་པའི
བུ་མོ་དེས་ཕྱིར་མིག་བལྟས

འཇིག་རྟེན་འདི་རུ
ང་ཡོད་ཁྱོད་ཡོད
མི་ཚེའི་སྐྱ་ལམ་ནང་དུ
ཆུ་མོ་ཤང་ཤང་བཞུར་ཡོད།

མིང་མེད།

མཚན་མོའི་གློག་འོད་སྲིན་འབུ་མེ་འཁྱེར
ལག་པའི་སྣེ་ན་འདར
སྐར་འོད་འཁྱག་པ་ཆུ་ཟིལ་རྡོག་མ
ཁྱོད་ཀྱི་བྲང་ན་འདར

ལྗོན་པ་ནག་རོག་རོག
མགྲོན་པོ་སྐྱེལ་མ་བྱེད
སྨུག་པ་སྐྱ་དུབ་དུབ
འུ་གཉིས་ཐེངས་གཅིག་འཕྲད

འཕྲིན་པའི་ཤོག་གྲུ
ཡོར་ཡོར་གཏོང
དགའ་སྡུག་ཡོས་ཁྲ
ཧྲག་ཧྲག་འཆའ

 

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱོད་གང་དུ་བཙལ།(ཞར་བཀོད་གསུམ་ཡོད)

2019-11-23 སྐྱོ་སྐྱོ།(རྨ་ཆུ) ཀློག་གྲངས། མཆན ཡོད།

མི་ཞིག་ཉི་ནུབ་བཞིན་རི་ཞིག་གི་ཕག་ལ་ཡིབ་སོང
མི་ཞིག་གིས་ཁྱོད་ལ་བདེ་མོ་ལབ་རྗེས་གཏན་དུ་མཐོང་རྒྱུ་མ་ཡོད
དགུན་འཁྱག་ན་ཡང
ཁ་བ་དང་རླུང་བུ་རྩུབ་ན་ཡང
མི་ཞིག་གིས་ཁ་རོག་གེར
ལག་ཟུང་དྲོན་མོས་ཁྱོད་ཉིད་སྲོ

ཞོགས་པ་རེ་རེར
ཁྱོད་རང་སྔ་མོར་ལངས་ནས
ཁ་ལག་བཀྲུས་རྗེས་ཁ་ཐུམ་བརྒྱབ་སྟེ
སྙིང་ལངས་སྤྱད་ཀྱི་སྲང་ལམ་སྟེང་ལ
ལྷམ་མཐིལ་གླན་ཞོར་འགྲོ་དུས
ཁང་བའི་བྱ་འདབས་འོག་ན
བྱེའུ་ཆུང་ཞིག་གིས་ཁྱོད་ལ་བལྟས་ཡོད

ཆུ་ཕྲན་ལྷོ་རུ་བཞུར
སྐར་མདའ་ཞིག་དེའི་ནང་དུ་ཡལ
མེ་ཏོག་འདབ་མ་འཐོར
རྩེད་ར་ཞིག་དེའི་འགྲམ་དུ་འཇིག
ནམ་ཞིག་ཁྱོད་ངས་མཐོང་ས་ན་མེད་ཀྱང
དུས་ངེས་མེད་དུ་དྲན་དགོས་དུས
ངས་ཁྱོད་གང་དུ་བཙལ།

ཟླ་བཅུ་གཅིག་པ།

ཁ་བའི་འདབ་མ་ཞིག་གནམ་ནས་ལྷུང་དུས
མི་ཞིག་གིས་ཁྱོད་དྲན་གྱིན་ཡོད་ཟེར
དྲན་ན་ལོས་ཆོག་མོད
དྲན་མང་ན་ཁངས་ཆག་ལྷུང་ནས
བརྩེ་དུང་གི་ཁུར་བོ་ཅན་མང་པོ
གྲོག་མ་འབྲས་ཁུར་རེ་བཞིན
ལེབ་སེ་བཏང་ནས་ལེན་རྒྱུ་མེད

རི་དང་ནགས་ཚལ
ལམ་དང་རླངས་འཁོར་གྱི་སྟེང་ལ
མི་ཤེས་ཁུལ་གྱིས་བབས་འཇོག་པའི
ལྷའི་སྒེའུ་ཁུང་འགྲམ་གྱི་མེ་ཏོག
ཟླ་བཅུ་གཅིག་ནང་གི་ཁ་བར
ཁྱོད་ལ་དགའ་ཟེར་བ
ངས་ད་དུང་མི་བརྗེད་ཀི

ལོ་འཁོར་མོའི་ནང་གི་ཟླ་བཅུ་གཅིག་པ
སླར་ཡང་འདས་ནས་སླར་ཡང་ཚེས
སེམས་སྙི་མོའི་དཀྱིལ་གྱི་མི་འདང་ཅན
ཐེངས་གཅིག་བོར་ན་རྙེད་རྒྱུ་ཨེ་ཡོད

ཆུ་མོ་ཤང་ཤང་།

གླུ་སྐད་སྙན་མོས
ལམ་གྱི་ངལ་བ་སེལ
སྐར་མ་འོད་ཆེན་དེས
ལམ་གྱི་ཁ་ཕྱོགས་བསྟན
ཆ་མེད་མེད་པོ་ཆ་ཡོད་ལ་འཁྲུལ

དུས་ཚོད་ཀྱི་མདའ་ཁབ་ཕྱིར་འཁོར
དཔེ་ཆའི་ནང་ནས་བུ་ཡུག་འཚུབ
ཤྭ་བ་ཞིག་ནགས་སུ་བྲོས
འགྲོ་ཁ་བདེ་མོ་འཇོག་ཁོམ་མ་ཡོད་པའི
བུ་མོ་དེས་ཕྱིར་མིག་བལྟས

འཇིག་རྟེན་འདི་རུ
ང་ཡོད་ཁྱོད་ཡོད
མི་ཚེའི་སྐྱ་ལམ་ནང་དུ
ཆུ་མོ་ཤང་ཤང་བཞུར་ཡོད།

མིང་མེད།

མཚན་མོའི་གློག་འོད་སྲིན་འབུ་མེ་འཁྱེར
ལག་པའི་སྣེ་ན་འདར
སྐར་འོད་འཁྱག་པ་ཆུ་ཟིལ་རྡོག་མ
ཁྱོད་ཀྱི་བྲང་ན་འདར

ལྗོན་པ་ནག་རོག་རོག
མགྲོན་པོ་སྐྱེལ་མ་བྱེད
སྨུག་པ་སྐྱ་དུབ་དུབ
འུ་གཉིས་ཐེངས་གཅིག་འཕྲད

འཕྲིན་པའི་ཤོག་གྲུ
ཡོར་ཡོར་གཏོང
དགའ་སྡུག་ཡོས་ཁྲ
ཧྲག་ཧྲག་འཆའ

 

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།