རྨི་ལམ་རྒལ་བ།(ཞར་བཀོད་གཅིག་ཡོད)

མདང་དགོང་རྨིས་པའི་རྨི་ལམ་དུ
རྐང་འཇབ་ལག་འཇབ་ཀྱིས་ཡོང་མཁན་དེ
རེ་སྒུག་གི་ན་ཟུག་མ་བཟོད་པར
དུངས་དྲགས་ཏེ་ང་དང་འཕྲད་པར་ཡོང་བ་འདྲ

རྨི་ལམ་ནི
འཁྲུལ་སྣང་གི་སྐུད་པས་བཙེམས་པ་ཞིག་ཡིན་ནའང
དེའི་ཕྱི་ནང་ནི་སྙིང་གཏམ་གྱི་འོད་ཀྱིས་བྱུགས་པས
མཛེས་སྡུག་གིས་བཞུར་བའི་ཆུ་ལག་ཅིག་རེད
མདང་དགོང་རྨིས་པའི་རྨི་ལམ་ཁུད་ཀྱི་མི་དེ
འགྱུར་མེད་དྲན་པའི་ཀློང་གི་གཡུ་ཆུང་དྲུག་དམར་དང་འདྲ་བས
འཁྲུལ་བའི་ཞིང་ནས་བདག་གིས་བདག་ཏུ་བཟུང

གཉིད་ལས་སད་དུས
མ་གཞི་ནས་ང་ཚོ་རྨི་ལམ་དང་ཁ་གྱེས་ཐབས་མི་འདུག་པས
ང་རང་ནུབ་པ་མེད་པའི
རྨི་ལམ་ལྟ་བུའི་ཁྱོད་ཀྱི་རྣམ་ཤེས་ཀྱི་གཏིང་ལ་བསྐུངས་ཡོད

                      2019/12/11
 

sasreaG


ཁྱོད་ཀྱིས  རང་ཉིད་ཀྱི་གྲིབ་མའི་ཁྲོད་དུ
སྙིང་ཉེ་བའི་མི་ཞིག་འགྲེང་ཡོད་པ་མཐོང་སོང་ངམ

ང་རང་སྨྲེང་བའི་ཚེ་ན
ཐ་སྙད་རེ་རེའི་ངོས་སུ་འཐིབས་པའི་ན་བུན་ཁྲོད་དུ
ཁྱེད་རང་ཁོ་ན་འདུག་པ་མཐོང་བྱུང

སྙིང་ཉེ  
དུས་ཚོད་ཀྱི་གས་ཁར་འགྲེང་སྟེ
རི་བོའི་ཕ་རོལ་ཏུ་ཞེན་ཆགས་ཀྱི་རྒྱང་ལྟ་སྤུངས
མིག་ལོང་བའི་དྲན་གདུང་གི་ངོས་སུ    
རེག་ཏུ་མེད་པའི་སྐྱོ་སྣང་གི་གཞས་ཆུང་འཁོར།

                    2019/10/8

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་རྒལ་བ།(ཞར་བཀོད་གཅིག་ཡོད)

2019-12-13 ཐ་སྐར།(མགོ་ལོག) ཀློག་གྲངས། མཆན ཡོད།
མདང་དགོང་རྨིས་པའི་རྨི་ལམ་དུ
རྐང་འཇབ་ལག་འཇབ་ཀྱིས་ཡོང་མཁན་དེ
རེ་སྒུག་གི་ན་ཟུག་མ་བཟོད་པར
དུངས་དྲགས་ཏེ་ང་དང་འཕྲད་པར་ཡོང་བ་འདྲ

རྨི་ལམ་ནི
འཁྲུལ་སྣང་གི་སྐུད་པས་བཙེམས་པ་ཞིག་ཡིན་ནའང
དེའི་ཕྱི་ནང་ནི་སྙིང་གཏམ་གྱི་འོད་ཀྱིས་བྱུགས་པས
མཛེས་སྡུག་གིས་བཞུར་བའི་ཆུ་ལག་ཅིག་རེད
མདང་དགོང་རྨིས་པའི་རྨི་ལམ་ཁུད་ཀྱི་མི་དེ
འགྱུར་མེད་དྲན་པའི་ཀློང་གི་གཡུ་ཆུང་དྲུག་དམར་དང་འདྲ་བས
འཁྲུལ་བའི་ཞིང་ནས་བདག་གིས་བདག་ཏུ་བཟུང

གཉིད་ལས་སད་དུས
མ་གཞི་ནས་ང་ཚོ་རྨི་ལམ་དང་ཁ་གྱེས་ཐབས་མི་འདུག་པས
ང་རང་ནུབ་པ་མེད་པའི
རྨི་ལམ་ལྟ་བུའི་ཁྱོད་ཀྱི་རྣམ་ཤེས་ཀྱི་གཏིང་ལ་བསྐུངས་ཡོད

                      2019/12/11
 

sasreaG


ཁྱོད་ཀྱིས  རང་ཉིད་ཀྱི་གྲིབ་མའི་ཁྲོད་དུ
སྙིང་ཉེ་བའི་མི་ཞིག་འགྲེང་ཡོད་པ་མཐོང་སོང་ངམ

ང་རང་སྨྲེང་བའི་ཚེ་ན
ཐ་སྙད་རེ་རེའི་ངོས་སུ་འཐིབས་པའི་ན་བུན་ཁྲོད་དུ
ཁྱེད་རང་ཁོ་ན་འདུག་པ་མཐོང་བྱུང

སྙིང་ཉེ  
དུས་ཚོད་ཀྱི་གས་ཁར་འགྲེང་སྟེ
རི་བོའི་ཕ་རོལ་ཏུ་ཞེན་ཆགས་ཀྱི་རྒྱང་ལྟ་སྤུངས
མིག་ལོང་བའི་དྲན་གདུང་གི་ངོས་སུ    
རེག་ཏུ་མེད་པའི་སྐྱོ་སྣང་གི་གཞས་ཆུང་འཁོར།

                    2019/10/8

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།