དུས་མ་ཡིན་པར་འཆི་བའི་སྔོན་བརྡ།

བརྩམས་སྒྲུང་ནང་གི་ང་ནི་བརྩེ་དུང་ལ་ཤིན་ཏུ་འཁྲེང་།
དུས་དང་དུས་སུ་གྲིབ་མ་གཅེར་རྗེན་ཞིག་རོལ་དུ་ཁྲིད།
མདང་ཡང་ཆང་གིས་བད་ནས་ཡི་གེའི་རལ་གྲི་དགུང་ལ་བཤར།

ད་ཆ་རྒྱུ་ནོར་ཕན་ཕུན་དུ་གྱུར་ནས་ངུ་ཡང་སྐྱེན།
མི་ཚེའི་བོགས་མ་ག་ཙམ་ཞིག་བསགས་པ་ཤེས་མ་བྱུང་།
དེའི་ཕྱིར་ཡིད་ནི་ཕྱད་ཕྱོད་ངང་ནས་དར་ཅིག་ལུས།

འུ་ཐུག་པའི་མིག་ཆུ་ཤམ་ཤམ་གཏོང་བ་ནི་བླ་ཡི།
བློ་བོགས་གང་ཡང་མ་ཐོན་པ་ལ་ཞེ་འགྱོད་ཆེན་པོ་སྐྱེས།
རྨོངས་བའི་མགོ་བོར་ཆུ་ཡིས་བྲན་མོད་ཀྱང་།
དབུལ་བའི་ལག་པ་གྲང་ནས་བེམ་པར་ཆགས།

བརྩམས་སྒྲུང་ནང་གི་ང་ཡིས་རང་གི་མིང་ནས་ཡང་ཡང་བཟླས།
བྱུང་རྒྱལ་གཏམ་གྱི་རེ་ཁ་ཆུ་བུར་བཞིན་དུ་ཡལ་བར་བོར།
བྲལ་བྲུལ་སྣང་བའི་ཤེལ་ཆག་དེ་ག་རང་ན་བྱུར་བར་གཏམས།
ངན་ངོན་ཡིད་ཀྱི་རྩྭ་སྐྱ་དེ་མ་ཐག་ཏུ་རླུང་གིས་འགམ།

ང་ནི་བརྩམས་སྒྲུང་ནང་གི་ང་དེ་ཀློག་པའི་མི་ཞིག་ལགས།
ང་དང་ང་ལ་འབྲེལ་བའི་ངོས་ཀྱི་སྐད་ཆ་གང་ཡང་འཆད་རྒྱུ་མེད།
ངས་ནི་འདི་ལྟར་མིག་ཟུང་བགྲད་དེ་བརྩམས་སྒྲུང་ཞིབ་ཀྱིས་བཀླགས།
ཀྱེ་མ་བརྩམས་སྒྲུང་ནང་གི་ང་དེ་དུས་མ་ཡིན་པར་འཆི་རྟགས་སུ།
སྔོན་བརྡ་སྣ་ཚོགས་ཟ་ཟུར་ཀུན་ན་བསྟན་དང་སྟོན་བཞིན་མཆི།
                          2019.12.13
རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་མ་ཡིན་པར་འཆི་བའི་སྔོན་བརྡ།

2019-12-13 སྙན་བུ།(པེ་ཅིང) ཀློག་གྲངས། མཆན ཡོད།
བརྩམས་སྒྲུང་ནང་གི་ང་ནི་བརྩེ་དུང་ལ་ཤིན་ཏུ་འཁྲེང་།
དུས་དང་དུས་སུ་གྲིབ་མ་གཅེར་རྗེན་ཞིག་རོལ་དུ་ཁྲིད།
མདང་ཡང་ཆང་གིས་བད་ནས་ཡི་གེའི་རལ་གྲི་དགུང་ལ་བཤར།

ད་ཆ་རྒྱུ་ནོར་ཕན་ཕུན་དུ་གྱུར་ནས་ངུ་ཡང་སྐྱེན།
མི་ཚེའི་བོགས་མ་ག་ཙམ་ཞིག་བསགས་པ་ཤེས་མ་བྱུང་།
དེའི་ཕྱིར་ཡིད་ནི་ཕྱད་ཕྱོད་ངང་ནས་དར་ཅིག་ལུས།

འུ་ཐུག་པའི་མིག་ཆུ་ཤམ་ཤམ་གཏོང་བ་ནི་བླ་ཡི།
བློ་བོགས་གང་ཡང་མ་ཐོན་པ་ལ་ཞེ་འགྱོད་ཆེན་པོ་སྐྱེས།
རྨོངས་བའི་མགོ་བོར་ཆུ་ཡིས་བྲན་མོད་ཀྱང་།
དབུལ་བའི་ལག་པ་གྲང་ནས་བེམ་པར་ཆགས།

བརྩམས་སྒྲུང་ནང་གི་ང་ཡིས་རང་གི་མིང་ནས་ཡང་ཡང་བཟླས།
བྱུང་རྒྱལ་གཏམ་གྱི་རེ་ཁ་ཆུ་བུར་བཞིན་དུ་ཡལ་བར་བོར།
བྲལ་བྲུལ་སྣང་བའི་ཤེལ་ཆག་དེ་ག་རང་ན་བྱུར་བར་གཏམས།
ངན་ངོན་ཡིད་ཀྱི་རྩྭ་སྐྱ་དེ་མ་ཐག་ཏུ་རླུང་གིས་འགམ།

ང་ནི་བརྩམས་སྒྲུང་ནང་གི་ང་དེ་ཀློག་པའི་མི་ཞིག་ལགས།
ང་དང་ང་ལ་འབྲེལ་བའི་ངོས་ཀྱི་སྐད་ཆ་གང་ཡང་འཆད་རྒྱུ་མེད།
ངས་ནི་འདི་ལྟར་མིག་ཟུང་བགྲད་དེ་བརྩམས་སྒྲུང་ཞིབ་ཀྱིས་བཀླགས།
ཀྱེ་མ་བརྩམས་སྒྲུང་ནང་གི་ང་དེ་དུས་མ་ཡིན་པར་འཆི་རྟགས་སུ།
སྔོན་བརྡ་སྣ་ཚོགས་ཟ་ཟུར་ཀུན་ན་བསྟན་དང་སྟོན་བཞིན་མཆི།
                          2019.12.13
རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།