《གཏམ་རྒྱུད་ནང་གི་ཁོང་མོ》སོགས་སྙན་ངག་ཚན་པ་གཉིས།

དུར་བྱང་།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-02-19
  གཏམ་རྒྱུད་ནང་གི་ཁོང་མོ།       
     
སྐམ་རིད་དུ་གྱུར་བའི་ཚེ་སྲོག་གི་རྒྱུ་བ་ཕྲ་མོ།
མིག་མཐར་ལྷུང་བའི་རླུང་ལས་ཀྱང་ཡང་།
ཟླ་གཉིས་པ་སླེབས་རྗེས།
ངས་དྲན་གདུང་གི་བུད་ཤིང་མེ་རུ་སྦར།
སྨྲ་བ་བསྡམས་པའི་སྡོོང་བོ་ཞིག་ལྟར།
འུ་གཉིས་ཀྱི་ཞེ་མདང་གི་ལས་འཕྲོ་རུམ་ནས།
ཟླ་དགུ་བའི་བྲང་གཞུང་དུ་ཉལ།

ངས་དབྱར་ཟླ་ཞིག་ལ་སྒུག་པའི་སྐད་ཆ་དེར།
ལན་ཅི་ཡང་སློག་མ་ནུས་པར་བལྟས་ན།
ཁོང་མོ་ནི་གླིང་ཕྲན་གཞན་ཞིག་ཏུ་བཞུད་སོང་བ་ཚོར་ཐུབ།
ཁྱོད་ཀྱིས་ཁེར་རྐྱང་གི་ཚུགས་ཀ་གཉོམ་པོ་དེ་སྲུང་ཐུབ་བམ།
ད་ལྟ་ང་ནི་སྨྲ་བ་འགགས་ཏེ་སྡོད་པ་ལས་ཁྲེལ་གཞུང་ཡང་མི་འདུག

                    2020/1/19 སྡོད་ཤག་ཏུ་སྦྱར།
མཚན་གུང་ཆུ་ཚོད་གཉིས་པར་སེམས་ལ་ཉན་པ།
   
གཟབ་ནན་གྱིས་གནས་མི་ཐུབ་པའི་དུས་ཚིགས་ལ།
སྒྲོན་མེ་ཞིག་ལྟར་སེམས་པ་མེ་ལ་བསྒོས།
མིག་ཟུང་བཙུམས་རྗེས་དུས་ཚོད་སྟོང་པར་ལུས་འདུག

ཁྱོད་དང་འཕྲད་པས
སྨྲེང་སེམས་དང་སྐྱོ་གདུང་དུ་མའི་ལན་ཆགས་སྒྱེ་གང་འདྲུད
ཁེར་རྐྱང་དུ་ལུས་པའི་ལྗོན་པ་ལྟ་བུའི་རྒྱབ་གཟུགས་དེ
རྒྱང་རིང་ལས་ཀྱང་ཁ་ཐག་རིང་བ་རྟོགས་ཡོང་

ཉམ་ཐག་པ་འདྲ་བའི་བདག་གི་ངོ་གདོང་ནི
མེ་ལོང་དུ་སྣང་བའི་རབ་རིབ་ཀྱི་རི་མོ་ཞིག་ཏུ་མཐོང
སྨྲེང་བ་ཁུར་བའི་ཆོ་མེད་ཀྱི་འཚོ་བའི་སྣེ་མོ
གཏིང་རིང་བའི་སྐྱོ་གདུང་གི་གླུ་གཞས་གཏོང་ན་ཡང
ཁེར་རྐྱང་གི་གཏིང་ཟབ་སར་བསྐུངས་འདུག་པ་ཚོར་བྱུང
 
                  2020/2/9 ཉིན་གྱི་དགུན་གཞུང་ཞིག་ལ་ཡུལ་མགོ་ལོག་ནས་བྲིས།
 

རྩོམ་སྒྲིག་པ། གངས་དགའ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《གཏམ་རྒྱུད་ནང་གི་ཁོང་མོ》སོགས་སྙན་ངག་ཚན་པ་གཉིས།

2020-02-19 དུར་བྱང་།(མགོ་ལོག) ཀློག་གྲངས། མཆན ཡོད།
  གཏམ་རྒྱུད་ནང་གི་ཁོང་མོ།       
     
སྐམ་རིད་དུ་གྱུར་བའི་ཚེ་སྲོག་གི་རྒྱུ་བ་ཕྲ་མོ།
མིག་མཐར་ལྷུང་བའི་རླུང་ལས་ཀྱང་ཡང་།
ཟླ་གཉིས་པ་སླེབས་རྗེས།
ངས་དྲན་གདུང་གི་བུད་ཤིང་མེ་རུ་སྦར།
སྨྲ་བ་བསྡམས་པའི་སྡོོང་བོ་ཞིག་ལྟར།
འུ་གཉིས་ཀྱི་ཞེ་མདང་གི་ལས་འཕྲོ་རུམ་ནས།
ཟླ་དགུ་བའི་བྲང་གཞུང་དུ་ཉལ།

ངས་དབྱར་ཟླ་ཞིག་ལ་སྒུག་པའི་སྐད་ཆ་དེར།
ལན་ཅི་ཡང་སློག་མ་ནུས་པར་བལྟས་ན།
ཁོང་མོ་ནི་གླིང་ཕྲན་གཞན་ཞིག་ཏུ་བཞུད་སོང་བ་ཚོར་ཐུབ།
ཁྱོད་ཀྱིས་ཁེར་རྐྱང་གི་ཚུགས་ཀ་གཉོམ་པོ་དེ་སྲུང་ཐུབ་བམ།
ད་ལྟ་ང་ནི་སྨྲ་བ་འགགས་ཏེ་སྡོད་པ་ལས་ཁྲེལ་གཞུང་ཡང་མི་འདུག

                    2020/1/19 སྡོད་ཤག་ཏུ་སྦྱར།
མཚན་གུང་ཆུ་ཚོད་གཉིས་པར་སེམས་ལ་ཉན་པ།
   
གཟབ་ནན་གྱིས་གནས་མི་ཐུབ་པའི་དུས་ཚིགས་ལ།
སྒྲོན་མེ་ཞིག་ལྟར་སེམས་པ་མེ་ལ་བསྒོས།
མིག་ཟུང་བཙུམས་རྗེས་དུས་ཚོད་སྟོང་པར་ལུས་འདུག

ཁྱོད་དང་འཕྲད་པས
སྨྲེང་སེམས་དང་སྐྱོ་གདུང་དུ་མའི་ལན་ཆགས་སྒྱེ་གང་འདྲུད
ཁེར་རྐྱང་དུ་ལུས་པའི་ལྗོན་པ་ལྟ་བུའི་རྒྱབ་གཟུགས་དེ
རྒྱང་རིང་ལས་ཀྱང་ཁ་ཐག་རིང་བ་རྟོགས་ཡོང་

ཉམ་ཐག་པ་འདྲ་བའི་བདག་གི་ངོ་གདོང་ནི
མེ་ལོང་དུ་སྣང་བའི་རབ་རིབ་ཀྱི་རི་མོ་ཞིག་ཏུ་མཐོང
སྨྲེང་བ་ཁུར་བའི་ཆོ་མེད་ཀྱི་འཚོ་བའི་སྣེ་མོ
གཏིང་རིང་བའི་སྐྱོ་གདུང་གི་གླུ་གཞས་གཏོང་ན་ཡང
ཁེར་རྐྱང་གི་གཏིང་ཟབ་སར་བསྐུངས་འདུག་པ་ཚོར་བྱུང
 
                  2020/2/9 ཉིན་གྱི་དགུན་གཞུང་ཞིག་ལ་ཡུལ་མགོ་ལོག་ནས་བྲིས།
 

རྩོམ་སྒྲིག་པ། གངས་དགའ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།