འཕགས་མ་སྒྲོལ་མ།
ཁྱེད་ཀྱི་སྤྱན་མིག་གིས་དེ་རིང་བབས་པའི་ཁ་བ་མཐོང་ན་དགའ་བ་ལ
ཁྱོད་ཀྱི་མྱོས་བུམ་གྱིས་སྲིད་གསུམ་ཐེག་ན་སྐྱིད་པ་ལ
ངས་ནམ་ཡང་ཁྱེད་ཀྱི་མདངས་གཅིག་པུ་ལ་བལྟས་ནས
མཚན་ནམ་དུ་མ་རི་སྟོང་ལུང་སྟོང་ཞིག་ལ་བསྐྱལ་ཡོད
འདམ་འོག་ཏུ་ལྷུང་ནས་ཡུན་རིང་འགོར་ཟིན་པའི་སྲིན་འབུ་འདི་དག
ཁེར་རྐྱང་གིས་རྒྱང་ལ་གཟིགས་རྗེས
རང་སེམས་སྐྱོ་བའི་ལག་རིས་ལ་བབས
དེ་ནི་འཕགས་མ་སྒྲོལ་མའི་དོ་ཤལ་གྱིས་ཉམས་ལ་ཆགས་ནས
མདང་ནུབ་ཀྱི་ནམ་ཟླ་རྒུད་པའི་ཤེལ་ཆག་ཐང་ལ་ལྷུང་བའི་སྒྲ་རེད
ཁྱོད་ཀྱི་སྦྲུམ་སྣོད་ནང་དུ་སུ་ཞིག་གིས་སྐྱེ་བ་བླངས་ཡོད་དམ
རོལ་དབྱངས་དཀྲོལ་བ་ཅི་ཙམ་སྙན་ཡང
ཁྱོད་ཀྱི་གདོང་ཁེབས་ནང་གི་ལྷིང་འཇགས་ཞི་མེད་ཨང
འཕགས་མ་སྒྲོལ་མ་ལགས
ཁྱོད་ཀྱི་མདངས་དང་མདངས་ཀྱིས་དཔར་བའི་སྒྲ་དབྱངས
མི་ཐམས་ཅད་ཀྱིས་དབྱར་ཁ་མཐའ་མ་ཞིག་ཡིན་པ་དྲན་སོས་འདུག
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།