མང་བཟའ་པད་དཀར་གྱི་སྙན་ངག་གསར་པ། 《གྲོགས་མོ་ལགས》

མང་བཟའ་པད་དཀར།(ཡུལ་ཤུལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-05-06

གྲོགས་མོ་ལགས།།
ང་གཉིས་འཇིག་རྟེན་རྩོད་ནས་ཁྱོད་རྒྱལ་ང་ཕམ།།
ཁྱོད་ནི་འཇིག་རྟེན་རྒྱལ་མོ་ཐོབ་དང་དབང་གིས་རྒྱན།།
ང་ནི་བཅོམ་ལྡན་རྒྱལ་བ་མཇལ་ནས་འཇིག་རྟེན་འདས།།
དེ་བས་གྲོགས་མོའི་བཀའ་དྲིན་ཡང་ཡང་དྲན།།
གྲོགས་མོ་ལགས།།
ད་ནི་འཁོར་བའི་སྡོད་གནས་ཆོག་ཤེས་བརྟེན།།
ཤེས་པའི་ཕོ་བྲང་རབ་ཏུ་རྒྱན་ན་མཆོག།
ཕུག་རོན་ཉལ་ས་བཅས་ཚེ་ནམ་ལངས།།
མི་ཚེ་སྡོད་ཁང་བདམས་ཚེ་ཚེ་རྫོགས།།
ཕྱི་རོལ་འཇིག་རྟེན་དབང་པོའི་བྱེད་ལས་ཙམ།།
ཡེ་ཤེས་རྒྱུད་ནས་སྒྱུ་མ་ར་འཕྲོད་རྣམས།།
ཤེས་དང་ཤེས་བྱ་གཅིག་པའི་སྐུ་དེ་འདོད།།
ཡང་དག་ཡེ་ཤེས་རྒྱུ་དང་འབྲས་བུ་རྐྱེན་གྱི་ཚོགས་པ་རྣམས།།
རླབས་རྒྱུན་བཞིན་དུ་རིམ་བཞིན་དབང་པོར་བརྟེན་ནས་ཕྱི་རོལ་འདྲེན།།
དེ་བས་གཏན་གྱི་གྲོགས་པོ་སླུ་མེད་གཉུག་མའི་སེམས།།
རྒྱལ་བ་རྣམས་ཀྱི་དག་པའི་ཞིང་དེ་འདོད།།
                          ༢༠༢༠།༥།༡།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མང་བཟའ་པད་དཀར་གྱི་སྙན་ངག་གསར་པ། 《གྲོགས་མོ་ལགས》

2020-05-06 མང་བཟའ་པད་དཀར།(ཡུལ་ཤུལ) ཀློག་གྲངས། མཆན ཡོད།

གྲོགས་མོ་ལགས།།
ང་གཉིས་འཇིག་རྟེན་རྩོད་ནས་ཁྱོད་རྒྱལ་ང་ཕམ།།
ཁྱོད་ནི་འཇིག་རྟེན་རྒྱལ་མོ་ཐོབ་དང་དབང་གིས་རྒྱན།།
ང་ནི་བཅོམ་ལྡན་རྒྱལ་བ་མཇལ་ནས་འཇིག་རྟེན་འདས།།
དེ་བས་གྲོགས་མོའི་བཀའ་དྲིན་ཡང་ཡང་དྲན།།
གྲོགས་མོ་ལགས།།
ད་ནི་འཁོར་བའི་སྡོད་གནས་ཆོག་ཤེས་བརྟེན།།
ཤེས་པའི་ཕོ་བྲང་རབ་ཏུ་རྒྱན་ན་མཆོག།
ཕུག་རོན་ཉལ་ས་བཅས་ཚེ་ནམ་ལངས།།
མི་ཚེ་སྡོད་ཁང་བདམས་ཚེ་ཚེ་རྫོགས།།
ཕྱི་རོལ་འཇིག་རྟེན་དབང་པོའི་བྱེད་ལས་ཙམ།།
ཡེ་ཤེས་རྒྱུད་ནས་སྒྱུ་མ་ར་འཕྲོད་རྣམས།།
ཤེས་དང་ཤེས་བྱ་གཅིག་པའི་སྐུ་དེ་འདོད།།
ཡང་དག་ཡེ་ཤེས་རྒྱུ་དང་འབྲས་བུ་རྐྱེན་གྱི་ཚོགས་པ་རྣམས།།
རླབས་རྒྱུན་བཞིན་དུ་རིམ་བཞིན་དབང་པོར་བརྟེན་ནས་ཕྱི་རོལ་འདྲེན།།
དེ་བས་གཏན་གྱི་གྲོགས་པོ་སླུ་མེད་གཉུག་མའི་སེམས།།
རྒྱལ་བ་རྣམས་ཀྱི་དག་པའི་ཞིང་དེ་འདོད།།
                          ༢༠༢༠།༥།༡།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།