《ཚེ་རིང་མཚོ》སོགས་སྙན་ངག་ཁག་དྲུག

མུན་པ་རང་གྲོལ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-05-23
སྙན་ངག་རེ་འབྲི་སྐབས་མུན་པ་རང་གྲོལ་ཞེས་འབོད་མྱོང་། དངོས་མིང་ལ་ཐོས་པ་དགའ་ཟེར། འབྲོག་པ་དཀྱུས་མ་ཞིག་ཡིན། ༢༠༡༨ ལོར<<ཨ་ཕོའི་ཕྱིར་མིག>>ཅེས་པའི་སྙན་དེབ་ཅིག་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ༢༠༡༩ ལོར<<སྟོན་མཇུག་གི་ཁྲུང་ཁྲུང>>ཞེས་པའི་ལྷུག་རྩོམ་དེབ་ཅིག་དཔར་དུ་བསྐྲུན། ད་ལྟ་འབྲོག་ལས་གཉེར་བཞིན་ཡོད། “རྩོམ་འབྲི་བ་ནི་ཁོ་བོར་མཚོན་ན་འགྲོ་འདུག་ཉལ་གསུམ་གྱི་འཚོ་བའི་ཁྲོད་ཉི་མ་རེ་རེར་སྐད་ཡིག་ལ་རང་སེམས་བཅར་སྟངས་ཤིག་རེད།”


ཚེ་རིང་མཚོ།

རྒྱང་རིང་གི་ས་མཐའ་ཞིག་ན།
རི་བོ་དང་རི་བོའི་དབུ་འབྲེལ་ཡོད།
ཆུ་བོ་དང་ཆུ་བོའི་རྒྱུན་འདྲེས་ཡོད།
གནས་དེའི་བྱམས་པ་དང་ངེད་གཉིས་སེམས་འདྲིས་ཡོད།
གཡང་དཀར་སྤྲིན་ལ་འཁྲུལ་ཉེ་བའི་གནས་དེ་ནས།
རྨ་ཀླུང་གི་རླབས་ཕྲེང་དལ་གྱིས་འཕྱོ།
མེ་ཏོག་དང་མཛའ་གཞས་བརྩེ་བས་མྱོས།

དུས་ཀྱིས་གསོས་མ་ཐུབ་པའི་སེམས་པ་རྨས་མ།
སྙིང་ཁོང་ནས་རྒྱུན་དུ་འཛར་འོངས་པའི་ཁྲག་དམར་པོ།
སྙན་ངག་གི་རྒྱུ་རུ་གྱུར་པས་ན།
དེ་རིང་ངས་རྒྱང་ལ་བལྟས་ཡོད།
ཁྱོད་ལ་བལྟས་ཡོད།
རང་ལའང་བལྟས་ཡོད།
ཆུང་འདྲིས་ཁྱོད་གང་ན་ཡོད།
རི་མཐོ་པོ་དེའི་མགོ་ན་བལྟས་ཡོད།
ཆུ་ཆེན་པོ་དེའི་འགྲམ་ན་སྒུག་ཡོད།
                       ༢༠༢༠/༢/༢༩
ཟླ་བ་སྒྲོན།

ཉི་མ་ནུབ་རིའི་ཉག་ག་ན་སྤྲིན་པས་སྒྲིབ་ཀྱིན་འདུག
དུས་མཚུངས་སུ་མུན་པའི་སྣང་བ་ཞིག
གྲིབ་མས་དེད་དེ་རང་སེམས་སུ་ག་ལེར་ལྷུང་།
ང་རང་ནོར་གནག་དང་ལྷན་དུ་ཡུལ་ལ་ལོག

མཚན་མོ་འདི་དག་ཏུ་ཁྱོད་མེད་པས་ཡིན་ནམ།
སྐར་མ་འདར་ཡོམ་ཡོམ།
རླུང་བུ་གྲང་ཤུར་ཤུར།
འུག་པའི་ཐན་སྐད་ཀྱིས་རྨི་ལམ་དཀྲོགས་རྗེས།
སྨག་རུམ་ཁྲོད་ངས་མིག་ཟུང་ཅེར་ཅེར་ངང་བསྡད་མྱོང་།

དོ་ནུབ་ཟླ་བ་དང་འདྲ་བའི་ཁྱོད།
ངའི་ལ་གཞས་སུ་འདྲེས་ཡོད་པས།
མུན་པ་ཅུང་ཙམ་ཡང་སེམས་སུ་འཁོར་མི་སྲིད།
                                   ༢༠༢༠/༣/༢༣
ཟླ་བ་ཚེས་བྱུང་།

ལས་སྨོན་ཐེབས་ཕྱོགས་ཤིག་གིས།
སྨིན་ཐག་ཆོད་པའི་ཟླ་བ་གནས་འདིར་ཚེས་བྱུང་།
ཉི་འོད་ལ་ཞེན་པའི་ལྗང་མྱུག་གི་འདབ་མ་རུ།
ཆུ་ཡི་ཐིགས་པ་བསིལ་མོ་ཞིག
ཟླ་བའི་དཀྱིལ་འཁོར་ལས་མར་ལྷུང་།
མཚོ་འགྲམ་གྱི་ངང་པ་ཕོ་མོ།
སྲོད་ཀའི་མཁའ་དབྱིངས་སུ་འཕུར་བ།
དབྱངས་ཡིག་གི་ན་རོ་དང་འདྲ་བར།
རི་བོ་ཞིག་གི་རྩེ་ནས་ཅི་ཞིག་ལ།
རྫོགས་ཚིག་བཞག་པ་ལྟར་ག་ལེར་ཡིབ།
སྤྲིན་པ་ཕོན་པོ་དག་འཇམ་ཆག་གེར་གནས་ཤིང་།
རྫི་གླུ་སིང་སིང་ཞིག་གིས་གནས་འདིའི་ལྷིང་འཇགས་དཀྲོགས་དུས།
འུ་གཉིས་ཀྱིས་དུས་བཏབ་སའི་ལྷས་མཐའ་ནས།
ལག་གཡས་ཐོད་ལ་བཞག་ནས་ཕར་བལྟས་ན།
ཟླ་བ་ནི་སྒྲོལ་མ་ཁྱེད་དང་མཚུངས་སམ།
འཛུམ་པའི་བཞིན་རས་ལྟར།
ང་ཡི་སེམས་པ་བསླུས་འགྲོ།
རླུང་ཕྲན་བུ་ཞིག་ལྡང་ཡང་ཁུར་སླ་བའི་སེམས་པ།
མུན་པ་སྐྱ་འཐབ་ཀྱིས་བསྲེས་པའི་མི་ཡུལ་ནས།
ཁྱེད་ཀྱིས་ད་བར་དུ་རྟ་ཕོ་ལྟར་ཐག་རྟོད་བྱས་འདུག
                                    ༢༠༢༠༤/༤/༡༤
རྫི་རོགས་བུ་མོ།

ཁངས་ཆར་འདྲེས་མ་ཉིན་འབབ་བྱེད་དུས།
ཨ་འཇམ་ཚ་རུའི་གོང་ཁ་རློན་དུས།
དངུལ་མཛུབ་དཀར་པོས་མཛུབ་རྩ་འཁྱག་དུས།
ཝ་དམར་ཞྭ་མགོའི་འདབས་ཁ་རློན་དུས།
སྨིན་མའི་སྟེང་ལ་ཟིལ་བ་ཆགས་དུས།
ཆུ་མིག་དགུ་ཁྲའི་འུར་ལྕེ་རློན་དུས།
འུར་ལོང་ཀོར་མོས་དཀྱིལ་མཛུབ་འཁྱག་དུས།
བེ་ཤིང་སྒ་ཡི་སྟེང་འོག་རློན་དུས།
སྲབ་མདའ་སྲབ་སྐྱོགས་ལག་ལ་འཁྱག་དུས།
ན་བུན་སྐྱ་མོས་རི་མགོ་ཉུལ་དུས།
རྫི་གླུ་བླངས་ཀྱང་ངག་སྒོ་འདར་དུས།
མགོ་བོ་པང་ལ་བཞག་པ་དྲན་དུས།
ཞེ་རྩ་གཉོམ་པོ་ཁ་བས་སྦངས་དུས།
ཅིས་ཀྱང་བསམ་བློ་ཞིག་གཏོང་དགོས་དུས།
ཡང་ཁྱོད་དྲན་པའི་དཔྱིད་ཀ་ཞིག་ལོས་ཡིན།
                                ༢༠༢༠/༤/༢༡
སྐྱ་མི།

གྱི་ལིང་རྐྱང་རྒོད།
རྨིག་སྒྲ་ཐག་ཐག
དམའ་མོའི་ཐང་ནས་བརྒྱུགས།
འཚེར་སྐད་ལྷང་ལྷང་།
མཐོན་པོའི་སྒང་ནས་འདྲོགས།
མགོ་རྣ་ཀྲོག་ཀྲོག་མར་མེ་ཇི་བཞིན།
རྔོག་མ་ཤིག་ཤིག་ཤིང་ལོ་ཇི་བཞིན།
ལམ་རིང་མོ་གྲུ་གུ་ལྡོག་ལྡོག
ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ།
བོས་ཁྲ་རིང་ལྕགས་ལོང་དགུ་སྐྱ་ཅན།
དེ་འཁུར་མཁན་སྟག་ཤར་སྣང་བ་ཅན།
དེའི་བཞོན་པ་འདོ་བ་བང་རྩལ་ཅན།
ས་བྱང་ལམ་བརྒྱུད་ན་ཆ་འགྲིག་རེད།
ནང་ན་ཟླས་བསྐོར་ན་ཡང་འགྲིག་རེད།
                              ༢༠༢༠/༥/༢
ངལ་དུབ།

ངལ་དུབ་ཀྱི་དུས་སུ།
རལ་གྲིའི་རྣོ་དབལ་ཁྲག་དྲོན་གྱིས་བཞུས་ནས།
མི་རབས་གྲངས་མེད་པ་ཞིག་ཏུ།
དཔའ་བོའི་མཛད་རྣམ་ཞེས་གྲགས་པའི།
ཕ་ཁུ་བོ་ཚོའི་སྐྱེས་རབས་འཁྲུངས་སྟངས།
ངས་ཡང་དང་བསྐྱར་དུ་གླེང་མི་འདོད།

ངལ་དུབ་ཀྱི་དུས་སུ།
ཐེངས་མང་བོར་བརྗོད་པའི།
དགོད་སྤྲོ་བའི་གཏམ་རྒྱུད་དེར།
ཧབ་ཆ་རྒྱག་མི་འདོད་ལ།
བསྐྱར་ཟློས་ཀྱི་སྒྲུང་དེར།
ཉན་འདོད་ཅིག་ཡེ་ནས་མི་འདུག

ངལ་དུབ་ཀྱི་དུས་སུ།
སྙན་ངག་ཐུང་ངུ་ཞིག་བཀླགས་ཀྱང་།
སེམས་པ་ད་དུང་ལྷོད་ལ་མི་འབབ་དུས།
ངས་འུ་གཉིས་ཀྱི་བར་ཐག
སྐུད་པ་ཕྲ་མོ་ཞིག་གིས་སྦྲེལ་ཡོད་པ་རྟོགས།
                                  ༢༠༢༠/༥/༤
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ཚེ་རིང་མཚོ》སོགས་སྙན་ངག་ཁག་དྲུག

2020-05-23 མུན་པ་རང་གྲོལ།(རྨ་ཆུ) ཀློག་གྲངས། མཆན ཡོད།
སྙན་ངག་རེ་འབྲི་སྐབས་མུན་པ་རང་གྲོལ་ཞེས་འབོད་མྱོང་། དངོས་མིང་ལ་ཐོས་པ་དགའ་ཟེར། འབྲོག་པ་དཀྱུས་མ་ཞིག་ཡིན། ༢༠༡༨ ལོར<<ཨ་ཕོའི་ཕྱིར་མིག>>ཅེས་པའི་སྙན་དེབ་ཅིག་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། ༢༠༡༩ ལོར<<སྟོན་མཇུག་གི་ཁྲུང་ཁྲུང>>ཞེས་པའི་ལྷུག་རྩོམ་དེབ་ཅིག་དཔར་དུ་བསྐྲུན། ད་ལྟ་འབྲོག་ལས་གཉེར་བཞིན་ཡོད། “རྩོམ་འབྲི་བ་ནི་ཁོ་བོར་མཚོན་ན་འགྲོ་འདུག་ཉལ་གསུམ་གྱི་འཚོ་བའི་ཁྲོད་ཉི་མ་རེ་རེར་སྐད་ཡིག་ལ་རང་སེམས་བཅར་སྟངས་ཤིག་རེད།”


ཚེ་རིང་མཚོ།

རྒྱང་རིང་གི་ས་མཐའ་ཞིག་ན།
རི་བོ་དང་རི་བོའི་དབུ་འབྲེལ་ཡོད།
ཆུ་བོ་དང་ཆུ་བོའི་རྒྱུན་འདྲེས་ཡོད།
གནས་དེའི་བྱམས་པ་དང་ངེད་གཉིས་སེམས་འདྲིས་ཡོད།
གཡང་དཀར་སྤྲིན་ལ་འཁྲུལ་ཉེ་བའི་གནས་དེ་ནས།
རྨ་ཀླུང་གི་རླབས་ཕྲེང་དལ་གྱིས་འཕྱོ།
མེ་ཏོག་དང་མཛའ་གཞས་བརྩེ་བས་མྱོས།

དུས་ཀྱིས་གསོས་མ་ཐུབ་པའི་སེམས་པ་རྨས་མ།
སྙིང་ཁོང་ནས་རྒྱུན་དུ་འཛར་འོངས་པའི་ཁྲག་དམར་པོ།
སྙན་ངག་གི་རྒྱུ་རུ་གྱུར་པས་ན།
དེ་རིང་ངས་རྒྱང་ལ་བལྟས་ཡོད།
ཁྱོད་ལ་བལྟས་ཡོད།
རང་ལའང་བལྟས་ཡོད།
ཆུང་འདྲིས་ཁྱོད་གང་ན་ཡོད།
རི་མཐོ་པོ་དེའི་མགོ་ན་བལྟས་ཡོད།
ཆུ་ཆེན་པོ་དེའི་འགྲམ་ན་སྒུག་ཡོད།
                       ༢༠༢༠/༢/༢༩
ཟླ་བ་སྒྲོན།

ཉི་མ་ནུབ་རིའི་ཉག་ག་ན་སྤྲིན་པས་སྒྲིབ་ཀྱིན་འདུག
དུས་མཚུངས་སུ་མུན་པའི་སྣང་བ་ཞིག
གྲིབ་མས་དེད་དེ་རང་སེམས་སུ་ག་ལེར་ལྷུང་།
ང་རང་ནོར་གནག་དང་ལྷན་དུ་ཡུལ་ལ་ལོག

མཚན་མོ་འདི་དག་ཏུ་ཁྱོད་མེད་པས་ཡིན་ནམ།
སྐར་མ་འདར་ཡོམ་ཡོམ།
རླུང་བུ་གྲང་ཤུར་ཤུར།
འུག་པའི་ཐན་སྐད་ཀྱིས་རྨི་ལམ་དཀྲོགས་རྗེས།
སྨག་རུམ་ཁྲོད་ངས་མིག་ཟུང་ཅེར་ཅེར་ངང་བསྡད་མྱོང་།

དོ་ནུབ་ཟླ་བ་དང་འདྲ་བའི་ཁྱོད།
ངའི་ལ་གཞས་སུ་འདྲེས་ཡོད་པས།
མུན་པ་ཅུང་ཙམ་ཡང་སེམས་སུ་འཁོར་མི་སྲིད།
                                   ༢༠༢༠/༣/༢༣
ཟླ་བ་ཚེས་བྱུང་།

ལས་སྨོན་ཐེབས་ཕྱོགས་ཤིག་གིས།
སྨིན་ཐག་ཆོད་པའི་ཟླ་བ་གནས་འདིར་ཚེས་བྱུང་།
ཉི་འོད་ལ་ཞེན་པའི་ལྗང་མྱུག་གི་འདབ་མ་རུ།
ཆུ་ཡི་ཐིགས་པ་བསིལ་མོ་ཞིག
ཟླ་བའི་དཀྱིལ་འཁོར་ལས་མར་ལྷུང་།
མཚོ་འགྲམ་གྱི་ངང་པ་ཕོ་མོ།
སྲོད་ཀའི་མཁའ་དབྱིངས་སུ་འཕུར་བ།
དབྱངས་ཡིག་གི་ན་རོ་དང་འདྲ་བར།
རི་བོ་ཞིག་གི་རྩེ་ནས་ཅི་ཞིག་ལ།
རྫོགས་ཚིག་བཞག་པ་ལྟར་ག་ལེར་ཡིབ།
སྤྲིན་པ་ཕོན་པོ་དག་འཇམ་ཆག་གེར་གནས་ཤིང་།
རྫི་གླུ་སིང་སིང་ཞིག་གིས་གནས་འདིའི་ལྷིང་འཇགས་དཀྲོགས་དུས།
འུ་གཉིས་ཀྱིས་དུས་བཏབ་སའི་ལྷས་མཐའ་ནས།
ལག་གཡས་ཐོད་ལ་བཞག་ནས་ཕར་བལྟས་ན།
ཟླ་བ་ནི་སྒྲོལ་མ་ཁྱེད་དང་མཚུངས་སམ།
འཛུམ་པའི་བཞིན་རས་ལྟར།
ང་ཡི་སེམས་པ་བསླུས་འགྲོ།
རླུང་ཕྲན་བུ་ཞིག་ལྡང་ཡང་ཁུར་སླ་བའི་སེམས་པ།
མུན་པ་སྐྱ་འཐབ་ཀྱིས་བསྲེས་པའི་མི་ཡུལ་ནས།
ཁྱེད་ཀྱིས་ད་བར་དུ་རྟ་ཕོ་ལྟར་ཐག་རྟོད་བྱས་འདུག
                                    ༢༠༢༠༤/༤/༡༤
རྫི་རོགས་བུ་མོ།

ཁངས་ཆར་འདྲེས་མ་ཉིན་འབབ་བྱེད་དུས།
ཨ་འཇམ་ཚ་རུའི་གོང་ཁ་རློན་དུས།
དངུལ་མཛུབ་དཀར་པོས་མཛུབ་རྩ་འཁྱག་དུས།
ཝ་དམར་ཞྭ་མགོའི་འདབས་ཁ་རློན་དུས།
སྨིན་མའི་སྟེང་ལ་ཟིལ་བ་ཆགས་དུས།
ཆུ་མིག་དགུ་ཁྲའི་འུར་ལྕེ་རློན་དུས།
འུར་ལོང་ཀོར་མོས་དཀྱིལ་མཛུབ་འཁྱག་དུས།
བེ་ཤིང་སྒ་ཡི་སྟེང་འོག་རློན་དུས།
སྲབ་མདའ་སྲབ་སྐྱོགས་ལག་ལ་འཁྱག་དུས།
ན་བུན་སྐྱ་མོས་རི་མགོ་ཉུལ་དུས།
རྫི་གླུ་བླངས་ཀྱང་ངག་སྒོ་འདར་དུས།
མགོ་བོ་པང་ལ་བཞག་པ་དྲན་དུས།
ཞེ་རྩ་གཉོམ་པོ་ཁ་བས་སྦངས་དུས།
ཅིས་ཀྱང་བསམ་བློ་ཞིག་གཏོང་དགོས་དུས།
ཡང་ཁྱོད་དྲན་པའི་དཔྱིད་ཀ་ཞིག་ལོས་ཡིན།
                                ༢༠༢༠/༤/༢༡
སྐྱ་མི།

གྱི་ལིང་རྐྱང་རྒོད།
རྨིག་སྒྲ་ཐག་ཐག
དམའ་མོའི་ཐང་ནས་བརྒྱུགས།
འཚེར་སྐད་ལྷང་ལྷང་།
མཐོན་པོའི་སྒང་ནས་འདྲོགས།
མགོ་རྣ་ཀྲོག་ཀྲོག་མར་མེ་ཇི་བཞིན།
རྔོག་མ་ཤིག་ཤིག་ཤིང་ལོ་ཇི་བཞིན།
ལམ་རིང་མོ་གྲུ་གུ་ལྡོག་ལྡོག
ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ།
བོས་ཁྲ་རིང་ལྕགས་ལོང་དགུ་སྐྱ་ཅན།
དེ་འཁུར་མཁན་སྟག་ཤར་སྣང་བ་ཅན།
དེའི་བཞོན་པ་འདོ་བ་བང་རྩལ་ཅན།
ས་བྱང་ལམ་བརྒྱུད་ན་ཆ་འགྲིག་རེད།
ནང་ན་ཟླས་བསྐོར་ན་ཡང་འགྲིག་རེད།
                              ༢༠༢༠/༥/༢
ངལ་དུབ།

ངལ་དུབ་ཀྱི་དུས་སུ།
རལ་གྲིའི་རྣོ་དབལ་ཁྲག་དྲོན་གྱིས་བཞུས་ནས།
མི་རབས་གྲངས་མེད་པ་ཞིག་ཏུ།
དཔའ་བོའི་མཛད་རྣམ་ཞེས་གྲགས་པའི།
ཕ་ཁུ་བོ་ཚོའི་སྐྱེས་རབས་འཁྲུངས་སྟངས།
ངས་ཡང་དང་བསྐྱར་དུ་གླེང་མི་འདོད།

ངལ་དུབ་ཀྱི་དུས་སུ།
ཐེངས་མང་བོར་བརྗོད་པའི།
དགོད་སྤྲོ་བའི་གཏམ་རྒྱུད་དེར།
ཧབ་ཆ་རྒྱག་མི་འདོད་ལ།
བསྐྱར་ཟློས་ཀྱི་སྒྲུང་དེར།
ཉན་འདོད་ཅིག་ཡེ་ནས་མི་འདུག

ངལ་དུབ་ཀྱི་དུས་སུ།
སྙན་ངག་ཐུང་ངུ་ཞིག་བཀླགས་ཀྱང་།
སེམས་པ་ད་དུང་ལྷོད་ལ་མི་འབབ་དུས།
ངས་འུ་གཉིས་ཀྱི་བར་ཐག
སྐུད་པ་ཕྲ་མོ་ཞིག་གིས་སྦྲེལ་ཡོད་པ་རྟོགས།
                                  ༢༠༢༠/༥/༤
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།