《འཆར་སྣང་གི་རི་མོ》(སྙན་ཚོམ)

ཅོ་བྱང་སྐར།(ཁྲིན་ཏུའུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-07-30
1. ཁེར་རྐྱང་གི་མེ་ཏོག་པད་མ།

མི་ཡུལ་དང་རེ་ཞིག་བྲལ་ཟིན་པའི་ཟླ་བ་དཀར་པོ།
ནམ་ཞིག་ལ་རང་དབང་གི་མཁའ་དབྱིངས་ནས་གསལ་གྱི་ལེར་འཆར་ངེས།
དུས་རྟག་ཏུ། ཐ་མག་བཞིན་རེ་ཞིག་འཇིབས་ཟིན་པའི་ངའི་རུས་རྐང་གི་སྣུམ་ཞགས།
ནམ་ཞིག་ལ་རང་ཤུགས་ཀྱིས་ངའི་སྟོབས་ཤུགས་སུ་སྦྲུམ་ངེས།
ནམ་ཡིན་ཡང་།
 
རྣམ་ཤེས་ཀྱི་ཟབ་ས་ཞིག་ནས།
སེམས་ཁོངས་གི་གསང་བ་ཡོད་ཚད།
རླུང་རྟ་བཞིན་མུ་མེད་མཁའ་དབྱིངས་སུ་སྤུར་ན་འདོད།
 
༼ལག་སྟོང་ནང་གི་ཚིག་སྐམ་དེ་དག་ལ་བདེ་འཇགས་ཀྱི་སྲུང་མི་མི་དགོས་ལ།༽
ཡིན་པ་ནི་ངའི་ཚེ་སྲོག་གི་ཆུ་མོ་རུ།
ཁྱེད་ནི་ནམ་ཡང་ཚེ་སྲོག་གི་ལང་ཚོ་འབར་བའི་ཁེར་རྐྱང་གི་མེ་ཏོག་པདྨ་དེ།
 
2. རྣམ་སྨིན་དེ་སུ་ཞིག་གི་དོན་དུ།

སྨག་རུམ་གྱི་ཡོལ་བ་གཏོར་ནས།
མི་ཡུལ་ལ་སྐྱ་རེངས་བསྩལ་བའི་དྲོད་འཕེལ་གྱི་རྟ་བདུན་དབང་བོ།
དུས་ཚོད་ཀྱི་བཀག་རྒྱ་མེད་པར་གཟའ་ཟླུམ་པོས་བརྙས་དམོད་ཀྱི་མཆེ་སྡེར་བགྲད་དོན་ཅི།
 
མེ་ཏོག་པདྨས་རེ་སྒུག་གི་ལོ་ཟླ་འགོར་ནས།
ཤར་རའི་ཕྲག་ནས་དལ་གྱིས་འཛུམ་པའི་ལྷིང་འཇགས་ཀྱི་རྒྱུ་སྐར་རྒྱལ་པོ།
དོན་མེད་ལ་འདུར་རྒྱུགས་བྱེད་པའི།
འཚབ་འཚུབ་གྱི་སྤྲིན་ནག་ཕུང་བོས་བརྙས་དམོད་ཀྱི་ཕྱག་རིང་བསྲིངས་དོན་ཅི།
སྨྲོས་མ་དགོས་ཏེ་སྐྱེ་འགྲོ་ཡོད་ཚད་ལ་བརྙས་དམོད་རྒོད།
 
རྒྱུ་མཚན་ནི་བྱང་ཕྱོགས་ནས་རྒྱ་མཚོ་འཕྱུར་ལ་ཤར་ཕྱོགས་ན་མེ་རི་མཆེད།
ལྷོ་ཕྱོགས་ནས་རི་བོ་ཉིལ་ལ་ནུབ་ཕྱོགས་ན་རླུང་འཚུབ་གཡོ།
 
རྒྱབ་ན་འབུད་ཤིང་འཁྱེར་བའི་ཨ་ནེ་རྒན་མོ།
ཞིང་ཁའི་དོར་གྱི་རྗེས་ན་རྔུལ་ཆུའི་ཕྲེང་རྡོག་འཐོར་བའི་ཨ་རྒྱ་རྒད་པོ།
སུ་ཞིག་གི་དོན་དུ།
 
3.གཟར་ཁའི་ཚེ་སྲོག

ཤུར་སྒྲ་དང་འུར་སྒྲ་མེད་པའི་བྱང་རླུང་གཏུམ་པོ་ཞིག་གིས།
གཅོང་རོང་དང་བར་ཐག་ཉེ་བའི་གཟར་ངོས་འདི་རུ།
སྡོང་བོ་ཆེན་པོ་ཞིག
བདེ་ཐང་དང་གཡང་གཟར་གྱི་སོ་མཚམས་དེ་ནས།
མགོ་རྟིང་རྫོགས་ལ་ཁད།
 
ཁོ་བོས་རྒྱང་རིང་གི་ནགས་ཀླུང་སྟུག་པོའི་འུར་སྒྲ་དང་།
གཅོང་རོང་དཀྱིལ་དབུས་ཀྱི་ཆུ་ཕྲན་ཆུང་ངའི་གླུ་སྒྲར་རྣ་བ་བླགས་ཏེ་ཉན།
 
ཁོ་བོ་ཁེར་རྐྱང་གིས་གནས་དེ་རུ་བསྒྲེངས་ཡོད་ལ།
ཁེར་རྐྱང་དང་འགྲན་ཟླ་མེད་པ།
གཉའ་མི་སྒུར་བའི་ངང་བསྒྲེངས་ཡོད།
 
ཁོ་བོའི་སྒུར་འཁྱོག་འཁྱོག་གི་ལུས་ཕུང་ལས་ཀྱག་ཀྱོག་རླུང་བུའི་གཟུགས་དབྱིབས་མངོན་ལ།
དུས་ཚོད་སྐར་ཆ་འགའ།
སྐད་ཅིག་ཉིད་དུ་གཅོང་རོང་དུ་ལྷུང་ལ་ཉེ་བའམ།
ཡང་ན་གཟུགས་མེད་ཀྱི་གཤོག་ཟུང་ཐོལ་གྱིས་བརྐྱངས་ནས་མཁའ་དབྱིངས་སུ་འཕུར་ལ་ཉེ།
   
4.ཨ་ལོང་དགུ་བསྐོར།

སུས་ཀྱང་མཐོང་མ་མྱོང་བའི་ལྕགས་ཀྱི་ཨ་ལོང་དགུ་བསྐོར་ཞིག
སུས་ཀྱང་བཤད་མ་མྱོང་ལ།
སུས་ཀྱང་བརྒྱུད་མ་མྱོང་།
སྨྲ་ཕོད་པའི་ནེ་ཙོ་དེ་དག་གྲགས་མེད་དུ་གནས་ལ།
དབྱངས་སྙན་པའི་ཁུ་བྱུག་ཚོགས་ཀྱང་ཇེ་ཉུང་ནས་ཇེ་ཉུང་།
 
སུས་ཀྱང་རིག་མ་མྱོང་བའི་ལྕགས་ཀྱི་ཨ་ལོང་དགུ་བསྐོར་ཞིག
སུས་ཀྱང་སྨྲས་མ་མྱོང་ལ།
སུས་ཀྱང་མྱོང་མ་མྱོང་།
འབྲོང་གཡག་དར་མའི་རང་དབང་ལ་བཀག་བསྐྱིལ་ཐེབས་ལ།
རྒྱ་སྟག་ངར་མའི་ཡིད་ཆེས་ལ་ཐེ་ཚོམ་ཟོས།
 
ཨ་ལོང་དགུ་བསྐོར།
སྒོ་ཁྱིའི་ཟུག་སྐད་དང་འགྲོགས་ནས་ཡུན་རིང་འདས་ལ།
གཤིན་རྗེའི་ལས་མཁན་ཚོ་དང་ལྷན་དུ་མི་ཚེ་བསྐྱལ།
 
5.ལྗང་མདོག་གི་ཚེ་སྲོག

དམར་པོ་རི་ནས་ཀི་གསུམ་འདེབས་དུས།
ཞི་བདེ་མཚོ་ནས་ཉ་མོ་འཁྱུག
 
མལ་གྲོ་གུང་དཀར་ཐོལ་གྱིས་བརྒལ་དུས།
མ་བྲོས་མཚོ་ཡང་འཛུམ་གྱི་ལེར།
 
སྲོལ་རྒྱུན་མེས་པོའི་ཤུ་རིང་གན་ལས།
དེང་རབས་རྒྱུན་འཛིན་ངོ་ཚར་གཏད།
 
བག་མའི་རྣ་ལུང་གསེར་དངུལ་ཡིན་མོད།
བག་གསར་ཁོག་ན་རིག་གནས་དབེན།
 
6.ན་ནིང་དབྱར་ཁ་ཞིག་ལ།

ན་ནིང་དབྱར་ཁ་ཞིག་ལ།
བུད་མེད་ཞིག །
ལུས་ལ་གོན་པ་ཅི་ཡང་མེད་པར།
གྲོང་ཁྱེར་གྱི་བཞི་མདོ་ཞིག་ན།
སུས་ཞིག་གིས་ཀྱང་།
ངག་སྒོ་བསྡམ།
 
ཞིང་གྲོང་གི་ལམ་ཕྲན་ཞིག་ན།
དོར་མ་གྱོན་པའི་བུད་མེད་ཞིག །
རིག་རིག་ཚང་མས།
སུ་ཚང་གི་རེད།
མྱོས་འདུག་ཟེར།
 
ཐང་དཀར་རྒོད་པོ་ཞིག །
རི་གསུམ་རྩེ་ནས་ལྡིང་བསྐོར་ལན་གསུམ་བརྒྱབ་ནས།
སུས་ཀྱང་བཤད་མི་ཚར་བའི་གནས་དེ་ནས།
དག་ཞིང་གཞན་ཞིག་ཏུ་འཕུར་སོང་།
 
དུང་སྒྲ་དང་ལྡིར་སྒྲ་རྣ་བར་གཟན་པའི་ལྕགས་ཀྱི་གླང་ཆེན་རྟུལ་བོ་ཞིག །
བུད་མེད་དེར་དུངས་པ་མིན་ན།
བཞི་མདོ་ཡི་བུད་མེད་དེའི་རྒྱབ་གཟུགས་སུ་སུན་སྣང་མེད་པར་ལངས་འདུག །
 
ན་ནིང་དབྱར་ཁ་དེར།
འབྱུང་བཞི་ལ་འཚུབ་ཆ་དང་འཇིགས་པ་དབེན་རུང་།
བུད་མེད་གན་གཉིས་གསར་འགྱུར་གྱི་མདུན་ངོས་ན་གསལ་ལེར་འཁོད་འདུག

7.ཁ་དོག་མེད་པའི་རེ་བ་ཕྲ་མོ་ཞིག

ཁ་དོག་མེད་པའི་རེ་བ་ཕྲ་མོ་ཞིག
སུས་ཀྱང་བདེན་ཁ་མ་བྱིན་པའི་ངའི་སེམས་ཀྱི་ཡ་ཆུང་གངས་དཀར།
རི་བོའི་ལྟག་རྒྱབ་ཀྱི་ཆུ་མིག་གི་གྱ་གྱུའི་གླུ་སྒྲ་བཞིན།
གྲོག་རོང་ནས་ལྷུང་ཟིན་པའི་འབའ་འབུ་སོགས་ལ།
ཆེས་མཐའ་མཇུག་གི་གསོན་ཐུབ་པའི་རེ་བ་ཕྲ་མོ་སྦྱིན་འདུག
 
ལྕང་མ་ཁེར་བགྲོད་གཅིག་ངའི་མདུན་ལྗོངས་ན་ཀྲོང་ངེར་ལངས་འདུག
དེ་ནི་སྟོན་རླུང་གིས་འཁུར་ནས་ཡོང་བའི།
སོན་ནམ་པའི་སོག་མའི་གཞིས་ཁྱིམ་དུ་གྲུབ་འདུག་ལ།
མ་གཞི་ནས་གསེར་མདོག་ལྡན་པའི་ལྕང་མ་ད་ལྟ་ལྷག་པར་མཛེས།
 
འབྲུག་སྒྲ་སྔར་བཞིན་ཇེ་ཆེ་ནས་ཇེ་ཆེ།
གཞུང་ལམ་ན་འདུར་རྒྱུགས་འཕེན་པའི་སྟག་ཤར་འགས།
སྐབས་རེ་ནམ་མཁའ་རུ་མཛུབ་མོས་སྟོན་ལ།
སྐབས་རེར་མདུན་ལྗོངས་ན་ཡོད་པའི་ལམ་བུའི་སྣེ་ཡི་ཁང་མིག་གན་ལ་རེ་བ་ཆེ།
 
སྦྲ་ནག་ལས་དུ་བ་སྔོ་ལོང་ལོང་དུ་འཕྱུར་ཡོང་ལ།
སྦྲ་ནང་ལས་མར་ཆུར་གྱི་དྲི་ཞིམ་འཁོར་ཡུག་ཡོངས་ལ་ཁྱབ་འདུག
ལྕགས་རྟར་ཞོན་པའི་ལམ་འགྲོ་བ་གཉིས།
རང་དབང་མེད་པར་གཡུ་མདོག་གི་རྩྭ་ཐང་འདི་ནས་ཡུན་རིང་ལུས།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《འཆར་སྣང་གི་རི་མོ》(སྙན་ཚོམ)

2020-07-30 ཅོ་བྱང་སྐར།(ཁྲིན་ཏུའུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།