ཁང་པའི་བྱ་འདབས།

གསེར་གུར།(གསེར་ཐལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-11-01
གོ་ཐོས་སུ
བྱིས་པ་དེའི་ལྟེ་ཐག་རང་གིས་བཅད་པ་རེད་ཟེར
སྲོག་དང་རྣམ་ཤེས་ཀྱི་ཟི་ར་འཚུབ་པའི་ཆོ་ངེ
རླུང་ནང་འཁུར་གྱིན་པའི་ཤོག་བུའི་ངོས་སུ་འདུག

དེ་ག ཡུལ་དུས་ཀྱིས་ཟིན་ཐབས་མི་འདུག

རང་གིས་བཟོས་པའི་ཁྲོན་པའི་ནང་དུ
རང་ཉིད་ཁོ་ན་རྩེན་པ་བཞིན

བུད་མེད་ཀྱི་ལག་པའི་ནང་གི་མེ་ལོང་ཆག་སོང
མེ་ལོང་ཆག་པོའི་རོ་རྣམས
ག་ས་ཀུན་ཏུ
གོ་མེད་ཚོར་མེད་ངང་འཐོར་ཞིང་གནས

མེ་ལོང་ཆག་པོའི་སེར་ཀའི་ནང་གི་གར་སྟབས
ལང་ཚོ་སྟོང་གིས་དྲག་ཏུ་སྒྱུར་གྱིན་འདུག

མི་གཅིག་གི་ཁོག་པའི་ནང་གདུ་བའི་མཛེས་སྡུག་གིས
རང་ཁོ་ན་སྨྱོ་བར་བྱེད

རྒྱ་ཆེ་པོའི་འཇིག་རྟེན་ཆུང་དྲགས
ཚེ་འདི་ནི
རང་ལ་བཏོད་པའི་རྨ་ཁའི་ནང་ནས་ཡལ་སོང
              ༡༠.༡༨-༢༠༢༠.༡༠.༣༡ལ།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁང་པའི་བྱ་འདབས།

2020-11-01 གསེར་གུར།(གསེར་ཐལ) ཀློག་གྲངས། མཆན ཡོད།
གོ་ཐོས་སུ
བྱིས་པ་དེའི་ལྟེ་ཐག་རང་གིས་བཅད་པ་རེད་ཟེར
སྲོག་དང་རྣམ་ཤེས་ཀྱི་ཟི་ར་འཚུབ་པའི་ཆོ་ངེ
རླུང་ནང་འཁུར་གྱིན་པའི་ཤོག་བུའི་ངོས་སུ་འདུག

དེ་ག ཡུལ་དུས་ཀྱིས་ཟིན་ཐབས་མི་འདུག

རང་གིས་བཟོས་པའི་ཁྲོན་པའི་ནང་དུ
རང་ཉིད་ཁོ་ན་རྩེན་པ་བཞིན

བུད་མེད་ཀྱི་ལག་པའི་ནང་གི་མེ་ལོང་ཆག་སོང
མེ་ལོང་ཆག་པོའི་རོ་རྣམས
ག་ས་ཀུན་ཏུ
གོ་མེད་ཚོར་མེད་ངང་འཐོར་ཞིང་གནས

མེ་ལོང་ཆག་པོའི་སེར་ཀའི་ནང་གི་གར་སྟབས
ལང་ཚོ་སྟོང་གིས་དྲག་ཏུ་སྒྱུར་གྱིན་འདུག

མི་གཅིག་གི་ཁོག་པའི་ནང་གདུ་བའི་མཛེས་སྡུག་གིས
རང་ཁོ་ན་སྨྱོ་བར་བྱེད

རྒྱ་ཆེ་པོའི་འཇིག་རྟེན་ཆུང་དྲགས
ཚེ་འདི་ནི
རང་ལ་བཏོད་པའི་རྨ་ཁའི་ནང་ནས་ཡལ་སོང
              ༡༠.༡༨-༢༠༢༠.༡༠.༣༡ལ།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།