ང་དང་ཨ་མ།

ཨྱོན་སྒྲོལ་མ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-11-05

                     ___འདི་ནི་བུ་མོ་གཉོར་ཞོར་དུ་བུ་མོའི་སྐད་ཆ་ལས་ཁོལ་དུ་ཕྱུངས་ཏེ་མོའི་སེམས་ཁམས་ཀྱི་ཚབ་ཏུ་བྲིས་པ་ཡིན།
 
                              ༡
ཨ་མས་ངའི་འཕོངས་མགོ་འབྱིད་དུས་ང་འགུལ་བ་ན་སྐྱག་པ་ཨ་མའི་མཛུབ་མགོར་འགོས་འགྲོ
ང་ལྷུག་ལྷུག་ཏུ་བགད་པ་ན་ཨ་མའང་བགད་བྱུང
དེ་རིང་སྐྱག་པ་བཙུར་བཙུར་རྗེས་ད་གཟོད་ཐོངས་བྱུང
ཕྱིར་འཁོར་ནས་བལྟས་པ་ན་སྐྱག་པ་ནི་སྔོ་འབུ་ཆུང་ཆུང་ཞིག་དང་འདྲ་
ཡིན་ཡང་དེ་ལ་རྭ་ཅོ་གཉིས་མི་འདུག
 
ནུབ་མོར་ངས་ཉལ་གཅིན་བྱས་ནས་ཨ་མའི་བརླ་ཚ་ལམ་ལམ་དུ་བཏང
ཨ་མས་ང་ལ་ཉལ་གཅིན་བྱས་འདུག་ཅེས་གཤེ་གཤེ་བཏང་བ་ན
ང་ཕར་ནུར་ནས་ང་མིན་པ་རྒྱུ་མཚན་དུ་དྲངས་པ་ན
ཨ་མ་ཅི་བྱ་གཏོལ་མེད་དུ་གྱུར
                               ༢
ཟླ་བས་དུས་རྒྱུན་དུ་ངའི་རྗེས་འབྲངས་ནས་ཡོང
ང་བསྡད་པ་ན་ཟླ་བའང་བསྡད་འདུག
ངའི་མོ་ཊ་ཤེད་ཀྱིས་རྒྱུག་པ་ན་ཟླ་བའང་ཤེད་ཀྱིས་རྒྱུག་ཡོང
ངས་ཨ་མར་རྒྱུ་མཚན་དྲིས་པ་ན
ཨ་མས་ང་ཡག་པས་རེད་ཟེར
 
ཉི་མ་ཤར་བ་ན
ཉི་མའི་ནང་དུ་རང་དང་འདྲ་བའི་གྲིབ་མ་མང་པོ་ཡོད
ཨ་མའི་གྲིབ་མ་ནི་ནམ་ཡིན་ཡང་ངའི་གྲིབ་མ་ལས་རིང
ངའི་གྲིབ་མ་ནི་ནམ་ཡིན་ཡང་ཨ་མའི་གྲིབ་མ་ལས་ཕྲ
                               ༣
ང་དང་ཨ་མ་གཉིས་གཤིབ་པ་ན
ཨ་མ་ནི་ཕག་ཕྲུག་ཅིག་དང་འདྲ་བར་ངའི་རྗེས་མི་ཆོད
ང་འགྲོ་མ་འདོད་ཚེ་ང་ཨ་མའི་རྒྱབ་ལ་འབྱར་བས་ཨ་མས་ང་ཁུར་ནས་སྐས་ལ་འཛེགས
དེ་དུས་ཨ་མ་ནི་རྟ་རྒན་ཞིག་དང་འདྲ
 
ང་ཇེ་ཆུང་དུ་འགྱུར་ན་བསམ
ཨ་མའང་ཇེ་ཆུང་དུ་འགྱུར་ན་བསམ
ཡིན་ཡང་ཨ་མ་ཇེ་ཆུང་དུ་གྱུར་ཚེ་ང་སུས་གཉོར
                               ༤
ང་ང་རང་གི་སློབ་གྲྭར་དགའ
རྒྱུ་མཚན་ནི་ང་ཚོའི་སློབ་གྲྭར་སློབ་གཙོ་མེད
ཨ་མའི་སློབ་གྲྭར་མིག་ཤེལ་གྱོན་པའི་སློབ་གཙོ་ཞིག་ཡོད
ཁོས་མིག་ཤེལ་ནང་ནས་ང་མཐོང་ཐུབ

ང་ང་རང་གི་སློབ་གྲྭར་དགའ
རྒྱུ་མཚན་ནི་ང་ཚོའི་སློབ་གྲྭའི་ནང་ནས་ཡི་གེ་སློབ་མི་དགོས
ཨ་མའི་སློབ་གྲྭའི་ནང་ནས་སློབ་གྲྭ་གྲོལ་རྗེས་ད་དུང་ལས་བྱ་འབྲི་དགོས
                               ༥
ང་མཚམས་རེར་ཨ་མའི་ལག་རོགས་པ་ཆུང་ཆུང་ཡིན
ཨ་མས་མོ་ཊ་གཏོང་དུས་ངས་ལམ་བཙོག་མིན་ལ་བལྟ་ཐུབ
ཨ་མས་མོ་ཊ་འཇོག་དུས་ངས་འཁོར་ལོ་དྲང་མིན་ལ་བལྟ་ཐུབ
ཨ་མ་ཤུམ་པ་ན་ངས་ལག་པས་ཨ་མའི་མིག་ཆུ་དབྱི་་ཐུབ
ཨ་མའི་སེམས་སྐྱོ་དུས་ངས་ཨ་མར་འོ་བྱེད་ཐུབ
                               ༦
དེ་རིང་ངས་རི་མོ་ཞིག་བྲིས
རི་མོའི་ངོས་སུ་ང་དང་ཨ་མ་གཉིས་བྲིས་པ་ཡིན
ང་ཁང་བའི་གམ་དུ་སླེབ་པ་དང་ཨ་མ་ད་དུང་ལམ་ནང་ན་ཡོང་གིན་འདུག
                               ༧
ང་མོ་ཊའི་ནང་ནས་སློབ་གྲྭར་སྐྱེལ་བཞིན་ཡོད
ང་དང་འདྲ་བའི་བྱིས་པ་ཆུང་ཆུང་ཚོ་ཆར་བའི་ནང་ནས་རྐང་ཐང་དུ་སློབ་གྲྭར་འགྲོ་དུས
ངས་སེམས་ལ་སྙིང་རྗེ་སྐྱེས་འོང
ལན་རེར་ངས་ཀྱང་ཆུ་ལྷམ་དང་ཆུ་ལྭ་གྱོན་ནས
ཨ་མའི་ལག་པར་འཇུས་ནས་སློབ་གྲྭར་འགྲོ་འདོད
ཡིན་ཡང་ཨ་མ་ལ་ཁོམ་རྒྱུ་མི་འདུག
                               ༨
ཉིན་ཞིག་ང་རུ་ནང་དུ་འགྲོ་དུས
ངས་ནམ་མཁའ་རུ་གློག་ཐོ་ཆེན་མོ་ཞིག་བཀལ་འདུག་པ་མཐོང
ཨ་མས་དེ་ནི་གློག་ཐོ་མིན་པར་ཟླ་བ་རེད་ཟེར
ངེད་ཚང་གི་ཁང་བའི་ནང་དུ་གློག་ཐོ་ལས་ཟླ་བ་མེད་པ་ཅི་ཡིན་ནམ
                               ༩
ཨ་མས་མིག་ལས་མིག་ཆུ་བཏོན་པ་ན
དེ་ནི་སེམས་སྡུག་པ་ཡིན་པ་ཤེས་ཐུབ
ཡིན་ཡང་ཅི་ཞིག་ལ་སེམས་སྡུག་ཀྱིན་པ་ངས་གཏན་ནས་མི་ཤེས་
                              ༡༠
སློབ་གྲྭའི་ནང་ནས་མཚམས་རེར་ང་གཉིད་འགྲོ
གཉིད་གཉིད་དེ་སད་དུས་ང་དགེ་རྒན་གྱི་པང་དུ་འདུག

ད་ལོ་སློབ་གྲྭ་ཡུན་རིང་ལ་མ་འཚོགས་པས
ངས་སློབ་གྲོགས་ཚོའི་མིང་བརྗེད་ཀྱིན་འདུག
                               ༡༡
ངས་རྐང་འཇབ་ལག་འཇབ་བྱས་ཀྱང
ང་བྱིའུ་ཚོའི་གམ་དུ་སླེབས་པ་ན་ཁོ་ཚོ་འཕུར་འགྲོ
ང་འདྲའི་སྲས་མོ་ཆུང་ཆུང་ལའང
བྱིའུ་ཚོ་སྐྲག་དོན་ཅི་
ང་འཕུར་ཤེས་ན་སྐྱིད་པ་ལ

                   ༢༠༢༠ལོའི་ཟླ༩ཚེས་༡༠ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ང་དང་ཨ་མ།

2020-11-05 ཨྱོན་སྒྲོལ་མ།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།