《དུར་ཁྲོད་ཀྱི་ནམ་མཁའ》སོགས་སྙན་ངག་ཚན་པ་དྲུག

སུ་ལ་བརྗོད་ཐབས་མེད་པ་དེ་དག
བརྡ་ཆད་དང་ཐ་སྙད་ཀྱིས་ཅི་ཞིག་བྱ
ཁྱོད་ལ་འཆད་སྙིང་བྲོ་ཡང་ཅི་ཞིག་བྱ

ཟླ་འོད་ལ་ཅེར་བའི་མིག་ཟུང་དེ་དག
ཉི་ནུབ་དང་འཆི་འཕོ་ལ་ངང་སྒུག་མེད་ཀྱང
དུས་ཚོད་ཀྱིས་ཁྱོད་ལ་འཁོར་བ་བཞེངས་རོགས་བྱས

བར་སྣང་ནས་ལྡིངས་སྐོར་རྒྱག་བཞིན་པའི་བྱེའུ་དེ་དག
ངའི་སྣང་བརྙན་ལ་བརྙས་བཅོས་བྱས་པའི་ཚུགས་ཀ་ཡོད་ཀྱང
ངས་སྤྲིན་དཀར་ཞོན་ནས་འཕུར་མི་ཐུབ་པས་ཅི་ཞིག་བྱ

བྲང་གཞུང་དུ་སྦྱར་བའི་ཡི་གེ་ནག་ནོག་དེ་དག
ཚག་དང་བཞི་ཤད་སྤུངས་ནས་རུག་རུག་བྱས་ཀྱང
ནེམ་ཕོག་པའི་ས་གཞི་ལས་མེ་ཏོག་མངོན་པར་མ་གྱུར

ནམ་ཡང་ཁེར་རྐྱང་གི་གྲིབ་གཟུགས་དེ་དག
འོད་ཟེར་གྱི་རམ་འདེགས་མེད་པར་ཡུན་རིང་དུ་སྐྱེས་ཀྱང
ཁ་བ་ཅུང་ཙམ་གནོངས་དང་སྐྲ་ལོ་སངས་ཡོང

སྡིག་སྒྲིབ་ཀྱི་སྙན་ངག་འབྲི་མཁན་གྱི་མི་དེ་དག
ཚིག་འབྲུ་རེ་རེ་ལའང་དུར་ཁྲོད་ཀྱི་འཇམ་མཉེན་ཡོད་ཀྱང
ཡུལ་ཕྱོགས་ག་ཤེད་ན་ཡོད་པ་མི་ཤེས་པས་ཅི་ཞིག་བྱ

དུས་ཚོད་ཀྱི་ཉི་འོད་དེ་དག
ཞབས་བྲོ་རྡུང་རྒྱུ་ལ་ཤིན་ཏུ་མཁས་ཀྱང
ངས་ནི་ཁོ་རང་ག་ལེར་ག་ལེར་འགུལ་ན་བསམས
ཕ་ཡུལ།  བརྩེ་དུང་གི་ཆུ་བོ་བཞུར་ས།

སིམ་ཙམ་སིམ་ཙམ་བྱས་པ་དེས་ཀྱང
མནར་མེད་ཀྱི་ན་ཟུག་འཚིར་ཐུབ་ཀྱིན་འདུག་ཨང
མ་གཞི   ངའི་ནམ་མཁའ་ལ་གདེང་ཚོད་ཤོང་མེད

རྒྱང་རིང་གི་འབྲོག་སྡེ་དེར
ལྷིང་འཇགས་ཀྱི་ཟིལ་བ་ཆགས་ཤིང
ཁེར་རྐྱང་གི་རྣམ་ཤེས་འཁོར་ཡོད
ད་དུང  ང་རང་བསམ་ཤེས་ཀྱི་གཞོན་པ་ཞིག་ཏུ་གྱུར་མེད

ཆུང་དུས་སུ་བག་ཆགས་སྟུག་པའི་ཕ་ཡུལ
དྲན་གདུང་གི་ཟབ་སར་འཁྱིལ་བའི་གཙང་བོའི་ཁ་རུ་འཕྱོ
རྦ་རླབས་ཀྱི་ཟེགས་མ་རེ་རེས་ངོ་གདོང་ལ་ཡུར་བུ་བཏོད
དེས་ཀྱང   ཀུན་གཞི་ལས་ཕ་ཡུལ་སླར་ཡང་འཁྲུངས
དེའི་ཕྱིར  ཁོག་པ་ཤོད་ཆེ་ཡང་སེམས་ལ་རླན་པ་འཐོར

མཐོ་པོ་རི་ལ་འགོས་ཏེ་རྒྱང་མཇལ་བྱས་ཀྱང
དམའ་མོ་གཤོང་ལ་བུད་དེ་འགྲམ་པ་སྐྱོར་ཡང
ས་མཐའ་ནི་ས་མཐའ་རང་ཡིན་པ་དེས་ཀྱང
ང་ལ་ཁེར་རྐྱང་གི་འགྲེལ་བཤད་གཞན་ཞིག་དགོས་ཀྱི་མི་འདུག

ཕ་ཡུལ  ཆུང་དུས་ཀྱི་ཕ་ཡུལ
ཞལ་མཆུ་ལ་ཐལ་རྡུལ་གྱིས་ཁེབས་ཤིང
མཛུབ་སེན་ལ་སྣབས་ལུད་ཀྱིས་དཀྲིས་པའི
ཆུང་དུས་ཀྱི་ཕ་ཡུལ  ཆུང་དུས་ཀྱི་རང་ཉིད
མཚན་མོའི་རྨི་ལམ་ལས་རྒྱང་མཇལ་ཞུས་ཡོད

ད་ལྟ  ཕ་ཡུལ་ནི་སྔར་བཞིན་གནས་ཀྱང
ངས་གངས་རི་ལ་ལྡོག་འགྲེལ་རྒྱག་པའི་ཉེར་བསྡོགས་བརྩམས
ནགས་ཀླུང་ལ་ངུ་ཤོམ་འཐེན་པའི་རྔམ་ལག་བརྐྱངས
འབྲོག་མི་དག་གི་རང་གཤིས་ལ་མཛུབ་ཀེར་ཕྱར་བའི་གྲ་འཛུམ་རྒྱས་ཀྱང
ཕ་ཡུལ་ནི་སྔར་བཞིན་འཇམ་ཅག་གེར  ཁུ་སིམ་མེར་འཁྱིལ་ནས་ཡོད
རྟེན་འབྲེལ་གྱི་སྙིགས་མ།

ནམ་ཕྱེད་འདིར་སླེབས་དུས
ཅོག་སྒྲོན་གྱིས་ཁང་བའི་མུན་པ་བསལ་བ་བདེན་དུ་ཆུགས་ཀྱང
ཅོག་སྒྲོན་གྱིས་ཡིག་འབྲུའི་གྲིབ་མ་འདིའང་གསར་བཏོད་བྱས

གཏིང་དུ་ལུས་པའི་སེམས་ཚེགས་ནི
ལུས་ཀྱི་རྡུལ་གསེབ་ལས་འོང་བའི་ན་ཟུག་ལྟར
རྔམ་ལག་གིས་ཕར་ཕར་བསྲིང་འདོད་ཀྱང
ཉི་ཟླ་དང་བསྡེབས་ནས་ཚུར་ཚུར་སླེབས

ཉི་འོད་ཀྱི་ཐིགས་པ་རེ་རེས
འཁྱག་རོམ་དང་དབྱར་ཟླ་འདྲེན་པའི་ཉེར་བསྡོགས་བྱས་འཕྲལ
ཨ་སྔོན་གྱི་མཁའ་དབྱིངས་བཟུང་བའི་རྒོད་པོ་ཁྱུ་ཞིག
གཤོག་རྩལ་ལ་རྨས་ཕོག་པའི་ངལ་བ་ཁུར་ནས
བྲག་གཟེངས་ཀྱི་སྟེང་དུ་གནས་མལ་བཅས
འཁྱག་ལུང་གི་དགུན་ཁ།

ཕ་ཡུལ་གྱི་ནམ་མཁའ་དེ
སྤྲིན་ནག་གི་ལྡིང་ཁང་ཞིག་ཡིན
ཆུ་བོ་ཤག་ཤག་ཏུ་རྒྱུ་བ་དེ་དྲན་ན
ཕ་ཡུལ་གྱི་མིག་ཟུང་དེ་དག
ཙག་རླུང་གིས་ཁུར་བའི་གད་སྙིགས་ལྟར
ཐལ་རྡུལ་དང་རླུབ་འཚུབ་ཀྱིས་བསྐོར་ནས་ཡོད

འཁྱག་ལུང
ཚེས་མ་མྱོང་བའི་ལོ་ཟླ་དེ་དག
དགུན་གསུམ་གྱི་ཚེར་མ་ལས་ཀྱང་རྣོའམ

ཏག་ཏག་ཕྱིར་དྲན་གྱི་དུས་ཚོད་དེ་དག
རྨི་ལམ་གྱི་རྡོག་པས་མནན་དགོས་ཀྱི་འདུག
སྙབས་ཀྱང་ཟིན་པ་མེད་པའི་ཕ་ཡུལ
མཚན་མོའི་འབོད་སྒྲ་ལས་ཁྱོད་ཉིད་རྙེད་བྱུང

བས་མཐའ་འདིར
ཁེར་རྐྱང་གི་གད་རྒྱངས་དེ་ཧ་ཅང་ཆུང་བས
ཕ་ཡུལ་གྱི་སྐྱོ་ཉམས་དང་མིག་ཆུ་ལས་ཀྱང
སེམས་ཀྱི་རྨ་ཁ་འདི་འཁྱགས་སོང  ཕ་ཡུལ
ངས་ཁྱོད་ལ་ཅི་ཡང་ཆད་མེད།

             ༡
ཙོག་ཙོག་པུར་ངང་དུ
དགེ་སྦྱོང་དག་གིས་ཏིང་འཛིན་ལ་གཞོལ་སྲིད
གསང་བའི་མེ་ཏོག་དག་གིས་ཀྱང་ངུ་ཤོམ་བྱེད

མུན་པའི་དྲ་ཡོལ་དེ་འཕྲད་ཀྱིས་དེད་རྗེས
མིག་ཆུའི་ཐིགས་པ་ཐྲིག་ཐྲིག་ཏུ་བཞུར

སུ་ལའང་མ་བསྟན་པའི་ལུང་བསྟན་དེ་གར
སུ་ཞིག་གི་གསང་བ་སྔོག་པའི་གཏམ་རྒྱུད་བྲིས་ཡོད
སུ་ཞིག་གི་ལང་ཚོ་ལ་གོད་ཆགས་ཚེས་ཡོད་ཨང

              ༢
གཏན་དུ་བཀར་བའི་ནགས་ཁྲོད་འདིར
ཁེར་རྐྱང་གི་ཆོ་ག་འདོན་པའི་གར་མ་དེ་དག
སྡིག་སྒྲིབ་ཀྱི་ཆར་བས་ཡང་ཡང་མནན
མྱ་ངན་གྱི་སྨྲེང་ངག་ཡང་ཡང་བཏང

རྒྱང་རིང་དུ་བྱེར་བའི་སྙིང་དེའང
ད་ལྟ་སྐྱོ་གདུང་གི་འཇའ་རིས་འཁྲིགས་ཏེ
ཁོ་བོའི་དོན་དུ་ཕྱིར་མིག་ལན་གཅིག་ཕུལ་ཡོད་དམ

སྙིང་ཉེ་བའི་མི
ཕྱིར་མིག་ལན་གཅིག་གཏོད་རོགས
ང་ནི་ཁྱོད་ཀྱི་ལན་བུར་ཆགས་པའི་ནམ་མཁའ་དེ་ཡིན

རྣོ་ལྕགས་ཀྱི་ངར་བ་ཁུར་བའི་ལོ་ཟླའི་ཁྲོད
ཞོགས་པའི་ཟིལ་བ་རེ་རེའི་སྡུག་བསྔལ་དེ་དག
ངའི་ཤ་དང་རུས་ལ་ཐིམ་པའི་བ་སྤུ་དང་འདྲའོ
ཁྱོད་ཀྱི་ཞལ་རས་སྒོར་སྒོར།  

མིག་མདངས་ཀྱིས་ངག་སྒོ་ཕྱེས་ཏེ
མཛའ་བརྩེའི་སྐད་ཆ་བསླུག་བསླུག་ཏུ་གྲོལ་རྗེས
ང་རང་ནར་མ་སོན་པའི་ཡལ་ག་དང་འདྲ་སྟེ
ཐ་ན་ཁ་བའི་འདབ་མ་རེ་རེའང་ཐེགས་པར་དཀའ

བརྩེ་དུང་གི་རྒྱ་མཚོ་འཁྱིལ་བའི་བྲང་གཞུང་དུ
ཕྲོམ་ཕྲོམ་གིས་འདུས་པའི་ཟིལ་བ་དག
གས་སྲུབ་དོད་པའི་རྡོ་བ་དག་ལས་ཕྱིར་མངོན་བྱུང

ཏག་ཏག་མི་ལོ་བདུན་ཙམ་འགོར་འདུག
ངས་རང་ཉིད་རྙི་ཐག་ཏུ་ཚུད་པའི་ཤ་བ་དང་འདྲའོ་སྙམ

དུས་ཚོད་ཀྱི་འཁྱུད་མོ་རྒྱང་རིང་དུ་བཞུར་བས
ཚོད་ཚོད་ལ་འགྲེ་ལྡོག་ཅིག་རྒྱག་འདོད་བྱུང་ཡང
ཨག་སྐད་ལ་ཞེད་སྣང་ཚ་བའི་ང་རང
སྟོང་བསམ་གྱི་གྲུ་རྫིངས་ལའང་ཞུགས་ཕོད་ཀྱིན་མེད
ངུ་ཤོམ།

སུ་ལའང་སྐྱོ་གདུང་མེད་པའི་མཚན་མོ་འདིར
ཁང་སྟོང་གི་གྱང་ངོས་སུ་བཀར་བའི་ཁྱོད་ཀྱི་གྲིབ་སྨག་དེ
ངའི་རྨི་ལམ་གྱི་འཇའ་ཚོན་བཞིན་དུ་ཡིད་གར་འོང

ཁྱོད་ཀྱི་ཞལ་རས་ལ་རེག་འདོད་ཀྱི་ཡི་ག་རྒྱས་ཀྱང
སྟོན་རླུང་གིས་ཁུར་བའི་སྐྲ་ལོ་དེ་ཨང
གཏན་དུ་འཛུམ་པའི་མིག་ཟུང་ལ་དགའ་ཡང
གཏིང་དུ་སྦས་པའི་གསང་བ་དེ་ཨང

ལུང་སྟོང་ནས་གྲགས་པའི་རོལ་དབྱངས་དེ་ག
ཁུ་སིམ་མེད་པའི་འཚོ་བ་དང་འདྲེས་ཚེ
བཞི་མདོའི་ཆང་ཁང་ནང་གི་རྒྱ་སེའི་བུད་མེད
དྲན་གདུང་གི་ཁུར་བོ་གནང་བའི་སྒྲོལ་དཀར་ཡིན་ནམ

ཁྱོད་ཀྱི་རྣམ་ཤེས་ལ་ངུ་ཤོམ་འཐེན་པའི་མཚན་མོ་འདིར
སེམས་གཅོང་གི་སྨུག་པ་འཚུབ་པའི་རེ་བ་མེད་ཀྱང
སླར་ཡང་འདུན་པའི་རྩེ་རུ་འཕྱོ་བའི་རྦ་རླབས
ག་ལེར་ག་ལེར་སྔས་འབོལ་སྟེང་དུ་ལྷུངས
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《དུར་ཁྲོད་ཀྱི་ནམ་མཁའ》སོགས་སྙན་ངག་ཚན་པ་དྲུག

2021-03-07 སད་མི།(ལྷ་ཐོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།