སྒྲ་སྙན་ཁུར་བའི་མི་ཕོ།


                                 (1980-2021)



ངག་མི་འཁྲོལ་བའི་མཚན་མོ་འདིར
གཞས་ཕྱེད་ཀ་ཞིག་ལ་ཉན
བརྩེ་དུང་གིས་བོར་བ་བཞིན  ངས་ཀྱང་གཏིང་ཟབ་ས་ཞིག་ནས
མི་ཟིན་པ་དེ
བསྙོགས་ཟིན་པའི་ནམ་མཁའ་རེད་སེམས་སོང

ཡིབ་མི་དགོས་པའི་རྩེད་མོ་འདིར
མི་གཉིས་དགོས་པ་བཞིན་དུ
ཁྱེད་ལ་བསྒུག་མོད
ལན་མང་བཙལ་ཀྱང་མཐོང་དཀའ་བས
སྡུག་བསྔལ་གྱི་ངོ་བོར
ཁ་དོག་ཡོད་པ་ཤེས་སོང

སྐར་ཚོགས་ཁྲ་ཆིལ་དགུ་ཆིལ
གསལ་པོ་ཞེ་དྲགས་འདུག་ཀྱང་ཡལ་སོང
མི་ཚོགས་བརྒྱ་འདུས་སྟོང་འདུས
མཐའ་མར་གྲོགས་མེད་ཁེར་རྐྱང་དུ་འགྲོ

དྲན་པའི་ཤོག་ལྷེ་བརྒྱ་ཚར་སྟོང་ཚར་བསློག་ན
ཁྱོད་རང་མཐོང་སྲིད་དམ
འཁྲེང་བའི་གླུ་གཞས་བརྒྱ་སྟོང་མང་པོར་ཉན་ན
ཁྱོད་རང་ཐོས་སྲིད་དམ

ང་ཚོས་གཞས་གཏོང་ཞོར་མིག་ཆུ་ཕུད་པ་གྲངས་མེད
ང་ཚོས་སེམས་སྨྲེང་ཞོར་གད་མོ་བགད་པ་གྲངས་མེད
ང་ཚོས་ཁྱོད་གླེང་ཞོར་ཁྱོད་དྲན་པ་གྲངས་མེད

མི་ཚོགས་ཆུ་ཀླུང་ཁྲོད་དུ་འུར་ཟིང་ཆེ་ཡང་
ཁྱོད་ཀྱི་གླུ་སྐད་གསལ
སྣང་བའི་ལྕམ་དྲལ་འོག་ཏུ་ཁེར་རྐྱང་ཡིན་ཡང་
ཁྱོད་ཀྱི་སེམས་ཁམས་ཡངས

རོགས་པ
དུས་ད་ལྟ ང་ཚོས་རྟོག་བཟོ་བྱས་པའི་གཞས་ཚིག་དེ་སུས་ལེན
དུས་ད་ལྟ ང་ཚོས་བརྙན་དུ་ཕབ་པའི་ཡུལ་ལྗོངས་དེ་སུས་དྲན

ངས་ཁྱོད་རང་དྲན་ཞེས་མཐོ་རུ་མི་བསྒྲགས
ངས་ཁྱོད་རང་དྲན་ཞེས་ཤབ་ཤུབ་མི་སྨྲ

རོགས་པ
ཉལ་ཁར་ཕྱིར་དྲན་བྱེད་ས་ཁྱོད་ཡིན
ཁྱོད་ཀྱི་དྲན་པའི་ཕྱི་ནང་བརྗེས་པའི་
སྙན་ངག་དེ་དག་ཡིན

རོགས་པ
ཞོགས་པར་ཕྱིར་དྲན་བྱེད་ས་ཁྱོད་ཡིན
ཁྱོད་ཀྱིས་མཚན་གུང་བརྩམས་ཤིང་
བླངས་པའི་གླུ་གཞས་དེ་དག་ཡིན

རོགས་པ
ནམ་ཡང་ཕྱིར་དྲན་བྱེད་ས་ཁྱོད་ཡིན
ཁྱོད་ཀྱི་རྒུད་པའི་ལམ་དུ་མ་གྱུར་པའི་
ཐེར་ཟུག་གི་རང་གཤིས་དེ་ཡིན

ཁྱོད་རྒྱུད་སྐུད་ཀྱི་ས་ཡོམ་ཡིན
རིགས་ཞེན་གྱི་ལུས་པོ་འདར་ཕྲིལ་ཕྲིལ་བྱས་ཡོང
ཁྱོད་ཚིག་དབྱངས་ཀྱི་རྣམ་དབྱེ་ཡིན
རིགས་རྒྱུད་ཀྱི་བདེ་སྡུག་ངོ་འཕྲོད་པར་བཅུག་ཡོང

ཡིན་ཡང
འཁོར་བའི་ཞེན་པ་དག་བརྗེད་པར་གྱིས་ཤིག
ང་ཚོས་རང་ཉིད་བཀྲུས་ནས་དག་པར་བྱ་དགོས་ཚེ
ངེས་པར་དུ་མུན་པའི་གཙང་པོར་རྐྱལ་དགོས

ཡིན་ཡང
བག་ཆགས་འཁྲུལ་པ་སོགས་བརྗེད་པར་གྱིས་ཤིག
ང་ཚོས་རང་ཉིད་ཉེན་པའི་གཡང་ནས་བསྐྱབ་དགོས་ཚེ
ངེས་པར་དུ་སྡིག་པའི་མཚོ་མོ་བསྒྲལ་དགོས

གློ་རྡེག་གློ་རྡེག་ཏུ་ཅི་ཞིག་དྲན་པ་ལྟར་བྲིས་པའི
ཚིག་གི་གཏིང་རག་འདིས
ངའི་ནང་སེམས་ཀྱི་མཐའ་མེད་པའི་སྡུག་བསྔལ་མཚོན་ཡོད

བསམ་བཞིན་བསམ་བཞིན་དུ་ཅི་ཞིག་ཤོར་བ་ལྟར་བྲིས་པའི
ཚིག་གི་ར་མདའ་འདིས
ངའི་ནང་སེམས་ཀྱི་དཔག་དཀའ་བའི་ཕངས་སེམས་མཚོན་ཡོད

ས་མཐོན་པོར་ཞེན་པའི་མི་ཕོ
རླུང་བཙན་པོར་དགའ་བའི་མི་ཕོ

སྒྲ་སྙན་ཁུར་བའི་མི་ཕོ སྒྲ་སྙན་ཟད་པོ་ཁུར་བའི་མི་ཕོ
སྲིད་པ་གསུམ་གྱི་རོགས་པ སྲིད་པ་ཇི་སྲིད་བར་གྱི་རོགས་པ

རོགས་པ ཁྱོད་འགྲོ་མགྱོགས་སོང

             2021/6/15
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒྲ་སྙན་ཁུར་བའི་མི་ཕོ།

2021-06-16 ནག་པོ།(གཙོས) ཀློག་གྲངས། མཆན ཡོད།

                                 (1980-2021)



ངག་མི་འཁྲོལ་བའི་མཚན་མོ་འདིར
གཞས་ཕྱེད་ཀ་ཞིག་ལ་ཉན
བརྩེ་དུང་གིས་བོར་བ་བཞིན  ངས་ཀྱང་གཏིང་ཟབ་ས་ཞིག་ནས
མི་ཟིན་པ་དེ
བསྙོགས་ཟིན་པའི་ནམ་མཁའ་རེད་སེམས་སོང

ཡིབ་མི་དགོས་པའི་རྩེད་མོ་འདིར
མི་གཉིས་དགོས་པ་བཞིན་དུ
ཁྱེད་ལ་བསྒུག་མོད
ལན་མང་བཙལ་ཀྱང་མཐོང་དཀའ་བས
སྡུག་བསྔལ་གྱི་ངོ་བོར
ཁ་དོག་ཡོད་པ་ཤེས་སོང

སྐར་ཚོགས་ཁྲ་ཆིལ་དགུ་ཆིལ
གསལ་པོ་ཞེ་དྲགས་འདུག་ཀྱང་ཡལ་སོང
མི་ཚོགས་བརྒྱ་འདུས་སྟོང་འདུས
མཐའ་མར་གྲོགས་མེད་ཁེར་རྐྱང་དུ་འགྲོ

དྲན་པའི་ཤོག་ལྷེ་བརྒྱ་ཚར་སྟོང་ཚར་བསློག་ན
ཁྱོད་རང་མཐོང་སྲིད་དམ
འཁྲེང་བའི་གླུ་གཞས་བརྒྱ་སྟོང་མང་པོར་ཉན་ན
ཁྱོད་རང་ཐོས་སྲིད་དམ

ང་ཚོས་གཞས་གཏོང་ཞོར་མིག་ཆུ་ཕུད་པ་གྲངས་མེད
ང་ཚོས་སེམས་སྨྲེང་ཞོར་གད་མོ་བགད་པ་གྲངས་མེད
ང་ཚོས་ཁྱོད་གླེང་ཞོར་ཁྱོད་དྲན་པ་གྲངས་མེད

མི་ཚོགས་ཆུ་ཀླུང་ཁྲོད་དུ་འུར་ཟིང་ཆེ་ཡང་
ཁྱོད་ཀྱི་གླུ་སྐད་གསལ
སྣང་བའི་ལྕམ་དྲལ་འོག་ཏུ་ཁེར་རྐྱང་ཡིན་ཡང་
ཁྱོད་ཀྱི་སེམས་ཁམས་ཡངས

རོགས་པ
དུས་ད་ལྟ ང་ཚོས་རྟོག་བཟོ་བྱས་པའི་གཞས་ཚིག་དེ་སུས་ལེན
དུས་ད་ལྟ ང་ཚོས་བརྙན་དུ་ཕབ་པའི་ཡུལ་ལྗོངས་དེ་སུས་དྲན

ངས་ཁྱོད་རང་དྲན་ཞེས་མཐོ་རུ་མི་བསྒྲགས
ངས་ཁྱོད་རང་དྲན་ཞེས་ཤབ་ཤུབ་མི་སྨྲ

རོགས་པ
ཉལ་ཁར་ཕྱིར་དྲན་བྱེད་ས་ཁྱོད་ཡིན
ཁྱོད་ཀྱི་དྲན་པའི་ཕྱི་ནང་བརྗེས་པའི་
སྙན་ངག་དེ་དག་ཡིན

རོགས་པ
ཞོགས་པར་ཕྱིར་དྲན་བྱེད་ས་ཁྱོད་ཡིན
ཁྱོད་ཀྱིས་མཚན་གུང་བརྩམས་ཤིང་
བླངས་པའི་གླུ་གཞས་དེ་དག་ཡིན

རོགས་པ
ནམ་ཡང་ཕྱིར་དྲན་བྱེད་ས་ཁྱོད་ཡིན
ཁྱོད་ཀྱི་རྒུད་པའི་ལམ་དུ་མ་གྱུར་པའི་
ཐེར་ཟུག་གི་རང་གཤིས་དེ་ཡིན

ཁྱོད་རྒྱུད་སྐུད་ཀྱི་ས་ཡོམ་ཡིན
རིགས་ཞེན་གྱི་ལུས་པོ་འདར་ཕྲིལ་ཕྲིལ་བྱས་ཡོང
ཁྱོད་ཚིག་དབྱངས་ཀྱི་རྣམ་དབྱེ་ཡིན
རིགས་རྒྱུད་ཀྱི་བདེ་སྡུག་ངོ་འཕྲོད་པར་བཅུག་ཡོང

ཡིན་ཡང
འཁོར་བའི་ཞེན་པ་དག་བརྗེད་པར་གྱིས་ཤིག
ང་ཚོས་རང་ཉིད་བཀྲུས་ནས་དག་པར་བྱ་དགོས་ཚེ
ངེས་པར་དུ་མུན་པའི་གཙང་པོར་རྐྱལ་དགོས

ཡིན་ཡང
བག་ཆགས་འཁྲུལ་པ་སོགས་བརྗེད་པར་གྱིས་ཤིག
ང་ཚོས་རང་ཉིད་ཉེན་པའི་གཡང་ནས་བསྐྱབ་དགོས་ཚེ
ངེས་པར་དུ་སྡིག་པའི་མཚོ་མོ་བསྒྲལ་དགོས

གློ་རྡེག་གློ་རྡེག་ཏུ་ཅི་ཞིག་དྲན་པ་ལྟར་བྲིས་པའི
ཚིག་གི་གཏིང་རག་འདིས
ངའི་ནང་སེམས་ཀྱི་མཐའ་མེད་པའི་སྡུག་བསྔལ་མཚོན་ཡོད

བསམ་བཞིན་བསམ་བཞིན་དུ་ཅི་ཞིག་ཤོར་བ་ལྟར་བྲིས་པའི
ཚིག་གི་ར་མདའ་འདིས
ངའི་ནང་སེམས་ཀྱི་དཔག་དཀའ་བའི་ཕངས་སེམས་མཚོན་ཡོད

ས་མཐོན་པོར་ཞེན་པའི་མི་ཕོ
རླུང་བཙན་པོར་དགའ་བའི་མི་ཕོ

སྒྲ་སྙན་ཁུར་བའི་མི་ཕོ སྒྲ་སྙན་ཟད་པོ་ཁུར་བའི་མི་ཕོ
སྲིད་པ་གསུམ་གྱི་རོགས་པ སྲིད་པ་ཇི་སྲིད་བར་གྱི་རོགས་པ

རོགས་པ ཁྱོད་འགྲོ་མགྱོགས་སོང

             2021/6/15
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།