སྡེ་བ་ཆུང་ཆུང་ཞིག(ཞར་བཀོད་གཅིག་ཡོད)

ཁྭ་ཏ་རྣམས་རང་གི་ཨག་སྐད་ལ་སུན
རང་གི་སྒྲོ་མདོག་ལའང
རང་གི་མིག་འབྲས་དང་ཁ་རླངས་ལའང

ལུས་པོ་རྡོ་ནང་དུ་བརྡབས་ནས་མེ་ཏོག་གཏོར
རྣོ་ལྕགས་སྦྱོང་བྱེད་ཀྱི་མེ་ཐབ་ལྟར་ངར་བའི་ཁོག་པ
ཤིན་ཏུ་ཡང་བའི་བྱ་སྤུས་བཏུམས

ཁྭ་ཏ་རྣམས་རྒྱང་རིང་ལ་འཕུར་བར་བརྩམས
འོན་ཏེ  རང་གི་གྲིབ་མས་རྟོད་ཐག་བཞིན་གློད་པར་མ་གྱུར

ཁྱོད་རང་མཚོན་བྱེད་ཀྱི་དངོས་པོས་ཕོངས།

མི་ཞིག་གིས་བདེ་སྐྱིད་མཚོན་བྱེད་དུ་སྐས་ཤིག་བཟོས
གཞན་ཞིག་གིས་སྡུག་བསྔལ་མཚོན་བྱེད་དུ་ནག་ཐིག་ཅིག་བྲིས

ཕྲེང་བ་ནི་རྒྱ་སེ་མེ་ཏོག་གི་འདབ་མ་མཚོན་བྱེད
བར་ཐག་ནི་སེམས་ཀྱི་སྟོབས་ཤུགས་མཚོན་བྱེད
གཉིད་ཉལ་བ་ནི་འཆི་བ་མཚོན་བྱེད
བགེགས་བར་ཆད་ནི་མཐོང་ཆུང་མཚོན་བྱེད

འཇིག་རྟེན་ལན་གྲངས་ཁྲི་འབུམ་ལ་སྐྱེ་འཇིག་གི་བར་དུ
སྐད་ཅིག་གི་ཚེར་ཐེངས་གཅིག་ཁོ་ན་ལས་འབྱུང་བ་མེད་པའི་ཁྱོད་རང
མཚོན་བྱེད་ཀྱི་དངོས་པོས་ཕོངས
                                        2021.6.21

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྡེ་བ་ཆུང་ཆུང་ཞིག(ཞར་བཀོད་གཅིག་ཡོད)

2021-06-21 ཤིང་བཀྲ(རྨ་ཆུ) ཀློག་གྲངས། མཆན ཡོད།
ཁྭ་ཏ་རྣམས་རང་གི་ཨག་སྐད་ལ་སུན
རང་གི་སྒྲོ་མདོག་ལའང
རང་གི་མིག་འབྲས་དང་ཁ་རླངས་ལའང

ལུས་པོ་རྡོ་ནང་དུ་བརྡབས་ནས་མེ་ཏོག་གཏོར
རྣོ་ལྕགས་སྦྱོང་བྱེད་ཀྱི་མེ་ཐབ་ལྟར་ངར་བའི་ཁོག་པ
ཤིན་ཏུ་ཡང་བའི་བྱ་སྤུས་བཏུམས

ཁྭ་ཏ་རྣམས་རྒྱང་རིང་ལ་འཕུར་བར་བརྩམས
འོན་ཏེ  རང་གི་གྲིབ་མས་རྟོད་ཐག་བཞིན་གློད་པར་མ་གྱུར

ཁྱོད་རང་མཚོན་བྱེད་ཀྱི་དངོས་པོས་ཕོངས།

མི་ཞིག་གིས་བདེ་སྐྱིད་མཚོན་བྱེད་དུ་སྐས་ཤིག་བཟོས
གཞན་ཞིག་གིས་སྡུག་བསྔལ་མཚོན་བྱེད་དུ་ནག་ཐིག་ཅིག་བྲིས

ཕྲེང་བ་ནི་རྒྱ་སེ་མེ་ཏོག་གི་འདབ་མ་མཚོན་བྱེད
བར་ཐག་ནི་སེམས་ཀྱི་སྟོབས་ཤུགས་མཚོན་བྱེད
གཉིད་ཉལ་བ་ནི་འཆི་བ་མཚོན་བྱེད
བགེགས་བར་ཆད་ནི་མཐོང་ཆུང་མཚོན་བྱེད

འཇིག་རྟེན་ལན་གྲངས་ཁྲི་འབུམ་ལ་སྐྱེ་འཇིག་གི་བར་དུ
སྐད་ཅིག་གི་ཚེར་ཐེངས་གཅིག་ཁོ་ན་ལས་འབྱུང་བ་མེད་པའི་ཁྱོད་རང
མཚོན་བྱེད་ཀྱི་དངོས་པོས་ཕོངས
                                        2021.6.21

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།