མི།
ཚོན་གྱིས་བྲི་ཆོག་པའི་རི་དྭགས་ཤིག
ཆུ་ཡིས་བཤལ་རུང་བའི་གཅན་གཟན་ཞིག
རྣམ་ཤེས་དེས
འདོད་པའི་ཁ་བསྐང་རགས་བར
རས་དཀར་པོ་ཡུག་གཅིག་གི་ནང་དུ
རྡུལ་དང་རྡེའུ
ནམ་མཁའ་དང་རྒྱ་མཚོ་སོགས
ཤོང་ཚོད་ཅིག་བསྡུ་གསོག་བརྒྱབ་རྗེས
གཅིག་བུར་ལག་སྟོང་ངང་སྨིག་རྒྱུ་ལ་འདྲེས
2021.2.13
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།