ཐང་སྟོང་།
མཐའ་ཡས་པའི་ཐང་སྟོང་ཞིག་ཏུ་མི་གཅིག་སྐྱོད་ཀྱིན་འདུག
མི་དེ་སྐབས་རེར་དལ་ལ་སྐབས་རེར་ཤིན་ཏུ་བྲེལ
ཁོ་ཇི་ལྟར་མགྱོགས་པོར་ཕྱིན་ཡང
ཁོ་ཅིའི་ཕྱིར་མགྱོགས་པོར་བགྲོད་དགོས་པ་ཁོ་རང་གིས་ཀྱང་ཤེས་ཀྱི་མི་འདུག
དུས་ཡུན་རིང་ཙམ་འགོར་བའི་རྗེས་སུ
ཁོས་འཆི་བའི་སྔོན་དུ་སྤོས་པའི་གོམ་སྒྲ་ཞིག་གིས
དུས་ཚོད་ཀྱི་བཞུར་རྒྱུན་རྩད་ནས་བཅད
དེ་ནས་བཟུང དུས་ཚོད་དལ་བ་དང་བྲེལ་བ
མི་དེ་མགྱོགས་པ་དང་དལ་བ་ལ་ཁྱད་པར་མེད་པར་གྱུར
མི་དེ་ལ་དོན་ཐམས་ཅད་ཀྱི་སྙིང་པོས་དབེན་འདུག
མི་དེའི་གདུང་པ་དང་འཁང་ར
ཐང་སྟོང་དང་དུས་ཚོད་དེའི་ལོགས་སུ་འཕྱན
ཐང་སྟོང་དེ་ནི་འདས་ཟིན་དོན་ཞིག་དང་འདྲ་སྟེ
འདས་ཟིན་པའང་ཐང་སྟོང་དེ་ལས་གཞན་ཅི
ཐང་སྟོང་དེ་ནི་དངོས་གནས་ཐང་སྟོང་ཞིག་སྟེ
ཐ་ན་རི་དྭགས་དང་གཅན་གཟན་ཙམ་ཡང་མི་འདུག
མི་དེར་མཚོན་ན
མི་མང་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཞིག་དང
མི་གཅིག་ཀྱང་མེད་པའི་ཐང་སྟོང་དེ་གཉིས་གཅིག་ཡིན་ཏེ
ཁོ་རང་ནང་སེམས་ཀྱི་ཁེར་རྐྱང་འབའ་ཞིག་ལས་ནམ་ཡང་སྒོར་འབུད་ཐུབ་ཀྱི་མི་འདུག
ཁོས་ཀྱང་ཐང་སྟོང་དེ་ལས་གཞན་པའི་གནས་ཚང་ཞིག་རྙེད་མི་ཐུབ་པ་འདྲ
༢༠༢༡.༧.༡༢-༧.༡༨ ལ།

རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།