Fengལགས་ལ་ཕུལ་བ།
བསོད་ནམས་མཚོ་མོ། ཕ་ཡུལ་སྡེ་དགེ་གླིང་ཚང་ཡིན། སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་དུ་བོད་ཡིག་གི་དགེ་རྒན་གྱི་ལས་ཀ་གཉེང་མུས་སུ་ཡོད།
Fengལགས
ཁྱོད་ཀྱི་ཕུགས་བསམ་ནི
ཚངས་མགུར་ནང་དུ་ལྡིང་སྐོར་བརྒྱབ་རྒྱུ་དེ་ཡིན་ནམ
ངའི་ཕུགས་བསམ་ནི
ཧ་ཅང་ཉག་ཕྲ་བའི་ཚེ་སྲོག་གི་བགོས་སྐལ་མནབས་ཏེ
རང་དབང་གི་ནམ་མཁའ་ལ་ལྟ་འདོད་པ་དེའོ
བུད་མེད་ནི་པི་ཝང་ཞིག་སྟེ
དཀྲོལ་མཁས་ན་རོལ་དབྱངས་སྣ་ཚོགས་ཀྱི་འཇིག་རྟེན་ཞིག་ཡིན་ཟེར
ང་རང་པི་ཝང་ཞིག་ཏུ་འགྱུར་རྒྱུ་ནི་ཕུགས་བསམ་གཉིས་པ་དེའོ
སྙན་ངག་ནི་ནགས་ཚལ་ཞིག་རེད
དབྱར་སླེབས་ནའང་
ཤིན་ཏུ་སྟུག་ལ་ཤིན་ཏུ་འཁྱག་ཨང
དེ་ལྟ་ནའང་
ང་རང་ནགས་ཚལ་ལ་དགའ་བ་ནི་ལས་དབང་ཞིག་ཡིན་ངེས
རྩོམ་ཁུངས། ངེད་དྲ་བ།