མཐོང་སྣང་གཞན་ཞིག(ཞར་བཀོད་གཉིས་ཡོད)

ཐོ་ཡོར།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-09-23
རྨ་ཁ་གནོང་པའི་རི་དྭགས་ཤིག་གི་སྣང་བར
མདེའུ་ནི་འོད་ལྷག་གེ་བའི་ཤིང་རྟ་ཞིག
དེ་ཡིས་ཁོའི་གྲིབ་མ་དཀར་གྱི་ལེར་བཏང
འོད་སྣང་དེའི་ཁྲོད་ནས
ཁོའི་རང་གི་མེས་པོ་དག་འཁྱུག་ཙམ་ཞིག་མཐོང
ཤིང་རྟ་དེ་མ་འོངས་པའི་ས་ནས་ལོག་པ་ཞིག་ཡིན་འདུག
འཁྱུག་ཙམ་འཁྱུག་ཙམ་གྱིས་ཡལ་འགྲོ་བའི་སྣང་ཚུལ་དེས
ཁོ་རང་ཇི་སྲིད་དུ་གློད་མ་བྱུང
                 ༢༠༢༡་༦་༢༠
ཉིན་ཞིག་ལ།
            
རྡོ་གཅལ་དུ་འགྲེང་ནས་ཡུན་རིང་བསྡད
རྒྱུན་ལྡན་ལྟར་མི་ཚོགས་ཀྱི་གཞི་རུ
ཧང་སངས་དགོས་པའི་དོན་དག་རིགས་ཤིག་བྱུང་ཡོད་ཚོད་འདུག
དེ་ལྟར་སྡོད་དུས
ངས་ང་རང་འཇིག་རྟེན་འདིར་གསོན་འདུག་སྙམ
འཕྲོ་རིམ་འཕྲོར་བྱུང་བའི་རྟོག་པ་དག
བརྗེད་ངས་སུ་འགྲོ་བར་སེར་སྣ་ཅི་ཡང་མ་སྐྱེས
མི་ཚོགས་ཀྱི་གཞི་རུ་འགྲེང་ནས་ཡུན་རིང་ལུས
རྐང་འོག་གི་དུས་རབས་འདི་གང་གང་ཡིན་མིན
ང་དང་འབྲེལ་བ་མི་འདུག 
                ༢༠༢༡་༨་༡༧
ཞོགས་པ།
                  
རྣམ་ཀུན་ལྟར་འཁོར་བའི་དུས་ཚོད
སྐད་ཆ་ཁ་ཤས་ཀྱི་སྐྱེ་ཤི
གཞོན་པའི་ལུས་པོ་འདིས
དོན་གང་ཞིག་འབྱུང་བར་སྒུག་གིན་འདུག
ཀླག་ཅོར་དང་ཐག་རིང་བའི་ཞོགས་པ
མི་རྣམས་ལ་ཀླན་ཀ་འཚོལ་བྱེད་དུ་སྐྱེས
ཤེས་རབ་དང་བྲལ་བའི་ཁུག་མ་ཞིག
མཚན་གང་གི་འཁྲུལ་སྣང་གིས་གཏམས
ང་རང་ཞོགས་པར་སྐྱེལ་མཁན་ནི
ང་རང་གཞན་ཞིག་སྟེ
བདག་མེད་པའི་ཐད་དྲང་ནས་བལྟས་ན་མཐོང་ཐུབ་པའོ
                    ༢༠༢༡་༩་༡༨
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཐོང་སྣང་གཞན་ཞིག(ཞར་བཀོད་གཉིས་ཡོད)

2021-09-23 ཐོ་ཡོར།(དཀར་མཛེས) ཀློག་གྲངས། མཆན ཡོད།
རྨ་ཁ་གནོང་པའི་རི་དྭགས་ཤིག་གི་སྣང་བར
མདེའུ་ནི་འོད་ལྷག་གེ་བའི་ཤིང་རྟ་ཞིག
དེ་ཡིས་ཁོའི་གྲིབ་མ་དཀར་གྱི་ལེར་བཏང
འོད་སྣང་དེའི་ཁྲོད་ནས
ཁོའི་རང་གི་མེས་པོ་དག་འཁྱུག་ཙམ་ཞིག་མཐོང
ཤིང་རྟ་དེ་མ་འོངས་པའི་ས་ནས་ལོག་པ་ཞིག་ཡིན་འདུག
འཁྱུག་ཙམ་འཁྱུག་ཙམ་གྱིས་ཡལ་འགྲོ་བའི་སྣང་ཚུལ་དེས
ཁོ་རང་ཇི་སྲིད་དུ་གློད་མ་བྱུང
                 ༢༠༢༡་༦་༢༠
ཉིན་ཞིག་ལ།
            
རྡོ་གཅལ་དུ་འགྲེང་ནས་ཡུན་རིང་བསྡད
རྒྱུན་ལྡན་ལྟར་མི་ཚོགས་ཀྱི་གཞི་རུ
ཧང་སངས་དགོས་པའི་དོན་དག་རིགས་ཤིག་བྱུང་ཡོད་ཚོད་འདུག
དེ་ལྟར་སྡོད་དུས
ངས་ང་རང་འཇིག་རྟེན་འདིར་གསོན་འདུག་སྙམ
འཕྲོ་རིམ་འཕྲོར་བྱུང་བའི་རྟོག་པ་དག
བརྗེད་ངས་སུ་འགྲོ་བར་སེར་སྣ་ཅི་ཡང་མ་སྐྱེས
མི་ཚོགས་ཀྱི་གཞི་རུ་འགྲེང་ནས་ཡུན་རིང་ལུས
རྐང་འོག་གི་དུས་རབས་འདི་གང་གང་ཡིན་མིན
ང་དང་འབྲེལ་བ་མི་འདུག 
                ༢༠༢༡་༨་༡༧
ཞོགས་པ།
                  
རྣམ་ཀུན་ལྟར་འཁོར་བའི་དུས་ཚོད
སྐད་ཆ་ཁ་ཤས་ཀྱི་སྐྱེ་ཤི
གཞོན་པའི་ལུས་པོ་འདིས
དོན་གང་ཞིག་འབྱུང་བར་སྒུག་གིན་འདུག
ཀླག་ཅོར་དང་ཐག་རིང་བའི་ཞོགས་པ
མི་རྣམས་ལ་ཀླན་ཀ་འཚོལ་བྱེད་དུ་སྐྱེས
ཤེས་རབ་དང་བྲལ་བའི་ཁུག་མ་ཞིག
མཚན་གང་གི་འཁྲུལ་སྣང་གིས་གཏམས
ང་རང་ཞོགས་པར་སྐྱེལ་མཁན་ནི
ང་རང་གཞན་ཞིག་སྟེ
བདག་མེད་པའི་ཐད་དྲང་ནས་བལྟས་ན་མཐོང་ཐུབ་པའོ
                    ༢༠༢༡་༩་༡༨
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།