《མ་མ》སོགས་སྙན་ངག་ཚན་པ་ལྔ།

མ་མ།

ཁྱོད་ཀྱི་མིག་ཆུའི་རྒྱ་མཚོ་སྐམ་ཐབས་མི་འདུག་ཟེར
མ་མ  ཟླ་བ་དགུ་པ་རྫོགས་ལ་ཉེ
ཁྱོད་ཀྱི་མིག་ཆུ་ཡང་རྫོགས་དགོས

རྒྱང་རིང་གི་ལྷ་ས
ཁྱོད་ཀྱི་དད་གནས་ཡིན་ཟེར
གནས་དེ་ནས་ཚེ་མཇུག་ཟད་འདོད་ཟེར
ནང་སེམས་ཀྱི་ན་ཟུག་ཀྱང་རླུང་ལ་བསྐུར་ཆོག་ཟེར

མ་མ
ལོ་ཟླ་འདི  མིག་ཆུ་མོད་པའི་ལོ་ཟླ་འདི
མེད་པར་གྱུར་ན་བསམ
           ༢༠༢༡.༩.༢༦.ཉིན།

རྟོག་བཏགས།

མི་ཚོགས་དང་གཏན་དུ་གྱེས་རྗེས
ཁ་ཁུ་སིམ་པའི་ཕྱི་དྲོ་དེར
སྒེའུ་ཁུང་གམ་གྱི་མེ་ཏོག་དེ་ལ་ཚེ་སྲོག་གསར་བ་ཞིག་ཐོབ

རྒྱང་རིང་བའི་མི་ཚོགས
ང་ལ་ཁ་ཆུ་མ་གཏོར་རོགས
ཡོད་ཚད་ལ
དཀར་པོ་དཀར་རྐྱང་གི་སེམས་པ་ཞིག་བཟུང་ཆོག
          2021.9.11 ཉིན།
 
ལོ་ཟླ།

དུས་ཚོད་ཀྱིས་ཡོད་ཚད་ཐལ་མདོག་བྱས་རྗེས
ད་དུང་ལོ་ཟླ་དེའི་མཐའ་རུ་རྨི་ལམ་ལྗང་ཁུ་དེ་ཡོད་དམ

མི་ཚོགས་དང་རིང་དུ་གྱེས་རྗེས
ང་སྔར་བཞིན་ཁེར་རྐྱང་ཡིན་དོན་མེད
ཁྱོད་ཀྱི་མིག་ཟུང་ང་སར་འཁོར་ཡོད་པས
            ༢༠༢༡/༩/༢༥/ཉིན།
 དྲན་པ།

ནང་སེམས་ཀྱི་ཉེ་སར་བཅར་བའི་མི
མཚན་གུང་འདིའི་དྲན་པ་ཁྱོད་ལ་དབང

དྲན་པ་དེའི་སྣེ་རུ་བཅངས་བའི་ཞེན་ཆགས་དེ
ལས་དབང་གིས་ང་ལ་གནང་བའི་ཁུར་བོ་ཞིག་ཡིན་ནམ
ཡང་ན   མི་ཚེའི་འོད་སྣང་དེ་ཡིན

ཡོད་ཚད་ནས་ཡོད་ཚད་དྲན་པ་དེ་ཡིན་པས
སྙིང་ཉེ  ངའི་ཕྱོགས་སུ་འཁོར་དང
དྲན་པའི་རི་མོ་ཁྱོད་སར་འཁྱིལ་ཡོད
     2021.9.7 མཚན་མོར།
རྒྱང་རིང་གི་མི།

                                                                                           --- ནུ་བོ་ལ་ཕུལ་བ།

ནང་མི
ཡོད་ཚད་ལས་ཀྱིས་བསྐོས་པ་ཡིན་སྐད
ཡང་ན   སེམས་ཀྱི་འཁོར་ཕྱོགས་ཤིག

ལོ་ཟླ་དེའི་རྗེས་སུ
ཁྱོད་ལ་རྨི་ལམ་ཞིག་འཁོར་ཡོད
མཛེས་སྡུག་གི་རྨི་ལམ་ཞིག་འཁོར་ཡོད

རྒྱང་རིང་གི་མི
ནང་སེམས་ཀྱི་ཉེ་སར་བཅར་ཡོད
        
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《མ་མ》སོགས་སྙན་ངག་ཚན་པ་ལྔ།

2021-09-28 ལྷ་ལྕམ།(འཛམ་ཐང) ཀློག་གྲངས། མཆན ཡོད།
མ་མ།

ཁྱོད་ཀྱི་མིག་ཆུའི་རྒྱ་མཚོ་སྐམ་ཐབས་མི་འདུག་ཟེར
མ་མ  ཟླ་བ་དགུ་པ་རྫོགས་ལ་ཉེ
ཁྱོད་ཀྱི་མིག་ཆུ་ཡང་རྫོགས་དགོས

རྒྱང་རིང་གི་ལྷ་ས
ཁྱོད་ཀྱི་དད་གནས་ཡིན་ཟེར
གནས་དེ་ནས་ཚེ་མཇུག་ཟད་འདོད་ཟེར
ནང་སེམས་ཀྱི་ན་ཟུག་ཀྱང་རླུང་ལ་བསྐུར་ཆོག་ཟེར

མ་མ
ལོ་ཟླ་འདི  མིག་ཆུ་མོད་པའི་ལོ་ཟླ་འདི
མེད་པར་གྱུར་ན་བསམ
           ༢༠༢༡.༩.༢༦.ཉིན།

རྟོག་བཏགས།

མི་ཚོགས་དང་གཏན་དུ་གྱེས་རྗེས
ཁ་ཁུ་སིམ་པའི་ཕྱི་དྲོ་དེར
སྒེའུ་ཁུང་གམ་གྱི་མེ་ཏོག་དེ་ལ་ཚེ་སྲོག་གསར་བ་ཞིག་ཐོབ

རྒྱང་རིང་བའི་མི་ཚོགས
ང་ལ་ཁ་ཆུ་མ་གཏོར་རོགས
ཡོད་ཚད་ལ
དཀར་པོ་དཀར་རྐྱང་གི་སེམས་པ་ཞིག་བཟུང་ཆོག
          2021.9.11 ཉིན།
 
ལོ་ཟླ།

དུས་ཚོད་ཀྱིས་ཡོད་ཚད་ཐལ་མདོག་བྱས་རྗེས
ད་དུང་ལོ་ཟླ་དེའི་མཐའ་རུ་རྨི་ལམ་ལྗང་ཁུ་དེ་ཡོད་དམ

མི་ཚོགས་དང་རིང་དུ་གྱེས་རྗེས
ང་སྔར་བཞིན་ཁེར་རྐྱང་ཡིན་དོན་མེད
ཁྱོད་ཀྱི་མིག་ཟུང་ང་སར་འཁོར་ཡོད་པས
            ༢༠༢༡/༩/༢༥/ཉིན།
 དྲན་པ།

ནང་སེམས་ཀྱི་ཉེ་སར་བཅར་བའི་མི
མཚན་གུང་འདིའི་དྲན་པ་ཁྱོད་ལ་དབང

དྲན་པ་དེའི་སྣེ་རུ་བཅངས་བའི་ཞེན་ཆགས་དེ
ལས་དབང་གིས་ང་ལ་གནང་བའི་ཁུར་བོ་ཞིག་ཡིན་ནམ
ཡང་ན   མི་ཚེའི་འོད་སྣང་དེ་ཡིན

ཡོད་ཚད་ནས་ཡོད་ཚད་དྲན་པ་དེ་ཡིན་པས
སྙིང་ཉེ  ངའི་ཕྱོགས་སུ་འཁོར་དང
དྲན་པའི་རི་མོ་ཁྱོད་སར་འཁྱིལ་ཡོད
     2021.9.7 མཚན་མོར།
རྒྱང་རིང་གི་མི།

                                                                                           --- ནུ་བོ་ལ་ཕུལ་བ།

ནང་མི
ཡོད་ཚད་ལས་ཀྱིས་བསྐོས་པ་ཡིན་སྐད
ཡང་ན   སེམས་ཀྱི་འཁོར་ཕྱོགས་ཤིག

ལོ་ཟླ་དེའི་རྗེས་སུ
ཁྱོད་ལ་རྨི་ལམ་ཞིག་འཁོར་ཡོད
མཛེས་སྡུག་གི་རྨི་ལམ་ཞིག་འཁོར་ཡོད

རྒྱང་རིང་གི་མི
ནང་སེམས་ཀྱི་ཉེ་སར་བཅར་ཡོད
        
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།