ངས་ཁྱོད་ལ་གླུ་ཞིག་ལེན་ཆོག(ཞར་བཀོད་གཅིག་ཡོད)
ཧེ་བུ་མོ ངས་ཁྱོད་ལ་གླུ་ཞིག་ལེན་ཆོག
ཧ་ཅང་རིང་ལ་ཧ་ཅང་ཉེ་བའི་གནས་སུ་ངས་ཁྱོད་རང་ཁོ་ན་དྲན
ངས་ཁྱོད་ལ་གླུ་ཞིག་ལེན་ཆོག
ནང་མ་ཁང་དང་དེའི་ནང་གི་གློག་གཞི་ལྗང་སྐྱ
འུ་གཉིས་ལ་འབྲེལ་བ་མེད
ངས་ཁྱོད་རང་ཁོ་ནར་གླུ་ཞིག་ལེན་ཆོག
ཁྱོད་རང་ཕྱིར་ཕེབས་དང
ངས་དངོས་གནས་ཁྱོད་ལ་གླུ་ཞིག་ལེན་ཆོག
དུས་ཚོད་ཀྱི་སྙིང་བོ་མཐའ་དག
ངས་ཁྱོད་ཀྱི་ཆེད་དུ་ཕུལ་ཟིན
ད་ནི ད་ནི ང་ལ་དངོས་གནས་ཁྱོད་ལས་ཅི་ཡང་ལུས་མི་འདུག་ཨང
༢༠༢༡-༩-༢༧མཚན་མོར།
སྐྱོ་ཉམས་ཆགས་པའི་མིག་མདངས།
ཁྱོད་ཀྱི་མིག་ཟུང་ལ་སྐྱོ་ཉམས་ཆགས་འདུག
ངས་དེ་དག་མཐོང་ན་མི་འདོད་མོད
ངས་དེ་དག་མ་མཐོང་ནའང་མི་ཆོག
ངས་ཁྱོད་ཀྱི་སེམས་པ་ངོ་ཤེས་ཀྱིན་ཡོད
ཁྱོད་ཀྱི་སེམས་པའི་རྩེ་རུ་སྐྱོ་ཤེས་ཀྱི་ན་བུན་འཐིབས་རྗེས
ཁྱོད་རང་ཁོ་ན་གཙང་པོ་བཞིན་ཧ་ཅང་འཁྱག
ཐོབ་དཀའ་བ་དེ་དག་གི་ཆེད་དུ
ཁྱོད་ཀྱིས་ཡོད་ཚད་སྙིང་པོ་མེད་པར་མ་སེམས
ད་རུང ད་རུང ཁྱོད་ལ་མང་པོ་མང་པོ་ཞིག་མཁོ
༢༠༢༡-༧-༢༧མཚན་མོར།
རྩོམ་སྒྲིག་པ། ལྷ་སྐྱིད།
ཧ་ཅང་རིང་ལ་ཧ་ཅང་ཉེ་བའི་གནས་སུ་ངས་ཁྱོད་རང་ཁོ་ན་དྲན
ངས་ཁྱོད་ལ་གླུ་ཞིག་ལེན་ཆོག
ནང་མ་ཁང་དང་དེའི་ནང་གི་གློག་གཞི་ལྗང་སྐྱ
འུ་གཉིས་ལ་འབྲེལ་བ་མེད
ངས་ཁྱོད་རང་ཁོ་ནར་གླུ་ཞིག་ལེན་ཆོག
ཁྱོད་རང་ཕྱིར་ཕེབས་དང
ངས་དངོས་གནས་ཁྱོད་ལ་གླུ་ཞིག་ལེན་ཆོག
དུས་ཚོད་ཀྱི་སྙིང་བོ་མཐའ་དག
ངས་ཁྱོད་ཀྱི་ཆེད་དུ་ཕུལ་ཟིན
ད་ནི ད་ནི ང་ལ་དངོས་གནས་ཁྱོད་ལས་ཅི་ཡང་ལུས་མི་འདུག་ཨང
༢༠༢༡-༩-༢༧མཚན་མོར།
སྐྱོ་ཉམས་ཆགས་པའི་མིག་མདངས།
ཁྱོད་ཀྱི་མིག་ཟུང་ལ་སྐྱོ་ཉམས་ཆགས་འདུག
ངས་དེ་དག་མཐོང་ན་མི་འདོད་མོད
ངས་དེ་དག་མ་མཐོང་ནའང་མི་ཆོག
ངས་ཁྱོད་ཀྱི་སེམས་པ་ངོ་ཤེས་ཀྱིན་ཡོད
ཁྱོད་ཀྱི་སེམས་པའི་རྩེ་རུ་སྐྱོ་ཤེས་ཀྱི་ན་བུན་འཐིབས་རྗེས
ཁྱོད་རང་ཁོ་ན་གཙང་པོ་བཞིན་ཧ་ཅང་འཁྱག
ཐོབ་དཀའ་བ་དེ་དག་གི་ཆེད་དུ
ཁྱོད་ཀྱིས་ཡོད་ཚད་སྙིང་པོ་མེད་པར་མ་སེམས
ད་རུང ད་རུང ཁྱོད་ལ་མང་པོ་མང་པོ་ཞིག་མཁོ
༢༠༢༡-༧-༢༧མཚན་མོར།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།