གལ་ཏེ་ང་རང་ཁོམ་པར་གྱུར་ཚེ།


གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་ཐོག་མར་རང་ཉིད་ཉི་འོད་ལ་ལྡེ་དགོས
ང་རང་མི་ཞིག་ཡིན་པའི་ངོས་ནས
ངས་ཐོག་མར་རང་ཉིད་ཉི་འོད་ལ་ལྡེ་དགོས
 
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་ཁྱོད་ཚོར་གཏམ་རྒྱུད་མང་པོ་ཞིག་བཤད་དགོས
ང་རང་ནམ་ཞིག་ཏུ་འཆི་དགོས་པ་བཟློག་ཏུ་མེད་པས
ངས་རང་གི་བཤད་འདོད་པ་མཐའ་དག་ལྷག་ལུས་མེད་པར་བཤད་དགོས
 
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
འཕྲུལ་རྟ་ཞིག་བཙལ་ཏེ་འབྲོག་ཁུལ་དུ་འགྲོ་དགོས
ཆུང་དུས་ཀྱི་རྩེད་གྲོགས་དང་དགོད་གྲོགས་ཚོ་འཚོལ་དགོས
གལ་ཏེ་ཁོ་ཚོ་ནར་སོན་ཡོད་ན   
སེམས་ལྷོད་ལྷོད་ངང་ཁོ་ཚོ་དང་ཁ་བརྡ་གློད་དགོས
ད་དུང་ཀུ་རེ་བསླངས་ཏེ་གཡས་འགྱེལ་གཡོན་འགྱེལ་བྱེད་དགོས
 
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་སྙན་ངག་དང་གཞུང་ལུགས་ལ་མི་ལྟ
ངས་གཞི་ཕོ་དང་གཞི་མོ། ཡ་རུ་དང་སོ་དྲུག་གི་ཁྱད་པར་ཉེ་ཤེས་བལྟ་རྒྱུ་ཡིན
ངས་ཐབ་ཁུང་དང་ཐབ་དོང་གི་དབྱེ་བ་ཤེས་ཨེ་ཤེས་ལྟ་རྒྱུ་ཡིན
 
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་སྒྲུང་གཏམ་རིང་བོ་ཞིག་བྲིས་ནས
ང་རང་ཅི་ལྟར་དུ་ཞེན་ཆགས་ཆེ་ཞིང
ཇི་ལྟར་དུ་འཚོ་བར་དགའ་ཚུལ་གླེང་ན་འདོད
 
འོན་ཏེ།  ང་རང་ཁོམ་གྱིན་མེད
       2020/12/20མགོ་ལོག་ཏུ། 

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གལ་ཏེ་ང་རང་ཁོམ་པར་གྱུར་ཚེ།

2021-10-26 བུ་ཡུག(མགོ་ལོག) ཀློག་གྲངས། མཆན ཡོད།

གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་ཐོག་མར་རང་ཉིད་ཉི་འོད་ལ་ལྡེ་དགོས
ང་རང་མི་ཞིག་ཡིན་པའི་ངོས་ནས
ངས་ཐོག་མར་རང་ཉིད་ཉི་འོད་ལ་ལྡེ་དགོས
 
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་ཁྱོད་ཚོར་གཏམ་རྒྱུད་མང་པོ་ཞིག་བཤད་དགོས
ང་རང་ནམ་ཞིག་ཏུ་འཆི་དགོས་པ་བཟློག་ཏུ་མེད་པས
ངས་རང་གི་བཤད་འདོད་པ་མཐའ་དག་ལྷག་ལུས་མེད་པར་བཤད་དགོས
 
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
འཕྲུལ་རྟ་ཞིག་བཙལ་ཏེ་འབྲོག་ཁུལ་དུ་འགྲོ་དགོས
ཆུང་དུས་ཀྱི་རྩེད་གྲོགས་དང་དགོད་གྲོགས་ཚོ་འཚོལ་དགོས
གལ་ཏེ་ཁོ་ཚོ་ནར་སོན་ཡོད་ན   
སེམས་ལྷོད་ལྷོད་ངང་ཁོ་ཚོ་དང་ཁ་བརྡ་གློད་དགོས
ད་དུང་ཀུ་རེ་བསླངས་ཏེ་གཡས་འགྱེལ་གཡོན་འགྱེལ་བྱེད་དགོས
 
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་སྙན་ངག་དང་གཞུང་ལུགས་ལ་མི་ལྟ
ངས་གཞི་ཕོ་དང་གཞི་མོ། ཡ་རུ་དང་སོ་དྲུག་གི་ཁྱད་པར་ཉེ་ཤེས་བལྟ་རྒྱུ་ཡིན
ངས་ཐབ་ཁུང་དང་ཐབ་དོང་གི་དབྱེ་བ་ཤེས་ཨེ་ཤེས་ལྟ་རྒྱུ་ཡིན
 
གལ་ཏེ་ང་རང་ཁོམ་པར་གྱུར་ཚེ
ངས་སྒྲུང་གཏམ་རིང་བོ་ཞིག་བྲིས་ནས
ང་རང་ཅི་ལྟར་དུ་ཞེན་ཆགས་ཆེ་ཞིང
ཇི་ལྟར་དུ་འཚོ་བར་དགའ་ཚུལ་གླེང་ན་འདོད
 
འོན་ཏེ།  ང་རང་ཁོམ་གྱིན་མེད
       2020/12/20མགོ་ལོག་ཏུ། 

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།