ཨ་མ།(ཞར་བཀོད་གཅིག་ཡོད)

གཞས་ཆུང་མ།(གསེར་རྟ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-11
ཨ་མ  དགུན་ཟླ་སླེབས་བྱུང
ཁྱོད་གྲང་ངམ
ཁ་བའི་འདབ་ལོ་ས་རུ་སིམ་སྐབས
ངས་ལག་པ་བསྲིངས་ནས་ཁྱོད་ལ་དྲོད་སློང་འདོད

ཨ་མ སྐྱ་ཟད་སྔོ་སྡུག་གི་དུས་འདིར
ང་ཡི་མིག་ཟུང་འཁྱགས་པས་བསྡམས་ཀྱང
ལྷ་སའི་ཕོ་བྲང་འབྲི་མཁན་ཁྱོད་ཡིན་པ་ཤེས་འོང

ཨ་མ  ཕ་ཡུལ་གྱི་ཉི་འོད་ཀློང་ནས
ཁྱོད་ཀྱིས་གེ་སར་དང་འབྲུག་མོའི་ངོ་ཤེས་སོང་ངམ
ངོ་ཤེས་འདུག   དེ་མིན་ན་ཁྱོད་ཀྱིས་ང་ལ་གླིང་སྒྲུང་འཆད་མི་སྲིད

ཨ་མ   ཁྱོད་ཀྱིས་བཤད་པའི་གླིང་སྒྲུང་རེ་རེའི་གོང་ཁ་ནས
ང་བྱེའུ་བཞིན་ཉལ་མྱོང་ལ   དགོད་མྱོང
དེ་དུས་ཁྱོད་ཀྱི་ཞལ་རས་པདྨ་ལྟར་མཛེས

ཨ་མ  ང་ཡི་ནང་སེམས་ཀྱི་ལོ་ཟླ་ཇེ་འཁྱག་ཡིན་དོན
ཁྱོད་རང་དེ་ལྟར་ཅི་ཡིན་མེད་པར
ང་ཚོའི་ཆེད་དུ་རྒས་སོང་བས་ལོས་ཡིན

ཨ་མ   ཁྱོད་ཀྱི་བུ་མོ་སྟེ
ང་ནི་རྒྱང་རང་གི་དྲན་པ་ཁུར་བའི་ཁྲུང་ཁྲུང་ཞིག
དྲན་པའི་ཡིག་འབྲུ་འདི་ཁུར་ཏེ་ང་རང་ཕ་རོལ་ཏུ་འགྲོ་དགོས

ཨ་མ   མཚན་མོ་རེ་རེར
ངས  ཁྱོད་རང་རྨི་ལམ་ནས་སྒུག་མྱོང་ལ
ད་དུང་སྟོང་བསམ་འདིའི་ཤུགས་ནས་ང་ལ་སྒྲུང་གཏམ་ཞིག་འཆད་པར་སྒུག་མྱོང
                  ༢༠༢༡.༡༡.༢

འབྲོང་མོ།

སྤུ་ཁ་རུ་འདྲིས་པའི་འོ་ཆུ་དེ
སེང་གེའི་མིག་གོང་ལས་འཕྱུར་བའི་ང་རྒྱལ་ཡིན

རྭ་རྩེ་རུ་སྦས་པའི་གྲིབ་གཟུགས་དེ
འབྲོང་རྒན་གྱིས་བསྐྱུར་བའི་སྡུག་ཡུས་ཀྱི་མཆི་མ་ཡིན

འབྲོང་མོ   འབྲོང་མོ
རྩྭ་ཐང་ནས་རླུང་ནག་འཚུབ་དུས་ཁྱོད་རང་དངངས་འོང་ངམ
              ༢༠༢༡.༩.༡༨

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་མ།(ཞར་བཀོད་གཅིག་ཡོད)

2021-11-11 གཞས་ཆུང་མ།(གསེར་རྟ) ཀློག་གྲངས། མཆན ཡོད།
ཨ་མ  དགུན་ཟླ་སླེབས་བྱུང
ཁྱོད་གྲང་ངམ
ཁ་བའི་འདབ་ལོ་ས་རུ་སིམ་སྐབས
ངས་ལག་པ་བསྲིངས་ནས་ཁྱོད་ལ་དྲོད་སློང་འདོད

ཨ་མ སྐྱ་ཟད་སྔོ་སྡུག་གི་དུས་འདིར
ང་ཡི་མིག་ཟུང་འཁྱགས་པས་བསྡམས་ཀྱང
ལྷ་སའི་ཕོ་བྲང་འབྲི་མཁན་ཁྱོད་ཡིན་པ་ཤེས་འོང

ཨ་མ  ཕ་ཡུལ་གྱི་ཉི་འོད་ཀློང་ནས
ཁྱོད་ཀྱིས་གེ་སར་དང་འབྲུག་མོའི་ངོ་ཤེས་སོང་ངམ
ངོ་ཤེས་འདུག   དེ་མིན་ན་ཁྱོད་ཀྱིས་ང་ལ་གླིང་སྒྲུང་འཆད་མི་སྲིད

ཨ་མ   ཁྱོད་ཀྱིས་བཤད་པའི་གླིང་སྒྲུང་རེ་རེའི་གོང་ཁ་ནས
ང་བྱེའུ་བཞིན་ཉལ་མྱོང་ལ   དགོད་མྱོང
དེ་དུས་ཁྱོད་ཀྱི་ཞལ་རས་པདྨ་ལྟར་མཛེས

ཨ་མ  ང་ཡི་ནང་སེམས་ཀྱི་ལོ་ཟླ་ཇེ་འཁྱག་ཡིན་དོན
ཁྱོད་རང་དེ་ལྟར་ཅི་ཡིན་མེད་པར
ང་ཚོའི་ཆེད་དུ་རྒས་སོང་བས་ལོས་ཡིན

ཨ་མ   ཁྱོད་ཀྱི་བུ་མོ་སྟེ
ང་ནི་རྒྱང་རང་གི་དྲན་པ་ཁུར་བའི་ཁྲུང་ཁྲུང་ཞིག
དྲན་པའི་ཡིག་འབྲུ་འདི་ཁུར་ཏེ་ང་རང་ཕ་རོལ་ཏུ་འགྲོ་དགོས

ཨ་མ   མཚན་མོ་རེ་རེར
ངས  ཁྱོད་རང་རྨི་ལམ་ནས་སྒུག་མྱོང་ལ
ད་དུང་སྟོང་བསམ་འདིའི་ཤུགས་ནས་ང་ལ་སྒྲུང་གཏམ་ཞིག་འཆད་པར་སྒུག་མྱོང
                  ༢༠༢༡.༡༡.༢

འབྲོང་མོ།

སྤུ་ཁ་རུ་འདྲིས་པའི་འོ་ཆུ་དེ
སེང་གེའི་མིག་གོང་ལས་འཕྱུར་བའི་ང་རྒྱལ་ཡིན

རྭ་རྩེ་རུ་སྦས་པའི་གྲིབ་གཟུགས་དེ
འབྲོང་རྒན་གྱིས་བསྐྱུར་བའི་སྡུག་ཡུས་ཀྱི་མཆི་མ་ཡིན

འབྲོང་མོ   འབྲོང་མོ
རྩྭ་ཐང་ནས་རླུང་ནག་འཚུབ་དུས་ཁྱོད་རང་དངངས་འོང་ངམ
              ༢༠༢༡.༩.༡༨

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།