ཁེར་རྐྱང་།(ཞར་བཀོད་གཅིག་ཡོད)

འབྲོག་ཀློའུ་སྒྲོལ་རྡོ།(ཀླུ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-15
དྲན་ཤེས་སུ་ཉར་བའི་ལོ་ཟླ་དག
ད་ནི་བརྗེད་ངེས་ཀྱིས་གཡུང་ལ་ཕབས་ཚར

ངོ་ཤེས་ཚོའི་བར་གྱི་མཛའ་གཅུགས
རྒྱང་ནས་རྒྱང་ལ་འཇགས

གྲོགས་པོ་ཚོ་ཡུལ་ལ་ལོག་པས
སླར་མཇལ་ཞེས་པའི་སྐད་ཆ་ལམ་ནས་འགག

མི་ཚོགས་མང་པོའི་སྨྱོ་ཧམ་གྱི་གཞི་རུ
རྡོ་གཅལ་དུ་འགྲེང་ནས་ཏབ་ཅིག་ལ་ལུས

ལུས་པོ་ཞེས་པའི་མགྲོན་ཁང་འདི
སང་ཉིན་ལྟ་བུའི་སྣོད་ཅ་སྟོང་བས་གྲུབ

མཚན་མོ་སྔར་ལྟར་སླེབས་བྱུང
ང་རང་ཁུ་སིམ་མེར་གྱུར

ཁང་མིག་གི་གྲུ་ག་ཞིག་ནས་རང་ལུས་ལ་དོགས་ཞོར
གཅིག་པུར་བསྡད་དེ་སྙན་ངག་ཅིག་བྲིས
          ༢༠༢༡།༡༠།༡༧ཉིན་ལ།

སུན་སྣང་།

ཟླ་བཅུ་བ་འདི་ངག་འཆལ་ལྡབ་ལྡིབ་དང
ཨ་ཐང་ཆད་རྗེས་ཀྱི་རྣམ་རིག་ཉབ་ཉོབ་ཀྱིས་བསྐྱལ

འདས་པའི་བྱིས་བློའི་ན་ཚོད་ནང་གི་མེ་ལོང
འབྱིད་ཙམ་འབྱིད་ཙམ་བྱས་ཀྱང
འཇིག་རྟེན་གྱི་ཁ་དོག་ཇེ་བཙོག་ནས་ཇེ་བཙོག

གློ་བུར་གློ་བུར་དུ་སྨྲ་བ་ཇེ་ཉུང་དུ་གྱུར་ནས
ང་རང་མི་དར་མ་ཞིག་ཏུ་གྱུར
རྒྱགས་པའི་གཏམ་གྱིས་བརྣངས་པའི
ཁོག་པའི་ནང་གི་སྨུག་པ་དག
ཡིད་ཡུལ་གྱི་འབྱམས་ཀླས་སར་བཅུག་སྟེ
འགྲེལ་བཤད་ཀྱི་འུར་ཟིང་དང་འབྲེལ་བ་མེད་པར་གྱུར

བརྗེད་ངེས་ཀྱིས་དལ་བུར་སུབ་ཀྱིན་པའི་སྟོན་མཇུག་འདི
དབུགས་དབྱུང་ལྟ་བུའི་ཁངས་ཆར་དང
སང་ཉིན་ལྟ་བུའི་སྣོད་ཅ་སྟོང་བ
ད་དུང་ལམ་གྱི་ཉོབ་དུབ་དང་གཉིད་ཀྱི་དྲེག་པ
རྐང་བ་ཁྲོག་ཁྲོག་གི་རྡོག་སྒྲ་གྲངས་མེད་ཀྱིས་བསྐྱལ
                    ༢༠༢༡།༡༠།༠༩ཉིན་ལ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁེར་རྐྱང་།(ཞར་བཀོད་གཅིག་ཡོད)

2021-11-15 འབྲོག་ཀློའུ་སྒྲོལ་རྡོ།(ཀླུ་ཆུ) ཀློག་གྲངས། མཆན ཡོད།
དྲན་ཤེས་སུ་ཉར་བའི་ལོ་ཟླ་དག
ད་ནི་བརྗེད་ངེས་ཀྱིས་གཡུང་ལ་ཕབས་ཚར

ངོ་ཤེས་ཚོའི་བར་གྱི་མཛའ་གཅུགས
རྒྱང་ནས་རྒྱང་ལ་འཇགས

གྲོགས་པོ་ཚོ་ཡུལ་ལ་ལོག་པས
སླར་མཇལ་ཞེས་པའི་སྐད་ཆ་ལམ་ནས་འགག

མི་ཚོགས་མང་པོའི་སྨྱོ་ཧམ་གྱི་གཞི་རུ
རྡོ་གཅལ་དུ་འགྲེང་ནས་ཏབ་ཅིག་ལ་ལུས

ལུས་པོ་ཞེས་པའི་མགྲོན་ཁང་འདི
སང་ཉིན་ལྟ་བུའི་སྣོད་ཅ་སྟོང་བས་གྲུབ

མཚན་མོ་སྔར་ལྟར་སླེབས་བྱུང
ང་རང་ཁུ་སིམ་མེར་གྱུར

ཁང་མིག་གི་གྲུ་ག་ཞིག་ནས་རང་ལུས་ལ་དོགས་ཞོར
གཅིག་པུར་བསྡད་དེ་སྙན་ངག་ཅིག་བྲིས
          ༢༠༢༡།༡༠།༡༧ཉིན་ལ།

སུན་སྣང་།

ཟླ་བཅུ་བ་འདི་ངག་འཆལ་ལྡབ་ལྡིབ་དང
ཨ་ཐང་ཆད་རྗེས་ཀྱི་རྣམ་རིག་ཉབ་ཉོབ་ཀྱིས་བསྐྱལ

འདས་པའི་བྱིས་བློའི་ན་ཚོད་ནང་གི་མེ་ལོང
འབྱིད་ཙམ་འབྱིད་ཙམ་བྱས་ཀྱང
འཇིག་རྟེན་གྱི་ཁ་དོག་ཇེ་བཙོག་ནས་ཇེ་བཙོག

གློ་བུར་གློ་བུར་དུ་སྨྲ་བ་ཇེ་ཉུང་དུ་གྱུར་ནས
ང་རང་མི་དར་མ་ཞིག་ཏུ་གྱུར
རྒྱགས་པའི་གཏམ་གྱིས་བརྣངས་པའི
ཁོག་པའི་ནང་གི་སྨུག་པ་དག
ཡིད་ཡུལ་གྱི་འབྱམས་ཀླས་སར་བཅུག་སྟེ
འགྲེལ་བཤད་ཀྱི་འུར་ཟིང་དང་འབྲེལ་བ་མེད་པར་གྱུར

བརྗེད་ངེས་ཀྱིས་དལ་བུར་སུབ་ཀྱིན་པའི་སྟོན་མཇུག་འདི
དབུགས་དབྱུང་ལྟ་བུའི་ཁངས་ཆར་དང
སང་ཉིན་ལྟ་བུའི་སྣོད་ཅ་སྟོང་བ
ད་དུང་ལམ་གྱི་ཉོབ་དུབ་དང་གཉིད་ཀྱི་དྲེག་པ
རྐང་བ་ཁྲོག་ཁྲོག་གི་རྡོག་སྒྲ་གྲངས་མེད་ཀྱིས་བསྐྱལ
                    ༢༠༢༡།༡༠།༠༩ཉིན་ལ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།