ཞྭ་ནག་པ་ཁྱོ་ཤུག་གི་སྙན་ངག

ཞྭ་ནག་པ།(གསེར་རྟ)དང་ལྷ་ལྕམ།(འཛམ་ཐང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-18

  སྙིང་པོ་འཚོལ་བ།
 
                                                                                             ཞྭ་ནག་པ།

འཁྱག་དྲགས་པའི་ཁ་བའི་ངོས་སུ་ཁྱོད་རང་མི་འདུག
ལག་པའི་རེག་ཐུབ་ཚོད་ཅིག་ནའང་ཁྱོད་རང་མི་འདུག
བཙལ་བཙལ་བའི་མཐའ་མར
ཁྱོད་རང་ངའི་ནང་སེམས་སུ་འདྲེས་འདུག

ཁྱོད་རང་ཧ་ཅང་འཁྱག་པའི་ཉི་འོད་དང་འབྲེལ་བ་མེད
ཁྱོད་རང་རི་རྩེའི་སྤྲིན་དཀར་དང་འབྲེལ་བ་མེད
ཁྱོད་རང་ངའི་གློ་ཁུག་ནང་གི་དངུལ་ལོ་དང་འབྲེལ་བ་མེད
ཁྱོད་རང  ཁྱོད་རང ངའི་སྙན་ངག་ཁྲོད་ཀྱི་སྲོག་དང་ཐ་སྙད་ལ་འབྲེལ་བ་འདུག་ཨང
                           ༢༠༢༡-༡༡-༡ཉིན།

རྨི་ལམ་ཉུལ་བའི་ཁྱོད།

                                                                                                    ལྷ་ལྕམ།

ངའི་རྨི་ལམ་དུ་ནམ་རྒྱུན་ཁྱོད་རང་རྨིས
རྨིས་རྨིས་པའི་མཐར
ངས་རང་ཉིད་ཀྱང་རྨི་ལམ་ལ་སྦྱིན

རབ་རིབ་མག་མོག་གི་རྨི་ལམ་རེ་རེ
ཁྱོད་དང་འབྲེལ་དོན
ངའི་ཡོད་ཚད་ཁྱོད་ལ་དབང་བས་ཡིན

གཅེས་ཕྲུག
ཉིན་འདི་དག་གི་དྲན་པ
ཐ་སྙད་ཀྱིས་མཚོན་ཐབས་མི་འདུག
        ༢༠༢༡/༡༡/༨/ཉིན
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཞྭ་ནག་པ་ཁྱོ་ཤུག་གི་སྙན་ངག

2021-11-18 ཞྭ་ནག་པ།(གསེར་རྟ)དང་ལྷ་ལྕམ།(འཛམ་ཐང) ཀློག་གྲངས། མཆན ཡོད།

  སྙིང་པོ་འཚོལ་བ།
 
                                                                                             ཞྭ་ནག་པ།

འཁྱག་དྲགས་པའི་ཁ་བའི་ངོས་སུ་ཁྱོད་རང་མི་འདུག
ལག་པའི་རེག་ཐུབ་ཚོད་ཅིག་ནའང་ཁྱོད་རང་མི་འདུག
བཙལ་བཙལ་བའི་མཐའ་མར
ཁྱོད་རང་ངའི་ནང་སེམས་སུ་འདྲེས་འདུག

ཁྱོད་རང་ཧ་ཅང་འཁྱག་པའི་ཉི་འོད་དང་འབྲེལ་བ་མེད
ཁྱོད་རང་རི་རྩེའི་སྤྲིན་དཀར་དང་འབྲེལ་བ་མེད
ཁྱོད་རང་ངའི་གློ་ཁུག་ནང་གི་དངུལ་ལོ་དང་འབྲེལ་བ་མེད
ཁྱོད་རང  ཁྱོད་རང ངའི་སྙན་ངག་ཁྲོད་ཀྱི་སྲོག་དང་ཐ་སྙད་ལ་འབྲེལ་བ་འདུག་ཨང
                           ༢༠༢༡-༡༡-༡ཉིན།

རྨི་ལམ་ཉུལ་བའི་ཁྱོད།

                                                                                                    ལྷ་ལྕམ།

ངའི་རྨི་ལམ་དུ་ནམ་རྒྱུན་ཁྱོད་རང་རྨིས
རྨིས་རྨིས་པའི་མཐར
ངས་རང་ཉིད་ཀྱང་རྨི་ལམ་ལ་སྦྱིན

རབ་རིབ་མག་མོག་གི་རྨི་ལམ་རེ་རེ
ཁྱོད་དང་འབྲེལ་དོན
ངའི་ཡོད་ཚད་ཁྱོད་ལ་དབང་བས་ཡིན

གཅེས་ཕྲུག
ཉིན་འདི་དག་གི་དྲན་པ
ཐ་སྙད་ཀྱིས་མཚོན་ཐབས་མི་འདུག
        ༢༠༢༡/༡༡/༨/ཉིན
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།