སེ་ལན་ན།

གངས་ཚ་འཇོམས།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-21

ས་རུབ་དུས
ངའི་མིག་ལམ་དུ
ཁྱེད་ཀྱི་བྱ་བྱེད་དང་རྣམ་འགྱུར་དག་འཆར་འོང
སྐད་ཆས་མཚོན་མི་ཐུབ་པ་ང་ཁྱོད་ལ་དགའ་བ་མ་ཡིན་པར
ཕྱི་ཐག་དང་ཁྲེལ་གཞུང་གིས་བསྲུང་བའི་བརྩེ་བ་རེད

མཚན་མོ་སླེབས་བྱུང
ཁེར་རྐྱང་དུ་སྙན་ངག་གི་རྒྱལ་ཁམས་འགྲིམས
ངའི་སེམས་པའི་ནང་དུ་མི་ཞིག་གིས་མགོ་བོ་བརྙེས་ཏེ་བསྡད་འདུག
མུན་པའི་ཀློང་དུ་སྒམ་དཀྱེལ་ངང་ཨུ་ཚུགས་ཀྱིས་ཁོ་ལ
གླང་རྫི་དང་འཐག་མཁན་བུ་མོའི་གཏམ་རྒྱུད་བཤད

ད་ལྟའི་དུས་འདིར
ཕྱི་རོལ་ཀྱི་ནམ་ཟླ་ཇི་ལྟར་དྲོ་ན་ཡང
བྱ་ཁྱུ་རྒྱང་རིང་ལ་འཕུར་སོང་བས
ནང་སེམས་འདི་དགུན་ཁའི་ཆུ་བཞིན་འཁྱག

ད་ཚོད་ཅིག་ལ
ཁེར་རྐྱང་གི་སྣང་བ་འདི་ཡོལ་དུས
ང་ལ་རང་གི་གྲིབ་མས་འདུག་རོགས་བྱས་ཡོད
ནམ་རྒྱུན  མཚན་མོར་ཁུ་སིམ་མེར་ངས་ཁྱོད་ཀྱི་སྐད་སྒྲ་ཐོས་བྱུང

ཚོད་ཚོད་ལ
ས་རུབ་ནས་སྨག་ཇེ་ནག་ལ་སོང་དུས
མང་བོ་ཞིག་བསམ་མ་ཕོད་པར་མགོ་མལ་ཐུལ་གྱིས་བཏུམ
ཡིན་ནའང   ང་ལ་གཉིད་ཡེ་ནས་མི་འདུག
དཔེ་ཆ་བློར་གཤར་དུས་ཡར་ལང་ནས་བསྡད་ན་གཉིད་ལ་ཤོར་འགྲོ
རོགས་པ་འགའ་རེ་དང་མཉམ་དུ་གློག་བརྙན་ལ་ལྟ་དུས་ཀྱང་གཉིད་ལ་ཤོར་འགྲོ
འོན་ཀྱང  དོ་དགོང་གཉིད་དེ་དག་གང་དུ་བུད་སོང་ངམ
ང་ལ་གཉིད་ཡེ་ནས་མི་འདུག

ལག་པས་འཛིན་ཐབས་མེད་ཀྱང
སེམས་པ་ཉེ་སར་བཅར་དགོས་པའི་ཁྱོད
སྐབས་དུ་མར་ཐུགས་འཕྲད་ཨེ་ཡོད་བསམ་ནས
སྒུག་སྒུག་མཐར  ལན་འགར་ཡང་ངུ་དགོས་བྱུང

ཤིན་ཏུ་སྙི་བའི་ང་ཡི་ནང་སེམས་ལ
སྟོན་རླུང་ཤུར་ཤུར་གཡུག་དུས
གཅིག་པུར་སྒེའུ་འགྲམ་ནས་ཁྱོད་ཕྱོགས་སུ་འཁོར་ཏེ
གསོལ་འདེབས་དང་སྨོན་ལམ་གྲངས་མེད་ཅིག་བཏབ

ངས་རྒྱང་རིང་ཞིག་བསམ་ནས
མི་ལོ་ཕྱེད་ཀ་འདས་སོང
མི་ལོ་ཕྱེད་ཀ་དེའི་རིང་ལ       ཧ་ཅང་ཐག་ཉེ་ཞིག་ཏུ
མི་ཞིག་གི་གྲིབ་མ་བོར་སོང
སྐྱེ་བ་གཞུག་མར  ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ་སྐྱེ་བར་ཤོག

སེ་ལན་ན
ཁྱོད་ཀྱི་རྣམ་འགྱུར་དང་བྱད་གཟུགས་ཁོ་ལ་མ་དབང་བས
ད་ལྟ་ཁོ་རང་གྲོང་ཁྱེར་དང་ཁ་ཐག་རིང་སའི་ཕ་ཡུལ་ན་ཡོད
འགངས་ཆེ་བའི་མི་ཚེའི་སྙིང་བོའང
ག་ལེར  ཆོ་མེད་ཀྱི་ངང་དུ་འདས་ཏེ་ཤོར་ལ་ཉེ

༡༠
ལོ་མ་འཐོར་བའི་དུས་ཚིགས་འདིར
ལོ་མའི་མལ་གདན་བྱས་པའི་རྒྱང་རིང་གི་བུ་མོ་ཞིག
བདག་སེམས་ཀྱི་མཐིལ་དུ་ལྷུང་ཞིང
ཚིག་དང་ཐ་སྙད་ཀྱིས་བཞེངས་དུ་མེད་པའི་ཁོ་མོའི་བྱད་གཟུགས་ལ
ཡིད་ཀྱི་སྨོན་པ་དབང་མེད་དུ་ཤོར་ཏེ   མི་ཚེའི་རྨི་ལམ་དེ་ཡང་ཁོ་མོར་ཕུལ་དགོས་སྙམ།

༡༡
ཟླ་འོད་ཀྱི་ངོགས་ན
དྲན་གདུང་གི་རོལ་དབྱངས་དཀྲོལ་བའི
བདག་སེམས་ཀྱི་བརྩེ་བའི་ལྷ་མོ
སྐྱོ་བ་ལ་འཛད་མཐའ་མེད་པས
ཆང་ཕོར་ཡར་ཁྱོགས་དང་ང་ཡིས་ཁྱེད་ལ་གཞས་ཤིག་གཏོང

༡༢
སེ་ལན་ན
ཕ་ཡུལ་དུ་སྟོན་ཁ་ཚེས་བྱུང
འདང་ཞེན་ཀྱི་ཁུད་ན་བསྙལ་བའི་ཁྱོད་རང
སྟོན་ལོ་སེར་པོ་ཞིག་ལྟར་ང་ཡི་ཉེ་སར་བཞད་རོགས
ཕྱི་དྲོ་ཞིག་ལ་ཁྱོད་ཁོ་ན་བསྒུག་སྟེ
དྲན་གདུང་གི་ཆར་ཞོད་འབབ་ལ་ཉེ
ད་ལྟ   ཡུལ་ལ་ལོག་འགྲོ

༡༣
སེ་ལན་ན
ཁ་པར་ཡོང་ཐེངས་རེར
ཁྱོད་ཀྱི་ཁ་པར་གཏོང་ནི་ཨེ་ཡིན་ན་བསམ
སྒོ་རྡུང་ཐེངས་རེར
ཁྱོད་ཐོན་བཏང་ནི་ཨེ་ཡིན་ན་བསམ
དེའི་ཕྱིར    ངས་ཁྱོད་ཁོ་ན་བསྒུག་སྟེ
ཐུག་འཕྲད་ཅིག་གི་ཆེད་དུ་སང་ཉིན་ལ་འཆར་གཞི་མེད

༡༤
ཁ་རོག་གེར་བསྡད་དེ
རྒྱང་རིང་གི་ཉི་ཟླའི་འཆར་ནུབ་ལ་བལྟས་ནས
མིག་ཆུ་དང་སྡུག་བསྔལ་ཁོག་ཏུ་སྦས
"གཏན་དུ་བརྗེད་ཐབས་མེད་པ་ཞིག
ཁེར་རྐྱང་གི་གྲོགས་སུ་གྱུར"

༡༥
སྟོན་མཇུག་འདིར
གཅིག་འཕྲོ་གཅིག་མཐུད་དེ་ཟམ་མི་ཆད་པར་དཔེ་ཆ་ཀློག་གིན
ངའི་ནང་སེམས་ཀྱི་རྒྱ་ཆེ་བར་བཏང་སོང
དུས་ཚོད་གང་ཡོད་ལ     ཡིད་ཚིམས་པའི་སྙན་ངག་ཅིག་ཨེ་འཁྱོངས་བལྟས

༡༦
དོ་དགོང
སྨག་ནག་པའི་ནམ་མཁར་སྐར་ཚོགས་ཀྱི་རྒྱན་སྤྲས་མེད་ལ
ཟླ་བའི་འོད་ཟེར་ཀྱང་མེད
ཡིན་ནའང   ཁྱོད་ཁོ་ན་བདག་སེམས་ཀྱི་གཏིང་རིམ་ན
ཐོ་རེངས་སྐར་ཆེན་བཞིན་གསལ་ལྷིང་ངེར་ཡོད

༡༧
དགུན་ཁ་སླེབས་ལ་ཉེ
གྲང་འཁྱག་གིས་སྡུག་བསྔལ་ལ་ཅི་ཙམ་བཏོད་ཀྱང
ང་ཡིས་དེ་ཙམ་དུ་བཟོད་བསྲན་བྱ་ནུས
རྒྱང་རིང་བའི་ཁྱོད་ཕྱོགས་སུ་བལྟས་ཏེ
ཞག་གཅིག་གི་མགྲོན་པོ་དེ་ཁྱོད་རང་ཡིན་ན་བསམ

༡༨
ཁྱོད་རང་གཏན་དུ་ཕྱིར་ལོག་པ་མེད་པས
ནང་སེམས་འདི   རྒྱང་རིང་གི་ཁྱོད་དང་ཉེ་བར་བཅར་ཅི་ཐུབ་བྱས
ངས་རང་གི་མིག་ཟུང་འདིས་ཁྱོད་ཉིད་ཁོ་ན་མཐོང་བས་ཆོག
སྐབས་དང་སྐབས་སུ
འཆི་བ་ཁོ་ན་མཐར་ཐུག་གི་དངོས་གྲུབ་ཉིད་དུ་སེམས

༡༩
ཡུལ་འདིར
ནམ་ཟླ་ཇེ་འཁྱག་ཏུ་སོང
དགུན་ཁ་སླེབས་ལ་ཉེ
ཕྱིར་མིག་མེད་པར     རྒྱང་ལ་བཞུད་སོང་བ་དེ་དག་གིས
སྐྱ་ཐིང་ཐིང་གི་ས་གཞི་ལ
རྣམ་དག་གི་བརྩེ་སེམས་ཀྱིས་གཏན་དུ་བདེ་མོ་འཇོག་ངེས

༢༠
སྐབས་རེར
སྐར་ཆ་གཅིག་ལའང    བྲལ་སོང་ན
ཧ་ཅང་དྲན་ནས
ལྐོག་ངུ་བྱེད་མྱོང་ཞིང
ལན་རེར
འགྲོ་བསམ་ན་བུད་སོང
གཏན་དུ་ཕྱིར་ཡོང་མེད་ས་ཞིག
ཁྱོད་མེད་ན་དགེ་བ་ཞིག་རེད
ཁྱོད་དྲན་ནས་མིག་ཆུ་གཏོང་བ་རང་ཉིད་ལ་
མནར་གཅོད་གཏོང་སྟངས་གཞན་ཞིག་རེད།

༢༡
ངས་ཕ་ཡུལ་ནས་བགྲེས་སོང་ཚོ་མཉམ་དུ
མ་ཎི་འཁོར་ཁང་གི་སྒོ་འགྲམ་ནས་ཉི་མར་ལྡེ་ཞོར
རྡོ་ཕ་བོང་ཞིག་ལ་བལྟས་ཏེ
མི་ཞིག་དྲན་མྱོང་བ་བརྗེད་དུ་མེད

༢༢
ཕྲག་པ་གཡས་གཡོན་ན་དཔྱངས་བའི
སེང་གེའི་གཡུ་རལ་ལྟར་རྫིག་པའི་གནག་ཅིང་སྣུམ་པའི་སྐྲ་ལོ
གདོང་ཁུད་ན་གཟར་བའི་མིག་ཤེལ
ཕྱི་ནང་དང་གཡོ་རྫུ་མེད་པར་བཤད་པའི་དྲང་གཏམ
ཨ་ཁ་ཁ   འདི་དག་འདི་དག་ངའི་དྲན་ཡུལ་ནས་ནམ་ཡང་གསུབ་ཏུ་མེད

༢༣
ཁོ་ནི་ངའི་གྲོགས་པོ་ཞིག་ཡིན
ཁོང་ནི་དུས་རབས་འདིའི་འུར་ཟིང་དང་འགྲན་རྩོད་ལས་བརྒལ་ཏེ
ཉི་མའི་འཕྲོར་ཉི་མ་མཐུད་དེ   ཁེར་རྐྱང་དུ་སྙན་ངག་བྲིས་ཏེ་བསྡད་ཡོད
ངས་ནི་《ང་ཁྱོད་ལ་དགའ་འོ》ཞེས་བརྗོད་ཀྱིན་ཡོད

༢༤
སེ་ལན་ན
འདི་ནི་ངས་ཁྱོད་ལ་འབོད་སྟངས་གཞན་ཞིག་ཡིན
ད་ལྟ་ང་ལ    ཁྱོད་རང་ལྟ་བུའི་བློས་ཐུབ་ཀྱི་གྲོགས་པོ་རེ་འགའ་ལས་མེད
དེ་བས    ཁྱོད་རང་ནད་མེད་པར་ཤོག     ཚེ་རིང་བར་ཤོག

༢༥
ངས་རང་ལ་ཐོབ་འོས་པའི་བདེ་སྐྱིད་ཡོད་ཚད
སྐབས་ཤིག་ནས་ཁྱོད་ལ་སྟེར་འདོད

༢༦
རྒྱང་རིང་ཁོ་ནར་བལྟས་ཏེ
ཐག་ཉེ་ཡི་དེ་དག་བསྐྱུར་བཞག
དེ་བས   སྐྱེ་བ་འདིར་ང་རང་ཁྱོད་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར
མིག་ཆུ་ཅི་ཙམ་བཏོན་ཀྱང་སྐྱེ་བ་འདིའི་ཐུག་འཕྲད
རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་ལྟར་རོ

༢༧
"ཆར་བ་ཅི་ཙམ་འབབ་ན་ལས་དབང་འདི་ཟློག་ཐུབ་བམ"
མིག་ཆུ་དང་གདུང་སེམས་ཀྱི་ཁུད་ན་ང་རང་ད་དུང་གསོན་ཡོད
འཆི་བ་དང་འབྲེལ་བའི་གཏམ་རྒྱུད་མང་དུ་ཐོས་འཕྲལ
བདེ་སྐྱིད་ནི་མིག་མདུན་གྱི་གཞིས་ཀ་དེ་རེད་སྙམ་ནས
ཁ་ཕྱོགས་རབ་རིབ་ཡིན་རུང
མདུན་ཕྱོགས་སུ་བསྐྱོད་པའི་གོམ་སྒྲ་འཇགས་མ་མྱོང

༢༨
སྟོན་མཇུག་གི་དུས་ཚིགས་འདིར
སྤྲིན་དང་སྤྲིན་པ་བསྣོལ་མཚམས་སུ
རླུང་བུ་གང་སར་རྒྱུ་དུས
འཁྱག་ཅིང་གྲང་བའི་སྙན་ངག་ཅིག་གིས
ལོག་ཕེབས་མེད་པའི་ཁྱོད་ལ་བདེ་མོ་འཇོག

༢༩
དྲན་འོས་པའི་མི
ཆེས་དྭངས་གཙང་གི་རྨི་ལམ་གྱི་ཞིང་ཁམས་ནས
ཁྱེད་རང་ཁོ་ན་ཞལ་མཇལ་ཐེངས་ཤིག་ཞུས་པས
ངས་རང་ཉིད་མི་ཡི་གར་འོང་པ་ཞིག་བྱས་ཡོད

༣༠
རི་སྒང་གི་ཞོལ་ནས
རྡུལ་འཚུབ་དང་ཉི་ཟེར་ལ་འགྲོགས་པའི
རྨིག་སྒྲ་ཐག་ཐག་གིས་འདུར་བའི་རྟ་ཁྱུ་ཞིག
ངའི་མིག་མདུན་ནས་རི་བོའི་ལྟག་རྒྱབ་ཏུ་ཡལ་སོང

༣༡
འཁྱག་ཤུར་ཤུར་གྱི་དགུན་ཟླ་ཚེས་དུས
དྲོད་འཇམ་གྱི་ལྭ་བ་ཞིག་སུས་ཁྱེར་ཡོང
གཅིག་པུར་རོལ་དབྱངས་ཤིག་ལ་མཉན་ནས
ངང་སྒུག་གི་ཕྱི་ཐག་ཡུན་གྱིས་བསྲིངས

༣༢
མཚན་མོར་སླེབས
མགོ་བོ་དགྱེ་ནས་ཕ་མཐའ་མེད་པའི་རྩྭ་ཐང་ལ་ཉན
ཟང་ཟིང་གིས་མ་བསླད་པའི་འབྲོག་ཐང་གི་འཚོ་བ
ཚེ་རབས་འདིའི་བདེ་སྐྱིད་ཉག་ཅིག
བདེ་སྐྱིད་དེ་གང་དུ་འཇོག

༣༣
འབྱམས་ཀླས་པའི་ཟླ་འོད་ཀྱི་ངོགས་ནས
ལོ་ཟླ་མང་པོའི་སྔོན་གྱི་གཏམ་རྒྱུད་དག
བཙལ་ཀྱང་རྙེད་དུ་མེད་པའི      ཁེར་རྐྱང་གི་གླིང་ཕྲན་ཏེ
འཁྱག་རོམ་གྱི་སྦུབས་སུ་སྦས་ནས་ཞེ་བདེ་མོའི་གཉིད་དུ་ཡུར

༣༤
རྒྱང་རིང་དུ་ཕྱིན་ནས་ཕྱིར་ལོག་མ་མྱོང་ཞིང
བྲེལ་དངངས་ཀྱི་འཚོ་བ་ལ་ཆག་འཇིག་བྱུང་དུས
སེམས་ངལ་ལ་འཛད་པ་མེད་ཀྱང
འགྱོད་སེམས་ནི་རྡུལ་ཙམ་ཡང་ཡོད་མི་སྲིད
     2021 . 11 . 11ཉིན་མགོ་ལོག་ཏུ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེ་ལན་ན།

2021-11-21 གངས་ཚ་འཇོམས།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།